ཧུའོ་ཧྭ་ཐུ།སྔ་མའི་པར་གཞི་དེ ཀླུKlu  ནས 2021-08-26 09:34ལ་འགྲུབ།

ཧུའོ་ཧྭ་ཐུ།

ཧུའོ་ཧྭ་ཐུ།
ཁོང་ནི་སྤྱི་ལོ1898ལོའི་ཟླ9བའི་ཚེས24ཉིན་ཨོ་སི་ཁྲུ་ལི་ཡའི་ལྷོ་རྒྱུད་ཀྱི་ཨ་ཏུ་ལེ་ཏུ་རུ་སྐུ་འཁྲུངས་ཤིང་། ཨོ་སི་ཁྲི་ལི་ཡའི་སྨན་རྫས་རིག་པ་བ་ཞིག་ཡིན། ཕན་ཉི་ཞི་ལིན་ལ་ཞིབ་འཇུག་བྱས་པའི་དབང་གིས་ཨེན་སི་ཐུ·པོ་ལི་སི·ཁྲའེ་ཨེན་དང་ཡ་ལི་ཧྲན་ཏཱ·ཧྥུའུ་ལའེ་མིང་དང་མཉམ་དུ་སྤྱི་ལོ1945ལོའི་ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་གི་བྱ་དགའ་ཐོབ་པ་རེད། སྤྱི་ལོ1968ལོའི་ཟླ2པའི་ཚེས21ཉིན དབྱིན་ཇིའི་ཉིའུ་ཅིན་སློབ་ཆེན་དུ་སྐུ་གཤེགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
霍华德·弗洛里
ཕྱི་ཡིག་གི་མིང་།
Howard Walter Florey, Baron Florey
མཚན་ཧྲིལ་པོ།
ཧུའོ་ཧྭ་ཏུ·ཧྥུའུ་ལུའོ་ལི།
རྒྱལ་ཁབ།
ཨོ་སི་ཁྲུ་ལི་ཡ།
འཁྲུངས་ཡུལ།
ཨ་ཏུ་ལེ་ཏུ།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1898.9.24-1968.2.21)
མཐར་ཕྱིན་སློབ་གྲྭ།
ཅན་ཆའོ་སློབ་ཆེན།
བསླབ་གནས།
འབུམ་རམས་པ།
འཐུས་ཚབ་བརྩམས་ཆོས།
《དུག་སྲིན་འགོག་སྨན》
གྲུབ་འབྲས་གཙོ་བོ།
སྤྱི་ལོ1945ལོའི་ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་གི་བྱ་དགའ་ཐོབ།
1 ​མི་ཚེའི་བརྒྱུད་རིམ།

ཧུའོ་ཧྭ་ཏུ·ཧྥུའུ་ལུའོ་ལི་ནི་སྤྱི་ལོ1898ལོའི་ཟླ9བའི་ཚེས24ཉིན་ཨོ་སི་ཁྲུ་ལི་ཡའི་ལྷོ་རྒྱུད་ཀྱི་ཨ་ཏུ་ལེ་ཏུ་རུ་སྐུ་འཁྲུངས་ཤིང་། ཁྱིམ་གྱི་ཕྲུ་གུ་ལྔའི་ནང་གི་རྒན་པ་དེ་རེད། སྤྱི་ལོ1917ལོ་ནས་སྤྱི་ལོ1921ལོའི་བར་ཁོང་གིས་ཨ་ཏུ་ལེ་ཏུ་སློབ་ཆེན་དུ་གསོ་རིག་ཆེད་ལས་སྦྱངས། སྤྱི་ལོ1924ལོར་ལུའོ་ཏུ་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་གྱི་རོགས་སྐྱོར་འོག་ཉིའུ་ཅིན་སློབ་ཆེན་གྱི་རབ་འབྱམས་པའི་བསླབ་གནས་ཐོབ། སྤྱི་ལོ1927ལོར་ཅན་ཆའོ་སློབ་ཆེན་ནས་འབུམ་རམས་པའི་བསླབ་གནས་ཐོབ། སྤྱི་ལོ1965ལོ་ནས་སྤྱི་ལོ1968ལོའི་བར་ཁོང་གིས་ཨུ་སི་ཁྲུ་ལི་ཡའི་རྒྱལ་བཙུགས་སློབ་ཆེན་དུ་སློབ་གྲྭའི་ལྟ་ཞིབ་པའི་འགན་བཞེས།

