ཨའོ་སའེ།སྔ་མའི་པར་གཞི་དེ ཀླུKlu  ནས 2021-08-26 09:33ལ་འགྲུབ།

ཨའོ་སའེ།

ཨའོ་སའེ།
ཁོང་ནི་སྤྱི་ལོ1887ལོའི་ཟླ4བའི་ཚེས10ཉིན་ཨ་ཀེན་ཐིན་གྱི་པུའུ་དབྱི་ནུའོ་སི་ཨའེ་ལི་སིར་འཁྲུངས་ཤིང་། ཁོང་གིས་ཀླད་པའི་འོག་གི་འཕྱངས་གཟུགས་ཀྱི་མདུན་འདབ་སྐུལ་རྩི་ཡི་མངར་ཆའི་བརྗེ་ཚབ་ཁྲོད་ཀྱི་ཆ་ཤས་ཀྱི་ནུས་པ་གསར་རྟོགས་བྱུང་པར་བརྟེན་སྤྱི་ལོ1947ལོར་ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའ་ཐོབ། སྤྱི་ལོ1971ལོའི་ཟླ9བའི་ཚེས21ཉིན་སྐུ་གཤེགས་།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
贝尔纳多·阿尔韦托·奥赛
ཕྱི་ཡིག་གི་མིང་།
Bernardo Alberto Houssay
མཚན་ཧྲིལ་པོ།
པེ་ཨེར་ནཱ་ཏུའོ·ཨ་ཨེར་ཝེ་ཐུའོ·ཨའོ་སའེ།
རྒྱལ་ཁབ།
ཨ་ཀེན་ཐིན།
འཁྲུངས་ཡུལ།
ཨ་ཀེན་ཐིན་གྱི་པུའུ་དབྱི་ནུའོ་སི་ཨའེ་ལི་སི།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1887.4.10-1971.9.21)
མཐར་ཕྱིན་སློབ་གྲྭ།
པུའུ་དབྱི་ནུའོ་སི་ཨེ་ལི་སི་སློབ་ཆེན།
བསླབ་གནས།
འབུམ་རམས་པ།
ལས་རིགས།
སྨན་པ།
གྲུབ་འབྲས་གཙོ་བོ།
སྤྱི་ལོ1947ལོར་ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའ་ཐོབ།
1 ​མི་ཚེའི་བརྒྱུད་རིམ།

པེ་ཨེར་ནཱ་ཏུའོ·ཨ་ཨེར་ཝེ་ཐུའོ·ཨའོ་སའེ་ནི་སྤྱི་ལོ1887ལོའི་ཟླ4བའི་ཚེས10ཉིན་ཨ་ཀེན་ཐིན་གྱི་པུའུ་དབྱི་ནུའོ་སི་ཨའེ་ལི་སིར་འཁྲུངས། དགུང་ལོ14སྟེང་པུའུ་དབྱི་ནུའོ་སི་ཨེ་ལི་སི་སློབ་ཆེན་གྱི་སྨན་རྫས་རིག་པའི་པུའུ་རུ་ཞུགས། སྤྱི་ལོ1904ལོར་སློབ་མཐར་ཕྱིན་ནས་སློབ་ཆེན་དེར་རམ་འདེགས་དགེ་རྒན་གནང་།

སྤྱི་ལོ1910ལོར་པུའུ་དབྱི་ནུའོ་སི་ཨེ་ལི་སི་སློབ་ཆེན་གྱི་ཕྱུགས་སྨན་པུའུ་ཡི་ལུས་ཁམས་རིག་པའི་དགེ་རྒན་ཆེན་མོའི་འགན་བཞེས་ཤིང་། དུས་མཚུངས་སུ་སྨན་ཁང་གི་སྨན་པའི་འགན་གཅིག་ལྕོགས་སུ་ཁུར། སྤྱི་ལོ1911ལོར་གསོ་རིག་འབུམ་རམས་པའི་བསླབ་གནས་ཐོབ།

སྤྱི་ལོ1913ལོར་ཨ་པེ་ཡཱ་སྨན་ཁང་གི་སྨན་པ་དཀའ་བཅུ་བའི་འགན་ཁུར་བ་དང་། སྤྱི་ལོ1915ལོ་ནས་སྤྱི་ལོ1919ལོའི་བར་རྒྱལ་བཙུགས་སྐྱེ་དངོས་ཕྲ་རབ་ཞིབ་འཇུག་ཁང་གི་འཕྲོད་བསྟེན་རིག་པའི་པུའུ་ཡི་པུའུ་ཀྲང་གི་འགན་བཞེས། 

སྤྱི་ལོ1919ལོར་ཨ་ཀེན་ཐིན་གྱི་པུའུ་དབྱི་ནུའོ་སི་ཨའེ་ལི་སི་སློབ་ཆེན་གྱི་གསོ་རིག་པུའུ་རུ་ལོག་ནས་ལུས་ཁམས་རིག་པའི་དགེ་རྒན་ཆེན་མོ་དང་ལུས་ཁམས་ཞིབ་འཇུག་ཁང་གི་འགོ་འཛིན་གྱི་འགན་གཅིག་ལྕོགས་སུ་བཞེས།

