ཁུ་ལི།སྔ་མའི་པར་གཞི་དེ ཀླུKlu  ནས 2021-08-27 14:44ལ་འགྲུབ།

ཁུ་ལི།

ཁུ་ལི།
ཁོ་མོ་ནི་སྤྱི་ལོ1896ལོའི་ཟླ8པའི་ཚེས15ཉིན་སྐུ་འཁྲུངས་ཤིང་། ཨ་མེ་རི་ཁའི་སྐྱེ་དངོས་རིག་པ་བ་ཞིག་ཡིན། སྤྱི་ལོ1947ལོར་ཁོ་མོ་དང་ཁྱོ་ག་ཁཱ་ཨེར·ཧྥེ་ཏི་ནན·ཁུ་ལི། ཨ་ཀེན་ཐིན་གྱི་སྨན་པ་པེ་ཨེར་ནཱ་ཏུའོ·ཨའོ་སའེ་བཅས་ཀྱིས་མཉམ་དུ་མངར་ཆའི་བརྗེ་ཚབ་ཁྲོད་ཀྱི་རྩབས་སྐུལ་འགྱུར་འབྱུང་ཤེས་རྟོགས་བྱུང་བས་ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའ་ཐོབ། སྤྱི་ལོ1957ལོའི་ཟླ10བའི་ཚེས26ཉིན་སྐུ་གཤེགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
格蒂·特蕾沙·科里
ཕྱི་ཡིག་གི་མིང་།
Gerty Theresa Cori
མཚན་ཧྲིལ་པོ།
ཀུ་ཏི·ཐུ་ལེ་ཧྲ·ཁུ་ལི།
རྒྱལ་ཁབ།
ཨ་རི།
འཁྲུངས་ཡུལ།
པུའུ་ལཱ་ཀུ།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1896.8.15-1957.10.26)
མཐར་ཕྱིན་སློབ་གྲྭ།
པུའུ་ལཱ་ཀུ་ཁྲ་ལི་སློབ་ཆེན།
གྲུབ་འབྲས་གཙོ་བོ།
སྤྱི་ལོ1947ལོར་ཁོ་མོ་དང་ཁྱོ་ག་ཁཱ་ཨེར·ཧྥེ་ཏི་ནན·ཁུ་ལི། ཨ་ཀེན་ཐིན་གྱི་སྨན་པ་པེ་ཨེར་ནཱ་ཏུའོ·ཨའོ་སའེ་བཅས་ཀྱིས་མཉམ་དུ་མངར་ཆའི་བརྗེ་ཚབ་ཁྲོད་ཀྱི་རྩབས་སྐུལ་འགྱུར་འབྱུང་ཤེས་རྟོགས་བྱུང་བས་ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའ་ཐོབ།
1 ངོ་སྤྲོད།

ཀུ་ཏི·ཐུ་ལེ་ཧྲ·ཁུ་ལི་ནི་སྤྱི་ལོ1896ལོའི་ཟླ8པའི་ཚེས15ཉིན་པུའུ་ལཱ་ཀུ(སྐབས་དེ་དུས་ཨོ་ཧོང་བཙན་རྒྱལ་གྱི་ཁོངས་སུ་གཏོགས་པ་དང་ད་ལྟ་ཅེ་ཁེའི་ཁོངས་སུ་གཏོགས)རུ་སྐུ་འཁྲུངས་ཤིང་སྐྱེས་མིང་ལ་ལཱ་ཏུ་ཉི་ཚི་ཟེར། ཁོ་མོ་ནི་ཨ་མེ་རི་ཁའི་སྐྱེ་དངོས་རིག་པ་བ་ཞིག་ཡིན། སྤྱི་ལོ2004ལོར་ཁུ་ལི་བཟའ་ཟླ་གཉིས་ལ་རྒྱལ་ཁབ་ཀྱི་རྫས་འགྱུར་རིག་པའི་ལོ་རྒྱུས་ཀྱི་ལམ་ཚད་རྡོ་རིང་བསྩལ་ནས་ཁོང་གཉིས་ཀྱི་གལ་ཆེའི་གསར་རྙེད་ལ་དྲན་གསོ་ཞུས་པ་རེད། སྤྱི་ལོ1957ལོའི་ཟླ10བའི་ཚེས26ཉིན་སྐུ་གཤེགས།

