《ཨུ་རུ་སུ་རྒྱལ་ཁབ་ཀྱི་ལོ་རྒྱུས》སྔ་མའི་པར་གཞི་དེ ཀླུKlu  ནས 2021-08-27 15:07ལ་འགྲུབ།

《ཨུ་རུ་སུ་རྒྱལ་ཁབ་ཀྱི་ལོ་རྒྱུས》

《ཨུ་རུ་སུ་རྒྱལ་ཁབ་ཀྱི་ལོ་རྒྱུས》
《ཨུ་རུ་སུ་རྒྱལ་ཁབ་ཀྱི་ལོ་རྒྱུས》ནི་སྤྱི་ལོ2008ལོའི་ཟླ12པའི་ཚེས1ཉིན་ཧའེ་ནན་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་དཔེ་དེབ་ཅིག་ཡིན་པ་དང་རྩོམ་པ་པོ་ནི་མོ་སི་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
俄国史
རྩོམ་པ་པོ།
མོ་སི།(Moss,W.G.)
ལོ་ཙྰ་བ།
ཀྲང་པིང་།
དཔེ་སྐྲུན་ཁང་།
ཧའེ་ནན་དཔེ་སྐྲུན་ཁང་།
པར་སྐྲུན་དུས་ཚོད།
སྤྱི་ལོ2008ལོའི་ཟླ12པའི་ཚེས1ཉིན།
ཤོག་གྲངས།
533
ISBN
9787807001676
ཡིག་གྲངས།
422000
པར་ཐེངས།
1
1 ནང་དོན་ངོ་སྤྲོད།

དེབ་འདིའི་ནང་བརྗོད་པའི་ལོ་རྒྱུས་ནི་སྤྱི་ལོ1855ལོར་ཡ་ལི་ཧྲན་ཏཱ་སྐུ་ཕྲེང་གཉིས་པ་དངོས་སུ་ཁྲིར་བཀོད་པའི་དུས་ནས་སྤྱི་ལོ1996ལོའི་ཟླ8པར་ཡེ་ལི་ཆིན་དངོས་སུ་དམངས་འདེམས་ཙུང་ཐུང་དང་པོར་བདམས་ཐོན་བྱུང་བའི་བར་གྱི་ཨུ་རུ་སུ་དང་སུའུ་ལེན་གྱི་ལོ་རྒྱུས་ཡིན་ཞིང་། དེབ་དེའི་གཞུང་དངོས་ནི་སྤྱི་ལོ1855ལོ་ནས་སྤྱི་ལོ1917ལོའི་བར་གྱི་ཧྲ་ཧོང་གོང་མའི་ཨུ་རུ་སུའི་དུས་མཇུག་གི་ལོ་རྒྱུས་དང་སྤྱི་ལོ1917ལོ་ནས་སྤྱི་ལོ1996ལོའི་བར་གྱི་སུའུ་ལེན་དང་དེའི་རྗེས་ཀྱི་ཨུ་རུ་སུ་བཅས་ཁག་གཉིས་སུ་དབྱེ་ཡོད།

ཨུ་རུ་སུ་ནི་འཛམ་གླིང་ཐོག་མངའ་ཁོངས་ཆེས་ཆེ་བའི་རྒྱལ་ཁབ་ཅིག་ཡིན་ཞིང་། ཨུ་རུ་སུའི་མི་དམངས་ཀྱིས་འོད་སྟོང་འབར་བའི་ལོ་རྒྱུས་གསར་སྐྲུན་བྱས་ཡོད་པ་དང་། ཁོ་ཚོས་ཚན་རིག་དང་ལག་རྩལ། རྩོམ་རིག སྒྱུ་རྩལ་བཅས་ཀྱི་ཐད་ལ་བཞག་པའི་བྱས་རྗེས་ཡིས་ད་ལྟའི་འཛམ་གླིང་སྤྱི་ཚོགས་ཁྲོད་སྔར་བཞིན་ནུས་པ་ཧ་ཅང་ཆེན་པོ་འདོན་བཞིན་ཡོད་ལ། དེས་ཀྲུང་གོར་ཐེབས་པའི་ཤུགས་རྐྱེན་ནི་ཕྱོགས་གང་སར་ཁྱབ་ཡོད།

ཨུ་རུ་སུ་ནི་ང་ཚོའི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་། ཇིང་གིར་རྒྱལ་པོས་ནུབ་འདུལ་གྱི་འགོ་བརྩམས་པ་ནས་བཟུང་ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱི་བར་འགྲོ་འོང་དམ་ཟབ་བྱེད་འགོ་ཚུགས། དེ་བས་རྒྱལ་ཁབ་འདིའི་ལོ་རྒྱུས་ལ་རྒྱུས་ལོན་བྱེད་པ་ནི་ཀྲུང་གོ་བ་ཞིག་ཡིན་པའི་ཆ་ནས་དོན་སྙིང་ཧ་ཅང་གལ་ཆེན་ལྡན་པ་ཞིག་རེད།

