བདུད་ཐམས་ཅད་ཀྱིས་ཐུབ་པར་དཀའ་བར་ལྡན་དགོས་པའི་ཆོས་བཞི།སྔ་མའི་པར་གཞི་དེ རྡོ་རྗེ་འཚོ།08  ནས 2021-08-13 11:12ལ་འགྲུབ།

བདུད་ཐམས་ཅད་ཀྱིས་ཐུབ་པར་དཀའ་བར་ལྡན་དགོས་པའི་ཆོས་བཞི།

འཕགས་པ་ལྷའི་བུ་རབ་རྩལ་སེམས་ཀྱིས་ཞུས་པའི་མདོ་ལས་བྱུང་བའི་བདུད་ཐམས་ཅད་ཀྱིས་ཐུབ་པར་དཀའ་བར་ལྡན་དགོས་པའི་ཆོས་བཞི་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《མདོ་པ་པ》ཤ166ན4ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 རྣམ་གྲངས་འདྲེན་པ།

འཕགས་པ་ལྷའི་བུ་རབ་རྩལ་སེམས་ཀྱིས་ཞུས་པའི་མདོ་ལས་བྱུང་བ་སྟེ།

1.སྟོང་པ་ཉིད་ཀྱི་རྣམ་པས་མངོན་པར་བསྒྲུབ་པའི་བསམ་གཏན་བཞི།

2.སེམས་ཅན་མི་གཏོང་བའི་སྙིང་རྗེ་ཆེན་པོ།

3.དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་གཅོད་པའི་བརྩོན་འགྲུས།

4.ཐབས་ལ་མཁས་པ་མངོན་པར་བསྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ །