ཏུའོ་དབྱི་ཞི།སྔ་མའི་པར་གཞི་དེ ཀླུKlu  ནས 2021-08-27 14:52ལ་འགྲུབ།

ཏུའོ་དབྱི་ཞི།

ཏུའོ་དབྱི་ཞི།
ཁོང་ནི་སྤྱི་ལོ1893ལོའི་ཟླ11པའི་ཚེས3ཉིན་ཨ་རིའི་དབྱི་ལི་ནུའོ་སི་ཀྲོའུ་ཡི་ཧུའོ་མཱ་རུ་སྐུ་འཁྲུངས་ཤིང་། ཨ་རིའི་སྐྱེ་དངོས་རྫས་འགྱུར་རིག་པ་ཞིག་ཡིན། ཁོང་གིས་འཚོ་རྒྱུKདང་དེའི་གྲུབ་ཚུལ་དང་ལུས་ཁམས་ཀྱི་ནུས་པ་ཤེས་རྟོགས་བྱུང་བའི་དབང་གིས་ཧེང་ལི་ཁུ·ཏཱ་མུའུ(Henrik Dam)དང་མཉམ་དུ་སྤྱི་ལོ1943ལོའི་ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་གི་བྱ་དགའ་བླངས། སྤྱི་ལོ1986ལོའི་ཟླ10པའི་ཚེས23ཉིན་གཤེགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
爱德华·阿德尔伯特·多伊西
ཕྱི་ཡིག་གི་མིང་།
Edward Adelbert Doisy
སྐྱེས་ལོ།
སྤྱི་ལོ1893ལོའི་ཟླ11པའི་ཚེས3ཉིན།
འདས་ལོ།
སྤྱི་ལོ1986ལོའི་ཟླ10བའི་ཚེས23ཉིན།
སྐྱེས་ཡུལ།
ཨ་མེ་རི་ཁའི་དབྱི་ལི་ནུའོ་སི་ཀྲོའུ་ཡི་ཧུའོ་མཱ།
ལས་རིགས།
སྐྱེ་དངོས་རྫས་འགྱུར་རིག་པ་བ།
1 ​ངོ་སྤྲོད།

ཨའེ་ཏུ་ཧྭ•ཨཱ་ཏུ་ཨེར་པོ་ཐུ•ཏུའོ་དབྱི་ཞི་ནི་སྤྱི་ལོ1893ལོའི་ཟླ11པའི་ཚེས3ཉིན་ཨ་རིའི་དབྱི་ལི་ནུའོ་སི་ཀྲོའུ་ཡི་ཧུའོ་མཱ་རུ་སྐུ་འཁྲུངས་ཤིང་། དབྱི་ལི་ནུའོ་སི་སློབ་ཆེན་དུ་ཞུགས་ནས་སློབ་སྦྱོང་བྱས་པ་དང་རྗེས་སུ་ཧཱ་ཧྥོ་སློབ་ཆེན་དུ་བསྒྱུར། སྤྱི་ལོ1920ལོར་ཁོང་ལ་མཚན་ཉིད་རིག་པའི་འབུམ་རམས་པའི་བསླབ་གནས་ཐོབ། 

སྤྱི་ལོ1915ལོ་ནས་སྤྱི་ལོ1919ལོའི་བར་ཨ་རིའི་སྐམ་དམག་ནང་ཞུགས་ནས་དམག་ཞབས་བྱས། དམག་ཁོངས་ནས་ཕྱིར་ལོག་རྗེས་སྤྱི་ལོ1920ལོ་ནས་བཟུང་སྔ་རྗེས་སུ་ཧྭ་ཧྲེང་ཏུན་སློབ་ཆེན་དང་ཧྲེང་ལུའུ་དབྱི་སི་སློབ་ཆེན་དུ་སྐྱེ་དངོས་རྫས་འགྱུར་འཆད་ཁྲིད་དགེ་རྒན་དང་དགེ་རྒན་ཆེན་མོ་གཞོན་པ། སྐྱེ་དངོས་རྫས་འགྱུར་པུའུ་ཡི་པུའུ་ཀྲང་སོགས་ཀྱི་འགན་བཞེས། 

