ཅིའོ་ཧུ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་།སྔ་མའི་པར་གཞི་དེ དཔལ་ལྷ་མོ།  ནས 2021-05-25 09:30ལ་འགྲུབ།

ཅིའོ་ཧུ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་།

ཅིའོ་ཧུ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་།
ཅིའོ་ཧུ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་ནི་སྤྱི་ལོ1949ལོར་བཙུགས་པ་དང་། ཁྲིམས་ཁང་གི་འདྲི་གཅོད་གཞུང་ལས་ཐོག་ཁང་ད་ལྟའི་ཅིའོ་ཧུ་གྲོང་ཁྱེར་ཁུལ་གསར་གྱི་པེ་ཅིང་ལམ་དུ་ཡོད། སྒྲིག་ཁོངས་སུ་ལས་བྱེད་པ་དང་ཉེན་རྟོག་པ95དང་། རབ་འབྱམས་པའི་ཞིབ་འཇུག་སློབ་མ4 དངོས་གཞིའི་སློབ་མ70 ཆེད་སྦྱོང་སློབ་མ19 འབྲིང་རིམ་ཆེད་སྦྱོང་དང་དེ་མན་གྱི་སློབ་མ2བཅས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
蛟河市人民法院
བཙུགས་ལོ།
སྤྱི་ལོ1949ལོར་བཙུགས།
ཁུལ་ཁོངས།
ཅི་ལིན་ཞིང་ཆེན་ཅིའོ་ཧུ་གྲོང་ཁྱེར་ཁུལ་གསར།
སྦྲག་སྲིད་ཨང་གྲངས།
132500
གནས་ཡུལ།
ཅི་ལིན་ཞིང་ཆེན་ཅིའོ་ཧུ་གྲོང་ཁྱེར་པེ་ཅིན་ལམ།
1 ​ངོ་སྤྲོད།

ཅིའོ་ཧུ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་ནི་སྤྱི་ལོ1949ལོར་བཙུགས་པ་དང་ཁྲིམས་ཁང་གི་འདྲི་གཅོད་གཞུང་ལས་ཐོག་ཁང་ད་ལྟའི་ཅའོ་ཧོ་གྲོང་ཁྱེར་ཁུལ་གསར་གྱི་པེ་ཅིང་ལམ་དུ་གནས་ཡོད། སྒྲིག་ཁོངས་སུ་ལས་བྱེད་པ་དང་ཉེན་རྟོག་པ95དང་། རབ་འབྱམས་པའི་ཞིབ་འཇུག་སློབ་མ4 དངོས་གཞིའི་སློབ་མ70 ཆེད་ཚན་སློབ་མ 19 འབྲིང་རིམ་ཆེད་སྦྱོང་དང་དེ་མན་གྱི་སློབ་མ2བཅས་ཡོད།

2 སྒྲིག་གཞི་སྒྲིག་བཀོད།

ཆབ་སྲིད་ཁྲུའུ་དང་ལག་བསྟར་ཅུས། ཉེས་དོན་འདྲི་གཅོད་ཁྲིམས་ས། དམངས་དོན་འདྲི་གཅོད་ཁྲིམས་ས་དང་པོ། དམངས་དོན་འདྲི་གཅོད་ཁྲིམས་ས་གཉིས་པ། སྲིད་འཛིན་འདྲི་གཅོད་ཁྲིམས་ས། ནགས་ལས་འདྲི་གཅོད་ཁྲིམས་ས། གྱོད་དོན་ཐོ་འགོད་ཁྲིམས་ས། འདྲི་གཅོད་ལྟ་སྐུལ་ཁྲིམས་ས། འདྲི་གཅོད་དོ་དམ་ཁང་། ལྟ་ཞིབ་ཁང་། གཞུང་ལས་ཁང་། ཁྲིམས་འཛིན་ཉེན་རྟོག་རུ་ཆེན་དང་ཐན་ཀང་ཁྲིམས་ར། དེའི་ནང་ཆབ་སྲིད་ཁྲུའུ་ཡི་ནང་ལས་བྱེད་ཁོའོ་དང་དྲུང་ཡིག་དོ་དམ་ཁའོ་བཙུགས་ཡོད་པ་དང་། ལག་བསྟར་ཅུའུ་ནང་ལག་བསྟར་ཁོའོ་དང་ལྟ་སྐུལ་ཁའོ་བཙུགས་ཡོད།