2 རྩོམ་པ་པོ།

ཝོར་ཐེ·G·མོ་སི(Walter G Moss)ནི་ཨ་མེ་རི་ཁའི་སྨི་ཞེ་ཀེན་ཤར་མའི་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་དང་ལོ་རྒྱུས་རིག་པ་མཁས་ཅན། རྒན་རྒོན་གནད་དོན་གྱི་རིགས་གཅིག་མཁས་ཅན་བཅས་ཡིན་ཞིང་། ཨ་རིའི་དབུས་རྒྱུད་ཀྱི་ཞིན་ཞིན་ནཱ་ཐི་རུ་འཁྲུངས། ལོ་ན་གཞོན་པའི་དུས་སུ་ཨ་རིའི་དམག་དཔུང་དུ་དམག་དཔོན་གྱི་འགན་བཞེས་མྱོང་། སྤྱི་ལོ1968ལོར་ཆའོ་ཀྲི་གྲོང་སློབ་ཆེན་དུ་མཚན་ཉིད་རིག་པའི་འབུམ་རམས་པའི་བསླབ་གནས་བླངས། བརྩམས་ཆོས་ལ《ཡ་ལི་ཧྲན་ཏཱ་ཡི་ཨུ་རུ་སུ》དང《ཐུའོ་ཨེར་སི་ཐའེ་དང་ཐུའོ་སི་ཐུའོ་ཡེ་ཧྥུའུ》སོགས་ཡོད་པ་དང་། མི་གཞན་དང་མཉམ་དུ《རྒ་བའི་ཕྱོགས་སུ་བསྐྱོད་པ》དང《རྒན་རྒོན་གྱི་མི་ཆོས་རིང་ལུགས་ཀྱི་མདུན་ལྗོངས》ཞེས་པ་བརྩམས་ཡོད།

3 དཀར་ཆག

ཨ་མེ་རི་ཁའི་དགེ་རྒན་ཆེ་མོ་བའི་སྨྱུ་རྩེའི་ཨུ་རུ་སུ་རྒྱལ་ཁབ་ཀྱི་ལོ་རྒྱུས་དེ་དཔྱད་གཞིར་འཛིན་རིན་ཡོད་པ། རྒྱ་འགྱུར་མའི་ གླེང་གཞི།

ཐོག་མའི་པར་གཞིའི་སྔོན་གླེང་།

ལེའུ་དང་པོ། ཨུ་རུ་སུའི་ས་ཁམས་དང་མི་རིགས། དེང་རབས་སྔ་མའི་འཕེལ་རྒྱས།

སྐམ་ས། རང་བྱུང་གི་ཁྱད་ཆོས་དང་ནམ་ཟླ། ཐོན་ཁུངས།

ས་ཁམས་ཀྱིས་མི་སེར་སྤེལ་བ་དང་མི་རིགས་ཀྱི་ཐོབ་ཐང་ལ་ཐེབས་པའི་ཤུགས་རྐྱེན།

མི་རིགས།

སྤྱི་ལོ1855ལོའི་སྔོན་གྱི་གནའ་བོའི་ཨུ་རུ་སི། ལོ་རྒྱུས་འཕེལ་རིམ་གཙོ་བོའི་བསྡོམས་བྱང་།

ཁག་དང་པོ། དུས་མཇུག་གི་ཨུ་རུ་སུ་བཙན་རྒྱལ(སྤྱི་ལོ1855~སྤྱི་ལོ1917)

ལེའུ་གཉིས་པ། ཡ་ལི་ཧྲན་ཏཱ་སྐུ་ཕྲེང་གཉིས་པ། བསྒྱུར་བཅོས་རིང་ལུགས་དང་དྲག་སྐྱོད་རིང་ལུགས།

ཡ་ལི་ཧྲན་ཏཱ་སྐུ་ཕྲེང་གཉིས་པ། ཁོང་དང་ཁོང་གི་དུས་རབས།

ཞིང་བྲན་བཅིངས་འགྲོལ།

ཟུར་སྣོན་བསྒྱུར་བཅོས

སྒེར་གཅོད་སྲིད་གཞུང་དང་དེའི་ངོ་རྒོལ་ཕྱོགས་ཁག

ལེའུ་གསུམ་པ། ལོག་སྤྱོད་ཀྱི་ཆབ་སྲིད་དང་དཔལ་འབྱོར་དེང་རབས་ཅན། ཆབ་སྲིད་ལ་ངོ་རྒོལ་ཕྱོགས་ཁག།(སྤྱི་ལོ1881~སྤྱི་ལོ1905)


དཔྱད་གཞིའི་ཡིག་ཆ།