སི་ཕེ་མན།སྔ་མའི་པར་གཞི་དེ ཀླུKlu  ནས 2021-08-27 14:44ལ་འགྲུབ།

སི་ཕེ་མན།

སི་ཕེ་མན།
ཧན་སི·སི་ཕེ་མན་ནི་སྤྱི་ལོ1869ལོར་འཁྲུངས་ཤིང་། འཇར་མན་གྱི་སྐྱེ་དངོས་རིག་པ་བ་ཞིག་དང་ཚོད་ལྟའི་སྦྲུམ་རྟེན་རིག་པའི་ཁྱབ་ཁོངས་ཀྱི་སྔོན་བྱོན་པ་ཞིག་ཡིན། ཁོང་གིས་སྦྲུམ་རྟེན་གྱི་འཚར་སྐྱེས་བརྒྱུད་རིམ་ཤེས་རྟོགས་བྱུང་བར་བརྟེན་སྤྱི་ལོ1935ལོའི་ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའ་ཐོབ། ཁོང་གིས་གསར་གཏོད་བྱས་པའི་སྦྲུམ་རྟེན་འཇམ་ཁྲིད་ཀྱི་འདུ་ཤེས་ཀྱིས་འཚར་སྐྱེས་སྐྱེ་དངོས་རིག་པའི་ཡན་ལག་ཚུགས་པ་ལ་བྱས་རྗེས་ཆེན་པོ་བཞག་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
汉斯·斯佩曼
ཕྱི་ཡིག་གི་མིང་།
Hans Spemann
རྒྱལ་ཁབ།
འཇར་མན།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1869~1941)
ལས་རིགས།
སྐྱེ་དངོས་རིག་པ་བ།
མཐར་ཕྱིན་སློབ་གྲྭ།
ཝེ་ཨེར་ཚི་པའོ་སློབ་ཆེན།
གྲུབ་འབྲས་གཙོ་བོ།
སྤྱི་ལོ1935ལོར་ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའ་ཐོབ།
1 ངོ་སྤྲོད།

ཧན་སི·སི་ཕེ་མན་ནི་འཇར་མན་གྱི་སྐྱེ་དངོས་རིག་པ་བ་ཞིག་དང་ཚོད་ལྟའི་སྦྲུམ་རྟེན་རིག་པའི་ཁྱབ་ཁོངས་ཀྱི་སྔོན་བྱོན་པ་ཞིག་ཀྱང་ཡིན། ཁོང་གིས་སྦྲུམ་རྟེན་གྱི་འཚར་སྐྱེས་བརྒྱུད་རིམ་ཤེས་རྟོགས་བྱུང་བར་བརྟེན་སྤྱི་ལོ1935ལོའི་ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའ་ཐོབ། ཁོང་གིས་གསར་གཏོད་བྱས་པའི་སྦྲུམ་རྟེན་འཇམ་ཁྲིད་ཀྱི་འདུ་ཤེས་ཀྱིས་འཚར་སྐྱེས་སྐྱེ་དངོས་རིག་པའི་ཡན་ལག་ཚུགས་པ་ལ་བྱས་རྗེས་ཆེན་པོ་བཞག་ཡོད།  

2 མི་ཚེའི་བརྒྱུད་རིམ།

སྤྱི་ལོ1895ལོར་སི་ཕེ་མན་ལ་ཝེ་ཨེར་ཚི་པའོ་སློབ་ཆེན་གྱི་སྲོག་ཆགས་རིག་པ་དང་རྩི་ཤིང་རིག་པ། དངོས་ལུགས་རིག་པ་བཅས་ཀྱི་འབུམ་རམས་པའི་བསླབ་གནས་ཐོབ་པ་དང་། ཁོང་གིས་སྤྱི་ལོ1908ལོའི་བར་དུ་སློབ་ཆེན་དེ་གར་སློབ་ཁྲིད་བྱས་ཤིང་། དེ་གར་ཁོང་གིས་སྐད་གྲགས་ཆེ་བའི་སྦྲུམ་རྟེན་རིག་པ་བ་ཞི་ཨའོ་ཏུའོ·;པོ་ཝེ་ལི་དང་དངོས་ལུགས་རིག་པའི་མཁས་པ་ཝེ་ལེན·ཁང་ལཱ་ཏུ·ལུན་ཆིན་གཉིས་ལ་ཕྱག་ལས་གནང་བའི་དབང་གིས་ཁོ་རང་གི་ཚན་རིག་གི་སྤྲོ་སྣང་ལའང་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་པ་རེད། སྤྱི་ལོ1919ལོར་ཁོང་གིས་ཧྥུའུ་ལའེ་པའོ་སློབ་ཆེན་གྱི(University of Freiburg)སྲོག་ཆགས་རིག་པའི་དགེ་རྒན་ཆེན་མོའི་ལས་གནས་དང་ལེན་བྱས་པ་དང་། སྤྱི་ལོ1935ལོར་ལས་འཁྱུར་ངལ་གསོ་བྱེད་རག་བར་དུ་དེ་གར་ཕྱག་ལས་གནང་།