སྤྱི་ལོ1943ལོར་དམག་དོན་སྒེར་གཅོད་སྲིད་དབང་ལ་ངོ་རྒོལ་བྱས་པས་དགེ་རྒན་གྱི་ལས་གནས་ནས་ཚོད་ལྟ་སྐྱེ་དངོས་རིག་པའི་ཞིབ་འཇུག་ཁང་གི་འགོ་འཛིན་དུ་ལས་གནས་ཕབ་སྟེ་ལོ་ངོ12རིང་ལ་དེ་རུ་ཕྱག་ལས་གནང་།

ཁོང་གིས་ཀླད་པའི་འོག་གི་འཕྱངས་གཟུགས་ཀྱི་མདུན་འདབ་སྐུལ་རྩི་ཡི་མངར་ཆའི་བརྗེ་ཚབ་ཁྲོད་ཀྱི་ཆ་ཤས་ཀྱི་ནུས་པ་གསར་རྟོགས་བྱུང་པར་བརྟེན་སྤྱི་ལོ1947ལོར་ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའ་ཐོབ།

སྤྱི་ལོ1955ལོར་ཁོང་སླར་ཡང་པུའུ་དབྱི་ནུའོ་སི་ཨེ་ལི་སི་སློབ་ཆེན་དུ་དགེ་རྒན་གྱི་ཕྱག་ལས་གནང་བར་ཕེབས། ཁོང་གིས་བཞག་པའི་བྱས་རྗེས་ཀྱི་དབང་གིས་འཛམ་གླིང་གི་ས་ཆ་སོ་སོའི་སློབ་ཆེན25ཡིས་ཁོང་ལ་མཚན་འཛིན་བསླབ་གནས་གནང་པ་དང་། སློབ་ཆེན15ཡི་མཚན་འཛིན་དགེ་རྒན་ཆེན་མོ་དང་རྒྱལ་ཁབ་ཕྱི་ནང་གི་སློབ་ཚོགས་མང་པོའི་ཚོགས་མིའམ་མཚན་འཛིན་ཚོགས་མིར་གྱུར། སྤྱི་ལོ1971ལོའི་ཟླ9པའི་ཚེས21ཉིན་སྐུ་གཤེགས་ཤིང་སྐུ་གཤེགས་དུས་དགུང་ལོ84ལ་སླེབས་ཡོད།

2 གཟི་བརྗིད་མཚན་སྙན།

པེ་ཨེར་ནཱ་ཏུའོ·ཨ་ཨེར་ཝེ་ཐུའོ·ཨའོ་སའེ་ཡིས་མི་ཚེ་གང་བོར་གསང་རྒྱུད་གཤེར་རྨེན་ལ་ཞིབ་འཇུག་བྱས་པ་དང་། དེའི་ནང་ནས་ཀྱང་ཀླད་པའི་འོག་གི་འཕྱངས་གཟུགས་ཀྱི་ཞིབ་འཇུག་ལས་ཀའི་ཐད་ཀྱི་བྱས་རྗེས་ཆེས་ཆེ་བ་ཡིན། ཁོང་གིས་དཔྱད་རྩོམ500ལས་བརྒལ་བ་སྤེལ་ཡོད་ལ། ཁོ་རང་ལོ་ན་གཞོན་དུས་སུ་སྔ་རྗེས་སུ་ཀླད་པའི་འཕྱང་གཟུགས་འདྲེག་གཅོད་དམ་འཕྱངས་གཟུགས་ཀྱི་མདུན་འདབ་ལས་དྲངས་པའི་དངོས་པོའི་ཁབ་བརྒྱབ་པ་ལས་བྱུང་བའི་གཅིན་སྙི་ཟ་ཁུའི་ནད་དང་གཤེར་མའི་ཕུང་རྩ་ལ་ཐེབས་པའི་ཤུགས་རྐྱེན་ལ་ཞིབ་འཇུག་བྱས་ཏེ། མཇུག་མཐར་འཕྱངས་གཟུགས་ཀྱི་མདུན་འདབ་སྐུལ་རྩི་དང་མངར་ཆའི་བརྗེ་ཚབ་ཀྱི་འབྲེལ་བ་གསལ་རྟོགས་བྱུང་བ་དང་། གྲུབ་འབྲས་འདི་ལ་བརྟེན་ནས་སྤྱི་ལོ1947ལོར་ཁོང་ལ་ཨ་རིའི་སྐྱེ་དངོས་རྫས་འགྱུར་རིག་པ་བ་ཁུ་ལི་ཁྱོ་ཤུག་དང་མཉམ་དུ་ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའ་ཐོབ།

ཁོང་ལ་དེ་མིན་ད་དུང་པུའུ་དབྱི་ནུའོ་སི་ཨེ་ལི་སིའི་རྒྱལ་བཙུགས་རང་བྱུང་ཚན་རིག་མཐུན་ཚོགས་ཀྱི་བྱ་དགའ་དང་ལུན་ཏུན་གྱི་ནང་ཟགས་གཤེར་རྨེན་རིག་གཞུང་ཚོགས་པའི་གཟེངས་རྟགས་ཐོབ་ཡོད་པ་དང་། ཨ་ཀེན་ཐིན་སྲིད་གཞུང་གིས་ཁོང་ལ་ས་ཞིང་སྤྲད་དེ་ཁོང་གི་མཛད་རྗེས་ལ་གཟེངས་བསྟོད་བྱས་པ་རེད།


དཔྱད་གཞིའི་ཡིག་ཆ།