ཧོར་མེའི་བཅོས་ཐབས།སྔ་མའི་པར་གཞི་དེ ཀླུKlu  ནས 2021-08-26 09:41ལ་འགྲུབ།

ཧོར་མེའི་བཅོས་ཐབས།

ཧོར་མེའི་བཅོས་ཐབས།
​ཧོར་མེའི་བཅོས་ཐབས་ནི་གོ་སྙོད་སྣུམ་ལྡན་གྱིས་བྲང་གཞུང་དཀར་ནག་མཚམས་སོགས་རླུང་གསང་རྣམས་ལ་ཚ་དུགས་རྒྱག་པའི་ཐབས་ཤེས་ལ་བརྟེན་ནས་རླུང་ནད་ཀྱིས་གློ་བུར་དུ་བརྒྱལ་བ་དང་། ཡན་ལག་རེངས་པ། མགོ་ཡུ་འཁོར་བ། ཤེས་པ་འཆོལ་བ། སྙིང་གཡུགས་ཆེ་བ། གཉིད་ཡེར་བ། རྣ་བ་འུར་བ་སོགས་རླུང་ནད་ཀྱི་རིགས་ལ་སྤྱོད་པའི་ཐབས་ཤེས་ཤིག་ལ་ཟེར།
གཞི་རྩའི་གནས་ཚུལ།

མིང་།
ཧོར་མེའི་བཅོས་ཐབས།
ཁོངས་གཏོགས།
བོད་ལུགས་གསོ་རིག
1 ངོ་སྤྲོད།

ཧོར་མེའི་བཅོས་ཐབས་ཟེར་བ་དེ་ནི་གོ་སྙོད་སྣུམ་ལྡན་གྱིས་བྲང་གཞུང་དཀར་ནག་མཚམས་སོགས་རླུང་གསང་རྣམས་ལ་ཚ་དུགས་རྒྱག་པའི་ཐབས་ཤེས་ལ་བརྟེན་ནས་རླུང་ནད་ཀྱིས་གློ་བུར་དུ་བརྒྱལ་བ་དང་། ཡན་ལག་རེངས་པ། མགོ་ཡུ་འཁོར་བ། ཤེས་པ་འཆོལ་བ། སྙིང་གཡུགས་ཆེ་བ། གཉིད་ཡེར་བ། རྣ་བ་འུར་བ་སོགས་རླུང་ནད་ཀྱི་རིགས་ལ་སྤྱོད་པའི་ཐབས་ཤེས་ཤིག་ཡིན་ལ། དེར་ཐལ་ཆའི་སྐྱོན་ཆ་ཆུང་བ་དང་།  སྐབས་འཕྲལ་ཕན་ནུས་ཐོན་པ་བཅས་ཀྱི་ཁྱད་ཆོས་ཀྱང་ཡོད་པ་རེད།

2 ཧོར་མེ་རྒྱག་སྟངས།

གོ་སྙོད་ཀྱི་འབྲུ་གུ་ཞིབ་བརྡུངས་བྱས་པ་ཞོ་དོ་རེ་སང་རས་ནང་བསྒྲིལ་ཏེ་མར་ཁུ་བཙོས་ནས་རླུང་གསང་རྣམས་ལ་ཚ་དུགས་རྒྱག་དགོས།

3 ཧོར་མེའི་གསང་དམིགས།

མགོ་བོའི་སྤྱི་གཙུག(ཀོང་ཀྱོང་ཡོད་ས་མནན་ན་ན་ཟུག་གཏོང་བ)དང་། ལྟག་པའི་སྡུད་སྒོ(སྤྱི་གཙུག་ནས་རྒྱབ་གཤམ་དུ་སོར་བཞི་འཇལ་བའི་མཚམས)། མཚོགས་གསང(སྐྲ་མཚམས་ནས་གྱེན་དུ་སོར་བཞི་འཇལ་བའི་མཚམས)། རྣ་ལྷན་གྱི་འདུས་སྲུབས(རྣ་བའི་རྩེ་གཉིས་ནས་གྱེན་དུ་ཚོན་གང་རེ་འཇལ་བའི་ཀོང་ཀྱོང)གཡས་གཡོན་གཉིས། བྲང་གཞུང་དཀར་ནག(ནུ་མ་གཉིས་ཀྱི་བར་དཀྱིལ)མཚམས། ཚིགས་པ་དང་པོ་དང་དྲུག་པ། བདུན་པ། རྐང་ལག་གི་མཐིལ་བཞི་སོགས་རླུང་གསང་རྣམས་ལ་ཚ་དུགས་རྒྱག་དགོས།

4 དོ་སྣང་བྱེད་དགོས་པ།

ཧོར་མེའི་ཚ་དུགས་དེ་རླུང་ནད་ཀྱི་རིགས་ལ་མ་གཏོགས་དེ་མིན་ནད་རིགས་གཞན་ལ་རྒྱག་མི་ཉན་པ་དང་། ཚ་དུགས་རྒྱག་དུས་ཀྱང་ཚ་གྲང་སྙོམས་པོ་ཞིག་བྱེད་དགོས་པ་ལས། ཚ་དྲགས་ན་ནད་པའི་ཤ་པགས་ལ་རྨ་བཟོ་བ་དང་ཆུ་ལྒང་དོན་ཉེན་ཡོད་ལ། གྲང་དྲགས་ན་ཕན་ནུས་མ་ཐོན་པའི་གནས་ཚུལ་ཡང་ཡོང་གི་རེད།