ཨཱ་ཏུ་ལི་ཨན།སྔ་མའི་པར་གཞི་དེ ཀླུKlu  ནས 2021-08-27 14:52ལ་འགྲུབ།

ཨཱ་ཏུ་ལི་ཨན།

ཨཱ་ཏུ་ལི་ཨན།
ཁོང་ནི་སྤྱི་ལོ1889ལོའི་ཟླ11ཚེས30ཉིན་དབྱིན་ཇིའི་ལུན་ཏུན་དུ་སྐུ་འཁྲུངས་ཤིང་། དབྱིན་ཇིའི་གློག་རྣམ་ལུས་ཁམས་རིག་པ་བ་ཞིག་ཡིན། ཁོང་དང་ཁྲ་ཨེར་སི·སི་ཁུ་ཐུ·ཞེ་ལིན་ཏུན་གཉིས་ཀྱིས་མཉམ་དུ་དབང་རྩའི་བྱེད་ལས་ཕྱོགས་ཀྱི་གསར་རྟོགས་ལ་བརྟེན་ནས་སྤྱི་ལོ1932ལོར་ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའ་བླངས། སྤྱི་ལོ1977ལོའི་ཟླ8པའི་ཚེས4ཉིན་ལུན་ཏུན་དུ་སྐུ་གཤེགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
埃德加·阿德里安
ཕྱི་ཡིག་གི་མིང་།
Edgar Adrian
མཚན་ཧྲིལ་པོ།
ཨའེ་ཏུ་ཅཱ•ཨཱ་ཏུ་ལི་ཨན།
རྒྱལ་ཁབ།
དབྱིན་ཇི།
འཁྲུངས་ཡུལ།
ལུན་ཏུན།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1889.11.30-1977.8.4)
མཐར་ཕྱིན་སློབ་གྲྭ།
ཅན་ཆའོ་སློབ་ཆེན།
བསླབ་གནས།
འབུམ་རམས་པ།
གྲུབ་འབྲས་གཙོ་བོ།
ཨཱ་ཏུ་ལི་ཨན་ནི་དབང་རྩ་འཁྲུག་པོར་གྱུར་བའི་གློག་གི་ནུས་པར་ཞིབ་འཇུག་བྱེད་པའི་ཆེད་མཁས་པ་དང་པོ་ཡིན།
1 ​ངོ་སྤྲོད།

ཨའེ་ཏུ་ཅཱ·ཨཱ་ཏུ་ལི་ཨན་ནི་སྤྱི་ལོ1889ལོའི་ཟླ11ཚེས30ཉིན་དབྱིན་ཇིའི་ལུན་ཏུན་དུ་སྐུ་འཁྲུངས་ཤིང་། དབྱིན་ཇིའི་གློག་རྣམ་ལུས་ཁམས་རིག་པ་བ་ཞིག་ཡིན། ཅན་ཆའོ་སློབ་གྲྭ་ཆེན་མོའི་གསུམ་གཅིག་སློབ་གླིང་དུ་ཞུགས་ནས་གསོ་རིག་སློབ་སྦྱོང་བྱས། སྤྱི་ལོ1915ལོར་ཁོར་གསོ་རིག་འབུམ་རམས་པའི་བསླབ་གནས་ཐོབ། སྤྱི་ལོ1913ལོར་ཅན་ཆའོ་གསུམ་གཅིག་སློབ་གླིང་དུ་ཞིབ་འཇུག་པའི་འགན་བཞེས་ནས་སྟོང་སངས་དབང་རྩའི་འགུལ་སྐྱོད་གློག་རྒྱུན་ལ་ཞིབ་འཇུག་བྱས། 

འཛམ་གླིང་འཁྲུག་ཆེན་ཐེངས་དང་པོའི་སྐབས་སུ་དམག་དཔུང་དུ་དམག་མིའི་སྨན་པའི་འགན་ཁུར། སྤྱི་ལོ1916ལོར་ཕྱིར་ཅན་ཆའོ་སློབ་ཆེན་དུ་ལོག་ནས་ལུའུ་ཁཱ་སི་ཞིབ་འཇུག་ཁང་གི་ཀྲུའུ་རེན་གྱི་འགན་བཞེས། རྗེས་སུ་སློབ་གྲྭ་དེ་གའི་ནད་ལུགས་རིག་པའི་དགེ་རྒན་ཆེན་མོ་གནང་། 

སྤྱི་ལོ1950ལོར་གོང་མའི་གསོ་རིག་སློབ་ཚོགས་ཀྱི་ཚོགས་གཙོར་བདམས། སྤྱི་ལོ1951ལོར་ཅན་ཆའོ་སློབ་གྲྭ་ཆེན་མོའི་གསུམ་གཅིག་སློབ་གླིང་གི་འགོ་འཛིན་གྱི་འགན་བཞེས། 

