ལུ་ཝེ།སྔ་མའི་པར་གཞི་དེ ཀླུKlu  ནས 2021-08-27 14:52ལ་འགྲུབ།

ལུ་ཝེ།

ལུ་ཝེ།
ཨའོ་ཐུའོ·ལུ་ཝེ(སྤྱི་ལོ1873ལོའི་ཟླ6པའི་ཚེས3ཉིན་ནས་སྤྱི་ལོ1961ལོའི་ཟླ12པའི་ཚེས25ཉིན་བར)ནི་ཨོ་སི་ཁྲུ་ལི་ཡ་དང་འཇར་མན། ཨ་རིའི་སྨན་རྫས་རིག་པ་བ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
奥托·勒维
ཕྱི་ཡིག་གི་མིང་།
Otto Loewi
སྐྱེས་ལོ།
སྤྱི་ལོ1873ལོའི་ཟླ6པའི་ཚེས3ཉིན།
འདས་ལོ།
སྤྱི་ལོ1961ལོའི་ཟླ12པའི་ཚེས25ཉིན།
སྐྱེས་ཡུལ།
ཧྥ་ལན་ཁུ་ཧྥུའུ།
མཐར་ཕྱིན་སློབ་གྲྭ།
མོ་ཉི་ཧེ་སློབ་ཆེན་དང་སི་ཐུ་ལཱ་སི་པའོ་སློབ་ཆེན།
1 ​ལོ་རྒྱུས།

ཨའོ་ཐུའོ•ལུ་ཝེ་ནི་སྤྱི་ལོ1873ལོའི་ཟླ6པའི་ཚེས3ཉིན་འཇར་མན་གྱི་ཧྥ་ལན་ཁུ་ཧྥུའུ་རུ་སྐྱེས་པ་དང་མོ་ཉི་ཧེ་སློབ་ཆེན་དང་སི་ཐུ་ལཱ་སི་པའོ་སློབ་ཆེན་ནས་སློབ་མཐར་ཕྱིན་པ་ཡིན་ལ། སློབ་མཐར་ཕྱིན་རྗེས་ཨོ་སི་ཁྲུ་ལི་ཡའི་ཀུ་ལཱ་ཚི་སློབ་ཆེན་དུ་ཕེབས་ནས་ཞིབ་འཇུག་གི་ཕྱག་ལས་གནང་། ཁོང་དང་ཧེང་ལི•ཧཱ་ལི་ཐུ•ཏའེ་ཨེར་གཉིས་ཀྱིས་མཉམ་དུ་དབང་རྩའི་ངར་ལངས་པའི་རྫས་འགྱུར་བརྒྱུད་སྤྲོད་གསར་རྟོགས་བྱུང་པས་སྤྱི་ལོ1936ལོའི་ནུའོ་པེ་ཨེར་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའ་ཐོབ། ནཱ་ཚུའེ་ལ་གཡོལ་བའི་ཆེད་སྤྱི་ལོ1940ལོར་ཨ་རིར་གནས་སྤོས་ནས་ཨ་རིའི་སྤྱི་དམངས་སུ་གྱུར་བ་དང་ཉིའུ་ཡུའེ་སློབ་ཆེན་དུ་དགེ་རྒན་གྱི་འགན་བཞེས། སྤྱི་ལོ1961ལོར་ཉིའུ་ཡུའེ་གྲོང་ཁྱེར་ནས་ཚེ་ལས་འདས།


དཔྱད་གཞིའི་ཡིག་ཆ།