བསམ་གཏན་ཡོངས་སུ་དག་པ་བརྒྱད།སྔ་མའི་པར་གཞི་དེ རྡོ་རྗེ་འཚོ།08  ནས 2021-08-13 08:57ལ་འགྲུབ།

བསམ་གཏན་ཡོངས་སུ་དག་པ་བརྒྱད།

འཕགས་པ་ནམ་མཁའ་མཛོད་ཀྱིས་ཞུས་པའི་མདོ་དང་དཀོན་བརྩེགས་འཕགས་པ་སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་བསྟན་པའི་མདོ་ལས་བྱུང་བའི་བསམ་གཏན་ཡོངས་སུ་དག་པ་བརྒྱད་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《དཀོན་བརྩེགས་ཅ་པ》ཤ469ན1《མདོ་ད་པ》ཤ344བ7ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 རྣམ་གྲངས་འདྲེན་པ།

འདི་ལ་ཁག་གཉིས་ཡོད།

1_1 ཁག་དང་པོ། 

འཕགས་པ་ནམ་མཁའ་མཛོད་ཀྱིས་ཞུས་པའི་མདོ་ལས་བྱུང་བ་སྟེ།

1.བསམ་གཏན་བྱེད་ཀྱང་ཕུང་པོ་ལ་གནས་ཏེ་བསམ་གཏན་མི་བྱེད་པ།

2.བསམ་གཏན་བྱེད་ཀྱང་ཁམས་ལ་གནས་ཏེ་བསམ་གཏན་མི་བྱེད་པ།

3.བསམ་གཏན་བྱེད་ཀྱང་སྐྱེ་མཆེད་ལ་གནས་ཏེ་བསམ་གཏན་མི་བྱེད་པ།

4.བསམ་གཏན་བྱེད་ཀྱང་འཇིག་རྟེན་འདི་ལ་གནས་ཏེ་བསམ་གཏན་མི་བྱེད་པ།

5.བསམ་གཏན་བྱེད་ཀྱང་འཇིག་རྟེན་ཕ་རོལ་ལ་གནས་ཏེ་བསམ་གཏན་མི་བྱེད་པ།

6.བསམ་གཏན་བྱེད་ཀྱང་འདོད་པའི་ཁམས་ལ་གནས་ཏེ་བསམ་གཏན་མི་བྱེད་པ།

7.བསམ་གཏན་བྱེད་ཀྱང་གཟུགས་ཀྱི་ཁམས་ལ་གནས་ཏེ་བསམ་གཏན་མི་བྱེད་པ།

8.བསམ་གཏན་བྱེད་ཀྱང་གཟུགས་མེད་པའི་ཁམས་ལ་གནས་ཏེ་བསམ་གཏན་མི་བྱེད་པའོ།།

1_2 ཁག་གཉིས་པ།

དཀོན་བརྩེགས་འཕགས་པ་སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་བསྟན་པའི་མདོ་ལས་བྱུང་བ་སྟེ།

1.དགོན་པ་ལ་གནས་ཤིང་དབེན་པ་ལ་དགའ་བས་ཡོངས་སུ་དག་པ།

2.འདུ་འཛི་སྤོང་བས་ཡོངས་སུ་དག་པ།

3.ཡུལ་དང་མི་འདྲེ་བས་ཡོངས་སུ་དག་པ།

4.ལུས་དང་སེམས་ལས་སུ་རུང་བས་ཡོགས་སུ་དག་པ།

5.ཁ་ཟས་བསྙུངས་ཏེ་ལུས་འཚོ་བས་ཡོངས་སུ་དག་པ།

6.དམིགས་པ་ལ་འཇོག་པས་ཡོངས་སུ་དག་པ།

7.སྒྲ་དང་མཚན་མ་ཐམས་ཅད་རྣམ་པར་འཇིགས་པས་ཡོངས་སུ་དག་པ།

8.འཕགས་པའི་བདེན་པ་དང་ཟང་ཟིང་མེད་པར་སོ་སོར་ཡང་དག་པར་འགེད་པས་ཡོངས་སུ་དག་པའོ༎