2 མི་ཚེའི་ལོ་རྒྱུས།

ཀུ་ཏི·ཐུ་ལེ་ཧྲ·ཁུ་ལི་ནི་ཡིའུ་ཐའེ་རིགས་ཀྱི་ཁྱིམ་ཚང་ཞིག་ཏུ་སྐྱེས། བུད་མེད་སློབ་གྲྭར་མ་སོང་གོང་ཁོ་མོར་ཁྱིམ་ཚང་གི་སློབ་གསོ་ཐོབ་ཡོད། ཁོ་མོའི་ཨ་ཁུ་ནི་བྱིས་ནད་ཚན་ཁག་གི་དགེ་རྒན་ཆེན་མོ་བ་ཞིག་ཡིན་པས་ཁོ་མོར་གསོ་རིག་སྦྱོང་བའི་སྐུལ་མ་བཏང་བ་རེད།

སྤྱི་ལོ1914ལོར་ཁོ་མོ་པུའུ་ལཱ་ཀུ་ཁྲ་ལི་སློབ་ཆེན་དུ་ཞུགས། སྐབས་དེར་སློབ་གྲྭ་ཆེན་མོའི་ནང་དུ་སློབ་མ་བུ་མོ་ཉུང་ཤས་མ་གཏོགས་མེད། སློབ་གྲྭ་ཆེན་མོ་རུ་ཁོ་མོས་ཁཱ་ཨེར་ཁུ་ལེ་ངོ་ཤེས་བ་དང་སློབ་མཐར་ཕྱིན་རྗེས་ཀྱི་སྤྱི་ལོ1920ལོར་གཉེན་སྒྲིག སྤྱི་ལོ1922ལོར་ཁོ་གཉིས་ཨ་རིར་གནས་སྤར་ནས་ཉིའུ་ཡུའེ་ཁུལ་གྱི་པུའུ་ཧྥ་ལུའོ་རྒྱལ་ཁབ་ནད་ཡམས་ཞིབ་འཇུག་ཁང(དེང་གི་ལུའོ་སི་ཝེ་ཨེར་སྤྱི་གླིང་གི་འབྲས་སྐྲན་ཞིབ་འཇུག་ཁང)དུ་མུ་མཐུད་དུ་ཁོ་ཚོའི་གསོ་རིག་ཞིབ་འཇུག་ལས་ཀ་སྒྲུབ། སྤྱི་ལོ1928ལོར་ཁོ་ཚོ་ཨ་རིའི་རྒྱལ་ཁོངས་སུ་ཞུགས།

ལུའོ་སི་ཝེ་ཨེར་དུ་མི་གཞན་གྱིས་ཁོང་གཉིས་ལ་མཉམ་དུ་ལས་ཀ་བྱེད་མི་འོས་ཞེས་བཤད་མོད། འོན་ཀྱང་ཁོང་གཉིས་ཀྱིས་མུ་མཐུད་དུ་མཉམ་དུ་ལས་ཀ་སྒྲུབ་པ་དང་ཞིབ་འཇུག་བྱ་ཡུལ་གཙོ་བོ་ནི་མིའི་ལུས་ཕུང་ལ་ནུས་ཚད་ཇི་ལྟར་བྱུང་བ་དང་ནུས་ཚད་ཇི་ལྟར་བརྒྱུད་སྤྲོད་བྱེད་པ་དེ་ཡིན།

