སློབ་དཔོན་ཆེན་པོས་གསུང་པའི་ས་དགྲ་བཟློག་ཐབས་བརྒྱད།སྔ་མའི་པར་གཞི་དེ རྡོ་རྗེ་འཚོ།08  ནས 2021-08-13 08:52ལ་འགྲུབ།

སློབ་དཔོན་ཆེན་པོས་གསུང་པའི་ས་དགྲ་བཟློག་ཐབས་བརྒྱད།

མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་ས་ཆུ་ཤིང་གི་དཔྱད་པ་ལས་བྱུང་བའི་སློབ་དཔོན་ཆེན་པོས་གསུང་པའི་ས་དགྲ་བཟློག་ཐབས་བརྒྱད་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《མདོ་རྒྱུད་མཛོད་ཧ་པ》ཤ666.1ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 རྣམ་གྲངས་འདྲེན་པ།

མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་ས་ཆུ་ཤིང་གི་དཔྱད་པ་ལས་བྱུང་བ་སྟེ། འབྱུང་བཞིའི་དགྲ་གཤེད་གང་ལ་གང་ཤར་ཡང༔ འབྱུང་ལྔ་མ་བུ་དགྲ་གྲོགས་ཁམས་བསྟུན་ཏེ༔ འབྱུང་བཞིའི་ས་བོན་རི་མོ་བྲིས་པའི་གཟུགས༔  ཕ་རོལ་ས་དགྲ་ཚུར་ལ་མ་སྡང་ཡང༔  རང་གི་ས་གཡང་ཆུང་དང་མི་ནོན་དང༔  ཐུ་བ་ཤོར་དང་དམུ་ཐག་ཆད་པ་སོགས༔  མི་མཐུན་གནོད་པའི་ཚོགས་རྣམས་གསོ་བའི་ཐབས༔

1.ས་གཡང་ཆུང་ན་རྫས་བརྒྱད་རི་མོས་གསོ༔

2.ནོན་པར་དཀའ་ན་མཆོད་རྟེན་དཀྱིལ་དུ་རྒྱབ༔

3.ཐུ་བ་ཤོར་ན་ཚྭ་ཚྭ་བཞག་པས་བཟློག༔

4.དམུ་ཐག་ཆད་ན་རྩེ་བསྟོད་དམུ་ཐག་འཐེན༔

5.ཀླུ་ས་ཆེ་ན་བྱ་ཁྱུང་རི་མོ་བྲི༔

6.རྒྱབ་རི་ལྟུང་ཐབས་འདྲ་ན་མཆོད་རྟེན་བརྩིགས༔

7.མོ་ཡི་མཚན་མ་འདྲ་ན་ཕོ་མཚན་གཟུགས༔

8.གཞན་ཡང་ས་དགྲ་ཆེ་ཆུང་སྣ་ཚོགས་ལ༔  འབྱུང་ལྔའི་ཁམས་དང་དགྲ་ཕྱོགས་མི་མཐུན༔ གཞན་གྱིས་བཟློག་ཐབས་མེད་པའི་རིགས་རྣམས་ལ༔  རིན་ཆེན་འབར་བ་ཉི་ཟླ་ལ་སོགས་པའི༔  བཀྲ་ཤིས་ཡོན་ཏན་ལྡན་པའི་རི་མོ་བྱ༔  ཞེས་གསུངས་པ་ལྟར་བྱ་དགོས་སོ།།