སྤྱི་ལོ1955ལོར་དབྱིན་ཇིའི་གོང་མ་ཚང་གིས་ཁོ་ལ་སྐུ་དྲག་གི་མཚན་ཐོབ་དང་ཆོ་ལོ་བསྩལ། སྤྱི་ལོ1977ལོར་ལུན་ཏུན་དུ་སྐུ་གཤེགས་པ་དང་སྐབས་དེར་དགུང་ལོ87ཡིན།

སྤྱི་ལོ1932ལོར་ཁོང་དང་ཁྲ་ཨེར་སི·སི་ཁུ་ཐུ·ཞེ་ལིན་ཏུན་གཉིས་ཀྱིས་མཉམ་དུ་དབང་རྩའི་བྱེད་ལས་ཕྱོགས་ཀྱི་གསར་རྟོགས་ལ་བརྟེན་ནས་ནོ་པེར་སྐྱེས་ཁམས་རིག་པའམ་གསོ་རིག་བྱ་དགའ་བླངས།  

2 གྲུབ་འབྲས།

ཨཱ་ཏུ་ལི་ཨན་ནི་དབང་རྩ་འཁྲུག་པོར་གྱུར་བའི་གློག་གི་ནུས་པར་ཞིབ་འཇུག་བྱེད་པའི་ཆེད་མཁས་པ་དང་པོ་ཡིན། ཅན་ཆའོ་སློབ་ཆེན་དུ་ཡོད་པའི་སྐབས་སུ་ཁོས་སྦལ་བ་བེད་སྤྱད་དེ་དབང་རྩ་འཁྲུག་པོར་གྱུར་བའི་བརྒྱུད་འདྲེན་གྱི་ཕྱོགས་ཀྱི་ཚོད་ལྟ་བྱས་ཏེ། དབང་རྩའི་སྣེ་རྩེའི་དབང་པོར་ཕོག་ཐུག་ཐེབས་སྐབས་བརྒྱུད་འདྲེན་དབང་རྩའི་ཚི་སྣའི་ངར་ལངས་བའི་ཟློས་ཕྱོད་འགྱུར་ལྡོག་བྱུང་བ་ལས་དྲག་ཚད་མི་འགྱུར་བ་ཤེས་རྟོགས་བྱུང་བ་དང་། ད་དུང་ཚོར་ཤེས་ངར་ལངས་བའི་ཟློས་ཕྱོད་དང་ཀླད་ཆེན་གྱི་ཚོར་ཤེས་འཁྲུག་པོ་བྱུང་བའི་ཁུལ་དེ་དབང་རྩའི་སྣེ་རྩེའི་ཕོག་ཐུག་ལ“གོམས་འཇགས་རང་བཞིན”ཡོད་པ་ཤེས་རྟོགས་བྱུང་། དེ་མིན་ད་དུང་ཀླད་སྙིང་དང་ཀླད་ཆེན་ཁུལ། ཁུལ་གཞན་དག་གིས་ངར་ལངས་ཚུལ་སྣ་ཚོགས་ལ་ཚུར་སྣང་མི་འདྲ་བ་ཡོད་པ་ཤེས་རྟོགས་བྱུང་ལ་དེ་ནི་མིང་དུ་གྲགས་པའི་དབང་རྩའི་རྒྱུ་ཡི་ནུས་པ་ཡིན་ཞིང་། ཞིབ་འཇུག་གི་གྲུབ་འབྲས་འདིས་མི་རྣམས་ལ་ཚོར་བ་དང་ཤ་གནད་བར་གྱི་དམ་ཟབ་ཀྱི་འབྲེལ་བར་སྔར་ལས་ལྷག་པའི་སྒོ་ནས་རྒྱུས་ལོན་པར་བྱས།

སྤྱི་ལོ1934ལོར་ཁོང་གིས་མུ་མཐུད་དུ་སྣོམ་ཚོར་དང་ཀླད་པའི་སྐྱེ་དངོས་གློག་ལས། ལྷག་པར་དུ་ཀླད་པའི་རླབས་ཕྲེང་རྒྱུན་ལྡན་མིན་པའི་འགུལ་སྐྱོད་བཅས་ལ་ཞིབ་འཇུག་བྱས་ཏེ། བརྒྱལ་གཟེར་ནད་གཙོས་པའི་ཀླད་པའི་འགལ་རྐྱེན་ནད་གཞན་དག་ཞིབ་འཇུག་བྱེད་པར་ཁྱབ་ཁོངས་གསར་པ་ཞིག་བཏོད་པ་རེད།

སྤྱི་ལོ1932ལོར་དབང་རྩའི་རྒྱུའི་ནུས་པ་ཤེས་རྟོགས་བྱུང་བར་བརྟེན་ནས་དབྱིན་ཇིའི་ནད་ལུགས་རིག་པ་བ་ཁྲ་ཨེར་སི·སི་ཁུ་ཐུ·ཞེ་ལིན་ཏུན་དང་མཉམ་དུ་ནོ་པེར་སྐྱེས་ཁམས་རིག་པའམ་གསོ་རིག་བྱ་དགའི་དངུལ་ཐོབ་པ་རེད། 

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཅན་ཆའོ། དབང་རྩ། དབྱིན་ཇི།