རྒྱ་ཡིག 成办比丘仪轨,授比丘戒仪则
1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། གསོལ་བཞིའི་ལས་ཀྱི་ཆོ་ག་ཚང་ལ་མ་ནོར་མ་འཁྲུགས་པ་དང༌། བྱེ་བྲག་སྦྱོར་དངོས་རྗེས་གསུམ་གྱི་བྱ་བ་སྟེ། སྦྱོར་བ་མངོན་གྱུར་དང་པོ་ནས་དགུ་པའི་བར་གྱི་ཆོས་རྣམས་སྔོན་སོང་ནས། དངོས་གཞི་ལས་མངོན་གྱུར་གྱིས་གསོལ་བའི་ལས་བྱས་ཤིང་ཆགས་པའི་སྒོ་ནས་དགེ་འདུན་ལས་བསྙེན་པར་རྫོགས། རྗེས་སུ་སྡོམ་པ་ཐོབ་མཚམས་ཀྱི་དུས་གོ་བརྗོད་པ་དང་གདམས་ངག་བཅུ་གཅིག་གིས་བསླབ་པ་བརྗོད་པ་བཅས་གྲུབ་པའོ། ། 成办比丘仪轨,授比丘戒仪则。总须白四羯磨仪轨圆满,无有错乱。细则分为加行、正行、结行三段进行。加行须以第一乃至第九现前诸法为先;正行则依羯磨现前,完成启白,从僧伽众正授近圆;结行告知得戒时刻,依十一诫诵说学处,而后完成。
2.སྨོན་ལམ་ཚིག་མཛོད་ཆེན་མོ་ལས། གསོལ་བཞིའི་ལས་ཀྱི་ཆོ་ག་ཚང་ལ་མ་ནོར་མ་འཁྲུགས་པ་དང༌། བྱེ་བྲག་སྦྱོར་དངོས་རྗེས་གསུམ་གྱི་བྱ་བ་སྦྱོར་བ་མངོན་གྱུར་དང་པོ་ནས་དགུ་པའི་བར་གྱི་ཆོས་རྣམས་སྔོན་སོང་ནས། དངོས་གཞི་ལས་མངོན་གྱུར་གྱིས་གསོལ་བའི་ལས་བྱས་ཤིང་ཆགས་པའི་སྒོ་ནས་དགེ་འདུན་ལས་བསྙེན་པར་རྫོགས། རྗེས་སུ་སྡོམ་པ་ཐོབ་མཚམས་ཀྱི་དུས་གོ་བརྗོད་པ་དང་གདམས་ངག་བཅུ་གཅིག་གིས་བསླབ་པ་བརྗོད་པ་བཅས་གྲུབ་པའོ། །