རྭ་འཇིབ་ཀྱི་བཅོས་ཐབས།སྔ་མའི་པར་གཞི་དེ ཀླུKlu  ནས 2021-08-27 14:44ལ་འགྲུབ།

རྭ་འཇིབ་ཀྱི་བཅོས་ཐབས།

རྭ་འཇིབ་ཀྱི་བཅོས་ཐབས།
རྭ་འཇིབ་ཀྱི་བཅོས་ཐབས་ཟེར་བ་དེ་ནི་རྔབས་རྭས་འཐིབ་འཐེན་བྱེད་པའི་ཐབས་ཤེས་ལ་བརྟེན་ནས་དྲེག་གྲུམ་སོགས་ཀྱིས་ཡན་ལག་གི་རུས་ཚིགས་བར་ཆུ་སེར་འཁོར་ནས་སྐྲངས་པ་དང་། གཟེར་ཟུག་གཏོང་བ། ཡང་ན་བརྡབས་ཆག་རིགས་ཀྱིས་རུས་ཚིགས་འཆུས་པ་དང་། སྐྲངས་པ། ཆུ་སེར་འཁོར་བ། ན་ཟུག་གཏོང་བ་སོགས་ལ(མེ་བུམ་རྒྱག་མི་ཐུབ་པའི་སར)བེད་སྤྱོད་བྱས་ཏེ་ཁྲག་ངན་དང་ཆུ་སེར་འཐེན་པར་བརྟེན་ནས་གཟེར་ཟུག་གཅོག་ཐབས་བྱེད་པ་ཞིག་རེད།
གཞི་རྩའི་གནས་ཚུལ།

མིང་།
རྭ་འཇིབ་ཀྱི་བཅོས་ཐབས།
ཁོངས་གཏོགས།
བོད་ལུགས་གསོ་རིག
རིགས་དབྱེ།
དངོས་ལུགས་ཀྱི་གསོ་བཅོས།
1 ​ངོ་སྤྲོད།

རྭ་འཇིབ་ཀྱི་བཅོས་ཐབས་ཟེར་བ་དེ་ནི་རྔབས་རྭས་འཐིབ་འཐེན་བྱེད་པའི་ཐབས་ཤེས་ལ་བརྟེན་ནས་དྲེག་གྲུམ་སོགས་ཀྱིས་ཡན་ལག་གི་རུས་ཚིགས་བར་ཆུ་སེར་འཁོར་ནས་སྐྲངས་པ་དང་། གཟེར་ཟུག་གཏོང་བ། ཡང་ན་བརྡབས་ཆག་རིགས་ཀྱིས་རུས་ཚིགས་འཆུས་པ་དང་། སྐྲངས་པ། ཆུ་སེར་འཁོར་བ། ན་ཟུག་གཏོང་བ་སོགས་ལ(མེ་བུམ་རྒྱག་མི་ཐུབ་པའི་སར)བེད་སྤྱོད་བྱས་ཏེ་ཁྲག་ངན་དང་ཆུ་སེར་འཐེན་པར་བརྟེན་ནས་གཟེར་ཟུག་གཅོག་ཐབས་བྱེད་པ་ཞིག་རེད།

2 རྔབས་རྭའི་བཟོ་དབྱིབས།

བ་ལང་སོགས་ཀྱི་རྭ་ཅོ་དཀར་ལ་འཇམ་ཞིང་དྭངས་པ་ཞིག་འདེམས་གསེས་བྱས་ཏེ་དེའི་རྩེ་མོ་ནས་དཔངས་སུ་སོར་ལྔ་དང་། ཁ་ཞེང་སོར་དོ་ནས་གསུམ་བར་བྱས་པ་ཞིག་དྲས་ཐོག་ཁ་འཇམ་ལ་རྩེ་མོར་བུ་ག་ཆུང་ཆུང་ཡོད་པ་ཞིག་བཟོ་དགོས།

3 རྭ་འཇིབ་རྒྱག་སྟངས།

རྭ་འཇིབ་མ་བརྒྱབ་གོང་རྒྱག་སའི་ནད་དམིགས་བདམས་ནས་གཏན་འཁེལ་བྱེད་རྒྱུ་དང་། གནས་དེ་བཀྲུས་ནས་དུག་སེལ་བྱས་རྗེས་རློན་པ་བཟོས་ཐོག་དེའི་སྟེང་རྭ་བཙུགས་ལ་རྭ་རྩེ་དེར་འགྱིག་སྦུབས་བསྐོན་ནས་ཁབ་མདོང་གིས་རླུང་འཐེན་ཏེ་རྭའི་ནང་སྐྱི་པགས་འཇིབ་ཐུབ་མཚམས་འགྱིག་སྦུབས་ཀྱི་ཁ་དེ་སྐམ་ཆུང་གིས་བསྡམ་དགོས་ཀྱི་རེད། སྤྱིར་བཏང་དུས་ཚོད་སྐར་མ་བཅོ་ལྔ་ནས་སུམ་ཅུ་ཙམ་སོང་རྗེས་རྭ་དེ་བཀོག་ནས་རྭ་ཤུལ་དུ་ཁྲག་ངན་དང་ཆུ་སེར་བསྡུས་པ་རྣམས་གཙགས་བུས་ཁ་ཆུང་མང་པོ་གཤགས་ཏེ་སླར་ཡང་རྔབས་རྭས་འཇིབ་འཐེན་བྱེད་དགོས་ཀྱི་རེད།

4 དོ་སྣང་བྱེད་དགོས་པ།

རྨ་འབྲས་དང་གཉན་སྐྲངས། རྨ་གསར་པ། ཚ་བ་ཤས་ཆེ་བའི་རིགས་ལ་རྭ་འཇིབ་རྒྱག་མི་ཉན་པ་དང་། རྭ་འཇིབ་བརྒྱབ་ཤུལ་དེར་རྨ་ཆགས་ན་རྨ་བཅོས་ཞིབ་ཚགས་བྱེད་དགོས་ཀྱི་རེད།


བརྡ་འགྲེལ་གདོང་འཛར།

རྭ་འཇིབ། རྔབས་རྭ། གཙགས་བུ། ཆུ་སེར།