3 ཁྲིམས་ཁང་འཛུགས་སྐྲུན།

ཉེ་བའི་ལོ་འགའི་རིང་ཅིའོ་ཧུ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་གིས་ལོ་རེར་ཆ་སྙོམས་གྱོད་གཞི3000ལྷག་ཙམ་བསྡུ་ལེན་བྱས་ཡོད། མིག་སྔའི་ཛ་དྲག་ཆེ་བའི་སྤྱི་ཚོགས་ཀྱི་གནས་བབ་དང་འཕེལ་རྒྱས་ཀྱི་དགོས་མཁོའི་མདུན་དུ་ཅིའོ་ཧུ་གྲོང་ཁྱེར་ཁྲིམས་ཁང་གི་སྐབས་གསར་པའི་མགོ་ཁྲིད་ཚན་ཁག་གིས“བསམ་གཞིགས་གསུམ་དང་ཕན་འབྲས་གསུམ”གྱི་ཁྲིམས་འཛིན་འདུ་ཤེས་གསར་པ་བཏོན་ཡོད་པས། ཆབ་སྲིད་ཀྱི་བསམ་གཞིགས་དང་བཅའ་ཁྲིམས་ཀྱི་བསམ་གཞིགས། མཚན་ཉིད་རིག་པའི་བསམ་གཞིགས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་། སྲིད་གཞུང་དང་མི་དམངས་མང་ཚོགས་ཀྱིས་ཁས་ལེན་གང་ལེགས་དང་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད། གྱོད་དོན་ཐོ་འགོད་དང་མཉམ་གྲོས་ལམ་ལུགས་བཙུགས་ནས་གྱོད་དོན་ཐོ་འགོད་བྱེད་པའི་ལྷུ་ཚིགས་སུ་གཏན་འཇགས་ཀྱི་གྱོད་དོན་ཐོ་འགོད་གྲོས་མོལ་ཚོ་ཆུང་བཙུགས་ཏེ་ཞིབ་གཅོད་བྱེད་རིང་དོན་དངོས་རྩད་ཆོད་དཀའ་བ་དང་ཚོགས་པའི་གཏུག་བཤེར། སྤྱི་ཚོགས་ཀྱི་དོ་ཁུར་སོགས་དོགས་གནད་དང་རྙོག་འཛིང་ཆེ་བའི་གྱོད་གཞིར་ཞིབ་འཇུག་བྱས་ནས་ཐུན་མོང་གི་ངོས་འཛིན་ཆགས་རྗེས་སླར་ཡང་གྱོད་དོན་ཐོ་འགོད་བྱས་ཡོད། གྱོད་དོན་ཐོ་འགོད་མ་བྱས་པའི་རིགས་དོ་བདག་ལ་བཅའ་ཁྲིམས་ཀྱི་འགྲེལ་བཤད་དང་ཐག་གཅོད་ཀྱི་གྲོས་འགོ་བཏོན་ནས“གྱོད་དོན་ཐོ་འགོད་བྱས་ཀྱང་འདྲི་གཅོད་བྱེད་མི་ཐུབ་པ་དང་། འདྲི་གཅོད་བྱས་ཀྱང་ལག་བསྟར་བྱེད་མི་ཐུབ་པའི”གནད་དོན་ནུས་ལྡན་ངང་ཞི་ལྷོད་དུ་བཏང་ཡོད། ཉེས་དོན་ཞོར་གཏོགས་དམངས་དོན་འདུམ་འགྲིག་ལས་དོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས་ལོ་བཞི་ལ་བསྟུད་མར་དམངས་དོན་འདུམ་འགྲིག་བྱེད་ཚད100%ཟིན་པ་དང་ཅི་ལིན་ས་ཁུལ་དུ་ལས་ཀའི་ཉམས་མྱོང་ངོ་སྤྲོད་བྱས་ཡོད། ལག་བསྟར་རྒྱུ་ནོར་གཅིག་སྡུད་འདྲི་རྩད་ཚོགས་ཆུང་བཙུགས་ནས་ཁོངས་གཏོགས་ཁུལ་གྱི་དངུལ་རྩའི་སྒྲིག་གཞི་བདུན་དུ་གཅིག་སྡུད་ཐོག་ལག་བསྟར་བྱ་ཡུལ་གྱི་བཅོལ་དངུལ་གནས་ཚུལ་འདྲི་རྩད་བྱས་པ་དང་། ས་ཆ་དང་སྡོད་ཁང་དོ་དམ། འགྲིམ་འགྲུལ་ཉེན་རྟོག་པ་སོགས་སྡེ་ཚན་དུ་རྒྱུ་ནོར་གཞན་དག་འདྲི་རྩད་བྱས་ཏེ་ལག་བསྟར་བྱེད་ཆོག་པའི་རྒྱུ་ནོར་ལ་བཀག་སྡོམ་དང་། སྒོ་ཐེལ་རྒྱག་པ། འཐེན་སྤྲོད་སོགས་བཙན་ཤེད་ཀྱི་བྱེད་ཐབས་སྤྱད་དེ་ལག་བསྟར་གསོག་གྱོད་ཁག་གཅིག་ལག་བསྟར་ཐུབ་རྒྱུར་སྐུལ་མ་བཏང་བ་རེད། ཁྲིམས་ཁང་གི་རིག་གནས་འཛུགས་སྐྱོང་གི་སིམ་ཤུགས་དང་འདྲེན་ཤུགས། ཡིད་དབང་འགུག་ནུས་བཅས་འདོན་སྤེལ་བྱེད་པར་དོ་སྣང་བྱས་ཏེ། གཞུང་ལས་ཐོག་ཁང་དུ“རིག་གནས་བར་ཁྱམས་རིང”དང“རིག་གནས་གྱང”ཞིབ་ཚགས་ཀྱིས་བཀོད་སྒྲིག་བྱས་པ་དང་། མངོན་གསལ་དོད་པའི་གནས་སུ་སྲིད་གཙང་ཉེན་རྟོག་གི་ཚིག་སྦྱར་བ། མི་སེམས་འགུལ་བའི་ལེགས་བཤད་སྤེལ་བ་བཅས་བྱེད་བཞིན་ཡོད།