ཁོང་གིས་ད་དུང་མཚན་མའི་སྐུལ་རྩིའི་ཚད་གཞི་གཅིག་གྱུར་གྱི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཨ་རིའི་སྐྱེ་དངོས་རྫས་འགྱུར་སློབ་ཚོགས་ཀྱི་ཚོགས་གཙོ། ནང་ཟགས་ཐོན་སློབ་ཚོགས་ཀྱི་ཚོགས་གཙོ། ཚོད་ལྟའི་སྐྱེ་དངོས་སློབ་ཚོགས་ཀྱི་ཚོགས་གཙོ། གསོ་རིག་མཐུན་ཚོགས་ཀྱི་ཚོགས་གཙོ་སོགས་སྤྱི་ཚོགས་ཀྱི་ལས་འགན་ཡང་ཁུར་མྱོང་།  ཨ་རིའི་སྐྱེ་དངོས་རྫས་འགྱུར་རིག་པ་ཞིག་ཡིན། 

སྤྱི་ལོ1943ལོའི་ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་གི་བྱ་དགའ་བླངས། སྤྱི་ལོ1986ལོའི་ཟླ10པའི་ཚེས23ཉིན་གཤེགས།

2 གྲུབ་འབྲས་གཙོ་བོ།

ཨའེ་ཏུ་ཧྭ•ཨཱ་ཏུ་ཨེར་པོ་ཐུ•ཏུའོ་དབྱི་ཞི་ཡིས་འཚོ་བཅུདKལ་ཞིབ་འཇུག་བྱས་པར་གྲུབ་འབྲས་ཆེན་པོ་ཐོབ་པ་དང་། སྤྱི་ལོ1939ལོར་ཁོང་གིས་འཚོ་བཅུདK1དང་འཚོ་བཅུདK2གཙང་འདོན་བྱས་ཤིང་། དེའི་རྗེས་སུ་ཁོང་གིས་ཡང་འཚོ་བཅུདK1དངK2ཡི་དངོས་ལུགས་རྫས་འགྱུར་རང་བཞིན་ལ་གཞིགས་ནས་ཞིབ་འཇུག་བྱས་ཏེ། འཚོ་བཅུདK1དངK2ཀྱི་གྲུབ་ཚུལ་བདེན་དཔང་དང་གཏན་འཁེལ་བྱས་པ་དང་། དེ་དག་གི་རྨང་གཞིའི་སྟེང་འཚོ་བཅུདK3སྡེབ་སྦྱོར་བྱས་ཤིང་ཆེད་ཁེ་ཐོབ་པ་རེད། ཁོས་ད་དུང་གཤེར་མའི་ཕུང་རྩི་དང་ཁྲག་གི་ལྷོད་གཏོང་མ་ལག མཁྲིས་ཁུ་སྐྱུར་གྱི་བརྗེ་ཚབ། འབུ་ཕྲ་འགོག་རྒྱུ་སོགས་ལ་ཞིབ་འཇུག་བྱས་ཡོད།

འཚོ་རྒྱུKལ་ཞིབ་འཇུག་དང་ལེགས་སྐྱེས་ཕུལ་བའི་དབང་གིས་ཁོང་དང་ཏེན་མག་གི་གསོ་རིག་མཁས་ཅན་ཏཱ་མུའུ་ཡིས་སྤྱི་ལོ1943ལོའི་ནོ་པེརལུས་ཁམས་རིག་པ་དང་གསོ་རིག་གི་བྱ་དགའི་དངུལ་མཉམ་སྤྱོད་བྱས་པ་རེད། ཁོ་ལ་ད་དུང་བྱ་དགའི་རྟགས་མ་དང་བྱས་རྗེས་གཟེངས་རྟགས་གཞན་དག་མང་པོ་ཐོབ་མྱོང་།


དཔྱད་གཞིའི་ཡིག་ཆ།