ཧྥུའུ་ལུའོ་ལིས་ཆེས་ཐོག་མའི་བྱ་བ་ནི་འབུ་ཕྲ་ཞུ་རྩབས་ལ་ཞིབ་འཇུག་བྱེད་པ་དེ་ཡིན་ལ། ཁོང་གིས་མིའི་རིགས་ཀྱི་མིག་དང་མཆིལ་མ་ལ་འབུ་ཕྲ་གཏོར་ཐུབ་པའི་དངོས་པོ་ཞིག་ཡོད་པ་ཤེས་ཏེ། རྒྱལ་ཁའི་ངང་འབུ་ཕྲ་ཞུ་བྱེད་ཀྱི་རྩབས་གཙང་བཟོ་བྱས་པ་རེད། སྤྱི་ལོ1928ལོར་ཡ་ལི་ཧྲན་ཏཱ·ཧྥུའུ་ལའེ་མིང(སྤྱི་ལོ1881—སྤྱི་ལོ1955)གིས་སྔོ་རླམ་རྒྱུ་རྙེད་པ་ནས་བཟུང་ནད་ཐོག་ཏུ་བཀོལ་སྤྱོད་བྱས་མེད། སྤྱི་ལོ1939ལོར་ཧྥུའུ་ལུའོ་ལི་དང་ཨེན་སི་ཐུ·པོ་ལི་སི·ཁྲའེ་ཨེན(སྤྱི་ལོ1906—སྤྱི་ལོ1979)གྱིས་རང་ཤུགས་སུ་བྱུང་བའི་འབུ་ཕྲ་འགོག་པའི་དངོས་པོ་ལ་བརྟག་དཔྱད་བྱས་ཏེ་ཧྥུའུ་ལའེ་མིང་གི་བྱ་བ་བསྐྱར་ཟློས་བྱས་པ་དང་དེ་ནས་སྔོ་རླམ་རྒྱུ་གཙང་ལེན་བྱས། སྤྱི་ལོ1941ལོར་དེ་ནད་པར་བཀོལ་སྤྱོད་བྱས་པ་དང་། སྤྱི་ལོ1945ལོའི་རྗེས་སུ་འཛམ་གླིང་ཡོངས་སུ་སྔོ་རླམ་རྒྱུ་རྒྱ་ཁྱབ་ཏུ་བཀོལ་སྤྱོད་བྱས། དེར་བརྟེན་ཧྥུའུ་ལའེ་མིང་དང་ཧྥུའུ་ལུའོ་ལི། ཁྲའེ་ཨེན་གསུམ་ལ་སྤྱི་ལོ1945ལོའི་ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་གི་བྱ་དགའ་ཐོབ། སྤྱི་ལོ1949ལོར་ཧྥུའུ་ལུའོ་ལིས《དུག་སྲིན་འགོག་སྨན》ཞེས་པ་རྩོམ་སྒྲིག་བྱས་ནས་པར་དུ་བསྐྲུན།

ཧྥུའུ་ལུའོ་ལི་ཡིས་ད་དུང་ཡོངས་བསྒྲགས་ངང་མི་འབོར་འཕར་ཚད་ཐལ་ཆེ་བ་དང་སྨན་བཅོས་འཕྲོད་བསྟེན་ལེགས་བཅོས་གཏོང་བ་བཅས་ལ་དོ་ཁུར་བྱེད་ཀྱི་ཡོད་ལ། སྦྲུམ་འགོག་ཐབས་ལམ་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱེད་མཁན་ཞིག་རེད།

སྤྱི་ལོ1926ལོར་ཧྥུའུ་ལུའོ་ལི་དང་མ་ལི·ཨའེ་སའེ་ཨེར·ཧའེ་ཐུ·ལེ་ཏུ་གཉིས་ཀྱིས་གཉེན་སྒྲིག་བྱས་པ་དང་ཁོང་ཚོར་ཕྲུ་གུ་གཉིས་ཡོད། སྤྱི་ལོ1966ལོར་མ་ལི·ཨའེ་སའེ་ཨེར·ཧའེ་ཐུ·ལེ་ཏུ་ཚེ་ལས་འདས། སྤྱི་ལོ1967ལོའི་ཟླ6པར་ཁོང་གིས་ཡུན་རིང་མཉམ་ལས་བྱས་པའི་ལས་རོགས་འབུམ་རམས་པ་མ་ཀུ་ལི་ཐུ·ཀྲན་ཉིང་སི་དང་གཉེན་སྒྲིག་བྱས། སྤྱི་ལོ1968ལོའི་ཟླ2པའི་ཚེས21ཉིན་སྙིང་ནད་ཕོག་ནས་དབྱིན་ཇིའི་ཉིའུ་ཅིན་སློབ་ཆེན་དུ་སྐུ་གཤེགས། ཁོང་གི་ལས་ཕྱིའི་དགའ་ཕྱོགས་ནི་ཡུལ་སྐོར་ཡིན། ཁོང་ལ་དྲན་གསོ་ཞུ་ཆེད་མོ་ཨེར་པུན་གྱི་ཞིབ་འཇུག་ཁང་དང་ཨ་ཏུ་ལའེ་ཏུ་སློབ་ཆེན་གྱི་གསོ་རིག་སློབ་གླིང་ཚང་མར་ཁོང་གི་མིང་བཏགས་ཡོད་པ་རེད།

2 གྲུབ་འབྲས་གཙོ་བོ།

ཧྥུའུ་ལུའོ་ལི་ལ་གོང་མ་ཚང་གི་ཕྱི་ནད་སློབ་གླིང་གི་ལི་སི་ཐུ་གཟེངས་རྟགས་དང་སུའེ་ཏེན་གྱི་སྨན་བཅོས་སྤྱི་ཚོགས་ཀྱི་པེ་ཚའེ་ལི་ཝུའུ་སིའི་བྱས་རྗེས་གཟེངས་རྟགས། དབྱིན་ཇིའི་གོང་མ་ཚང་གི་སློབ་ཚོགས་ཀྱི་ལི་ཕུའུ་ལི་གཟེངས་རྟགས་སོགས་ཐོབ་ཡོད་པ་དང་། ད་དུང་གཟི་བརྗིད་ཚོགས་མི་དང་སློབ་ཆེན་གྱི་གཟི་བརྗིད་བསླབ་གནས་བཅུ་བདུན་ཡོད་པ་རེད། ཕན་ཉི་ཞི་ལིན་ལ་ཞིབ་འཇུག་བྱས་པས་ཨེན་སི་ཐུ·པོ་ལི་སི·ཁྲའེ་ཨེན་དང་ཡ་ལི་ཧྲན་ཏཱ·ཧྥུའུ་ལའེ་མིང་བཅས་དང་མཉམ་དུ་སྤྱི་ལོ1945ལོའི་ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའ་ཐོབ།


དཔྱད་གཞིའི་ཡིག་ཆ།