4 གཟི་བརྗིད་མཚན་སྙན།

སྤྱི་ལོ2009ལོ་དང2010ལོར་ཅི་ལིན་གྲོང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་དུས་བདེའི་ཤེས་དཔལ་སྔོན་ཐོན་ཚན་པར་བདམས་པ་དང་། སྤྱི་ལོ2009ལོར་ཅི་ལིན་ཞིང་ཆེན་ཁྲིམས་ཁང་གིས་བསམ་བློ་ཆབ་སྲིད་ལས་ཀའི་སྔོན་ཐོན་ཚན་པར་བདམས། སྤྱི་ལོ2008ལོ་ནས2010ལོའི་བར་ཅི་ལིན་གྲོང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་བསམ་པའི་དཔལ་ཡོན་སྔོན་ཐོན་ཚན་པར་བདམས། སྤྱི་ལོ2010ལོར་ཅི་ལིན་གྲོང་ཁྱེར་སྲིད་གཞུང་གིས་ཐུན་མོང་གི་བྱས་རྗེས་རིམ་པ་གཉིས་པ་བཞག་པ་རེད། སྤྱི་ལོ2011ལོར་ཅི་ལིན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཐུན་མོང་གི་བྱས་རྗེས་རིམ་པ་གསུམ་པར་བཀོད་པ་དང་། སྤྱི་ལོ2011ལོར་ཅི་ལིན་ཞིང་ཆེན་ཁྲིམས་ཁང་གིས་བསམ་བློ་ཆབ་སྲིད་ལས་ཀའི་སྔོན་ཐོན་ཚན་པར་བདམས། སྤྱི་ལོ2011ལོར་ཅི་ལིན་ཞིང་ཆེན་ཁྲིམས་ཁང་གིས་ཏང་འཛུགས་སྐྱོང་ལས་ཀའི་སྔོན་ཐོན་ཐུན་མོང་ལ་བདམས་པ་རེད། སྤྱི་ལོ2012ལོར་ཅིའོ་ཧུ་གྲོང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་ཁྲིམས་ལྟར་བརྟན་བརླིང་སྲུང་སྐྱོང་གི་སྔོན་ཐོན་ཚིགས་པ་དང་། སྲིད་ཁྲིམས་ལས་དོན་གྱི་སྔོན་ཐོན་ཐུན་མོང་། ཚོང་འགུགས་མ་འདྲེན་གྱི་སྔོན་ཐོན་ཚན་པར་བདམས་པ་དང་། སྤྱི་ལོ2012ལོར་ཅི་ལིན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས“ཁྲིམས་འཛིན་སྤྱི་རྟོན་མཐོར་གཏོང་ལོའི”སྔོན་ཐོན་ཚན་པར་བདམས། སྤྱི་ལོ2012ལོར་ཅི་ལིན་ཞིང་ཆེན་ཁྲིམས་ཁང་གིས་ཁྲིམས་འཛིན་གསར་འགྱུར་དྲིལ་སྒྲོག་ལས་དོན་གྱི་སྔོན་ཐོན་ཚན་པར་བདམས་པ་རེད། སྤྱི་ལོ2013ལོར་ཅི་ལིན་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས“ཐུན་མོང་གི་བྱས་རྗེས་རིམ་པ་གསུམ་པའི”མཚན་སྙན་སྤྲད་པ་དང་། སྤྱི་ལོ2013ལོར་ཅི་ལིན་གྲོང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་བསམ་པའི་དཔལ་ཡོན་སྔོན་ཐོན་ཚན་པར་བདམས། སྤྱི་ལོ2013ལོར་ཉེས་དོན་འདྲི་གཅོད་ཁྲིམས་རར་ཅི་ལིན་ཞིང་ཆེན་ཁྲིམས་ཁང་གིས་ཐུན་མོང་གི་བྱས་རྗེས་རིམ་པ་གཉིས་པར་བཀོད་པ་རེད།

དཔྱད་གཞིའི་ཡིག་ཆ།