ཁོང་ཚོའི་ཆེད་ལས་ནི་སྐྱེ་དངོས་རྫས་འགྱུར་ཡིན་ལ། ཁོ་ཚོས་རྒུན་འབྲུམ་མངར་ཆའི་རྙིང་ཚབ་གསར་བརྗེ་ལ་ཞིབ་འཇུག་བྱེད་མགོ་བརྩམས། ལུའོ་སི་ཝེ་ཨེར་དུ་སྡོད་པའི་སྐབས་སུ་ཁོ་ཚོས་མཉམ་དུ་དཔྱད་རྩོམ50སྤེལ་བ་དང་། རྒྱུན་དུ་དཔྱད་རྩོམ་གཅིག་གི་ལས་ཀ་བྱེད་མཁན་གཙོ་བོའི་མིང་ཆེས་སྔོན་དུ་བཞག་ཡོད། ཀུ་ཏི·ཁུ་ལིས་རང་སྟེང་ནས་དཔྱད་རྩོམ11སྤེལ་ཡོད། སྤྱི་ལོ1929ལོར་ཁོང་ཚོས་ནོ་པེར་བྱ་དགའ་ཐོབ་པའི་དཔྱད་རྩོམ་དེ་སྤེལ་བ་རེད། དེ་རུ་ཁི་ལིས་འཁོར་སྐྱོད་ཀྱིས་ནུས་ཚད་ནི་ཇི་ལྟར་ཤ་གྲིམ་ནས་མཆིན་པར་བརྒྱུད་སྤྲོད་བྱས་རྗེས་ཤ་གྲིམ་ལ་བརྒྱུད་སྤྲོད་བྱས་པ་གསལ་བཤད་བྱས་ཡོད། སློབ་ཆེན་ཁ་ཤས་ཀྱིས་ཁཱ་ཨེར་ལ་ལས་གནས་མཁོ་འདོན་བྱས་མོད། འོན་ཀྱང་ཀུ་ཏི་ལ་ལས་གནས་མཁོ་འདོན་བྱེད་འདོད་མེད་པས་དཔྱད་རྩོམ་དེ་སྤེལ་རྗེས་ཁོང་ཚོ་ལུའོ་སི་ཝེ་ཨེར་དང་ཁ་བྲལ།

སྤྱི་ལོ1931ལོར་ཁོང་ཚོ་མི་སུའུ་ལི་ཀྲོའུ་ཡི་ཧྲེང་ལུའུ་དབྱི་སི་ལ་སྤོས། ཁཱ་ཨེར་ཧྲེང་ལུའུ་དབྱི་སི་ཝ་ཧྲིན་ཏུན་སློབ་ཆེན་གསོ་རིག་སློབ་གླིང་སྨན་རྫས་ཚན་ཁག་གི་ཀྲུའུ་ཞིར་གྱུར། ཀུ་ཏིར་ཡང་ཞིབ་འཇུག་གི་གྲུབ་འབྲས་ཀྱང་ཧ་ཅང་མང་པོ་ཡོད་མོད། འོན་ཀྱང་ཁོ་མོར་ལས་རོགས་ཞིབ་འཇུག་པ་ཞིག་གི་གོ་གནས་མ་གཏོགས་ཐོབ་མེད། སྤྱི་ལོ1947ལོར་ཁཱ་ཨེར་སྐྱེ་དངོས་རྫས་འགྱུར་ཚན་ཁག་གི་ཀྲུའུ་ཞིར་གྱུར་དུས་ཁོ་མོ་དགེ་རྒན་ཆེན་མོར་གྱུར་བ་རེད།

3 གཟི་བརྗིད་མཚན་སྙན།

སྤྱི་ལོ1947ལོར་ཀུ་ཏི·ཁུ་ལི་ནི་ནོ་པེར་ཚན་རིག་བྱ་དགའ་ཐོབ་པའི་བུད་མེད་ཨང་གསུམ་པར་གྱུར་པ་དང་། ཨ་རིའི་ནོ་པེར་ཚན་རིག་བྱ་དགའ་ཐོབ་པའི་བུད་མེད་ཨང་དང་པོ་ཡིན། ཟླ་བའི་སྟེང་གི་ཁུ་ལི་གདུབ་དབྱིབས་རི་བོ་ནི་ཁོ་མོའི་མིང་དེར་བཏགས་པ་རེད། མོ་དང་མོའི་ཁྱོ་ག་ཁཱ་ཨེར་གྱིས་ཧྲེང་ལུའུ་དབྱི་སི་ཡི་མིང་གྲགས་ཅན་གྱི་སྲང་ལམ་ནས་སྐར་མ་གཅིག་མཉམ་སྤྱོད་བྱས།

སྤྱི་ལོ2008ལོའི་ཟླ3པའི་ཚེས6ཉིན་ཨ་རིའི་སྦྲག་སྲིད་དོ་དམ་ཅུའུ་ཡིས་ཁུ་ལི་ལ་རྗེས་དྲན་བྱེད་པའི་སྦྲག་རྟགས་ཤིག་འགྲེམ་སྤེལ་བྱས་པ་རེད། ཡིན་ཡང་སྦྲག་རྟགས་སྟེང་གི་རྒུན་འབྲུམ་མངར་ཆ-1-ལིན་སྐྱུར་གྱི་ཆ་རྡུལ་རྣམ་པར་ནོར་འཁྲུལ་ཡོད།


དཔྱད་གཞིའི་ཡིག་ཆ།