བདེན་བཞིའི་ཁམས་དབྱེ་ཚུལ་བཞི།སྔ་མའི་པར་གཞི་དེ རྡོ་རྗེ་འཚོ།08  ནས 2021-08-18 15:08ལ་འགྲུབ།

བདེན་བཞིའི་ཁམས་དབྱེ་ཚུལ་བཞི།

འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བའི་བདེན་བཞིའི་ཁམས་དབྱེ་ཚུལ་བཞི་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《བསྟན་འགྱུར་དབུ་མ་ཧ་པ》149བ6ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 ​རྣམ་གྲངས་འདྲེན་པ།

འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ།

1.སྡུག་བསྔལ་གྱི་བདེན་པ་ནི་ཁམས་བཅོ་བརྒྱད་ཐམས་ཅད་དོ༎

2.ཀུན་འབྱུང་བདེན་པ་ནི་ཟག་བཅས་ཆོས་ཀྱི་ཁམས་ཀྱི་ཆའོ༎

3.ལམ་གྱི་བདེན་པ་ནི་ཟག་པ་མེད་པའི་ཆོས་ཀྱི་ཁམས་ཀྱི་ཆའོ༎

4.འགོག་པའི་བདེན་པ་ནི་འདུས་མ་བྱས་ཀྱི་ཁམས་ཀྱི་ཆ་འགའ་ཉིད་དོ༎