3 གྲུབ་འབྲས་གཙོ་བོ།

སི་ཕེ་མན་གྱི་སྦྲུམ་རྟེན་རིག་པའི་ཞིབ་འཇུག་ནི་སྐམ་ཆུ་གཉིས་སྡོད་སྲོག་ཆགས་ཀྱི་སྦྲུམ་རྟེན་ལ་ཞིབ་འཇུག་བྱེད་པ་ནས་འགོ་བརྩམས་པ་རེད། ཁོང་གིས་ཁམས་དཀར་བླངས་མ་ཐག་པའི་ཆུ་རྩངས་ཀྱི་སྒོ་ང་གཅིག་གས་མ་གཉིས་སུ་བགོས་ནས་ཕྱེད་ཀ་རེའི་ནང་ནས་རྒྱུན་ལྡན་གྱི་ཆུ་རྩངས་ཀྱི་སྦྲུམ་རྟེན་གསོ་སྐྱོང་བྱས་ཡོད། ཞིབ་འཇུག་མང་དུ་བྱས་རྗེས་ཁོང་ལ་སྦྲུམ་རྟེན་གྱི་ཕྲ་ཕུང་ཞིག་ནི་དུས་ཚོད་ངེས་ཅན་ཞིག་གི་ནང་ད་གཟོད་ཁ་གྱེས་འགོ་ཚུགས་པ་ཡིན་པའི་ཡང་དག་པའི་སྡོམ་ཚིག་ཐོབ་པ་རེད།

སི་ཕེ་མན་གྱིས་ཁོང་གི་སློབ་མ་ཨའོ་ཐུའོ•མན་ཀུ་ཨེར་ཏུ་དང་ཞི་ཨེར་ཏུ•མན་ཀུ་ཨེར་ཏུ་དང་མཉམ་དུ་ཕྱག་ལས་ཀ་གནང་སྐབས། ཁོ་ཚོས་སྦྲུམ་རྟེན་ནང་གི་ཆེད་དམིགས་ཀྱི་ཕུང་གྲུབ་མཉེན་མོ་ཞིག་སྦྲུམ་རྟེན་གཅིག་མཚུངས་ཡིན་པའི་ཕུང་གྲུབ་མཉེན་མོ་མི་འདྲ་བར་སྤོས་འཛུགས་བྱས་རྗེས་སྤོ་འཛུགས་བྱས་པའི་ཕུང་གྲུབ་མཉེན་མོ་དེ་རིམ་བཞིན་འཚར་ལོངས་བྱུང་ནས་སྔར་གྱི་ཕུང་གྲུབ་མཉེན་མོ་དེར་འགྱུར་ངེས་ཡིན་པ་ཤེས་རྟོགས་བྱུང་པ་རེད། འདི་ལྟ་བུའི་འཇམ་ཁྲིད་ཀྱི་བྱ་སྤྱོད་བརྒྱུད་དེ་སི་ཕེ་མན་གྱིས་སྦྲུམ་རྟེན་ལ“སྒྲིག་འཛུགས་པOrganizer”དང་ཡང་ན“སྒྲིག་འཛུགས་ལྟེ་གནས(Orgnize center)”མི་འདྲ་བ་ཡོད་ཅེས་བརྗོད་ཀྱིན་ཡོད་ཅིང་། དེ་དག་གིས་ཕྲ་ཕུང་དགོས་མཁོ་ལྟར་འཚར་ལོངས་ཡོང་བར་ཁྲིད་སྟོན་བྱེད་ཀྱི་ཡོད། ཁོང་གི་ཤེས་རྟོགས་དེ་ཡིས་སྐབས་དེར་ཚན་རྩལ་དེ་ལྟ་བུ་ད་དུང་ཐོན་མེད་ནའང་ཁུ་ལུང་དབྱེ་འབྱེད་དང་ཐ་ན་སྨིན་པའི་ཕྲ་ཕུང་དུ་འགྱུར་སྲིད་པ་སྔོན་དཔག་བྱས་ཡོད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

སྦྲུམ་རྟེན། ཆུ་རྩངས། ཕུང་གྲུབ།