ཏུ་ཧུའེ་གྲོང་ཁྱེར་ཁྲིམས་འཛིན་ཅུའུ།སྔ་མའི་པར་གཞི་དེ དཔལ་ལྷ་མོ།  ནས 2021-05-25 09:30ལ་འགྲུབ།

ཏུ་ཧུའེ་གྲོང་ཁྱེར་ཁྲིམས་འཛིན་ཅུའུ།

ཏུ་ཧུའེ་གྲོང་ཁྱེར་ཁྲིམས་འཛིན་ཅུའུ།
ཀྲུང་དབྱང་དང་ཞིང་ཆེན། གྲོང་ཁྱེར་བཅས་ཀྱིས་གཏན་འབེབས་བྱས་པའི་ཁྲིམས་འཛིན་སྲིད་འཛིན་ལས་ཀའི་བྱེད་ཕྱོགས་དང་སྲིད་ཇུས། བཅའ་ཁྲིམས། ཁྲིམས་སྲོལ། སྒྲིག་སྲོལ་བཅས་ལག་ལེན་མཐར་ཕྱིན་བྱས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
德惠市司法局
འགན་ནུས།
ཁྲིམས་འཛིན་ལས་དོན།
ས་ཁུལ།
ཏུ་ཧུའེ་གྲོང་ཁྱེར།
རིགས་དབྱེ།
སྲིད་འཛིན་སྡེ་ཁག
1 སྒྲིག་གཞིའི་འགན་ནུས།

(གཅིག) གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་དོན་གྱི་དུས་ཡུན་རིང་བའི་འཆར་འགོད་དང་ལོ་འཁོར་གྱི་ལས་ཀའི་འཆར་གཞི་བཟོ་དགོས་པ་མ་ཟད་ལག་བསྟར་བྱེད་ཚུལ་ལ་ལྟ་སྐུལ་ཡང་བྱེད་དགོས།

(གཉིས) ཤང(གྲོང་རྡལ)དང་ཁྲོམ་གཞུང་། ལས་རིགས་ཁག་བཅས་ལ་ཁྲིམས་ལྟར་བཅོས་སྐྱོང་བྱེད་རྒྱུའི་ལས་དོན་ལ་མཐུན་སྦྱོར་དང་ལྟ་སྐུལ་བྱེད་པ། གྲོང་ཁྱེར་ཨུ་ལྷན་གྱི་ཁྲིམས་ལུགས་ལྟར་གྲོང་ཁྱེར་སྐྱོང་རྒྱུའི་མགོ་ཁྲིད་ཚོགས་ཆུང་གི་རྒྱུན་ལྡན་ལས་ཀའི་འགན་འཁུར་དགོས།

(གསུམ) གྲོང་ཁྱེར་ཡོངས་ཀྱི་བཅའ་ཁྲིམས་དྲིལ་བསྒྲགས་སློབ་གསོ་དང་བཅའ་ཁྲིམས་རྒྱུན་ཤེས་ཁྱབ་གདལ་གཏོང་བའི་འཆར་གཞི་ཞིབ་འཇུག་གཏན་འབེབས་བྱེད་པ་མ་ཟད་ལག་བསྟར་སྒྲིག་འཛུགས་ཀྱང་བྱེད་དགོས།

(བཞི) གྲོང་ཁྱེར་ཡོངས་ཀྱི་བཅའ་ཁྲིམས་ཞབས་ཞུའི་ལས་དོན་ལ་མཛུབ་ཁྲིད་དང་དོ་དམ། ལྟ་སྐུལ་བཅས་བྱེད་དགོས་པ་དང་། གྲོང་ཁྱེར་ཡོངས་ཀྱི་ཁྲིམས་རྩོད་པའི་ལས་གཉེར་ཁང་དང་གཞུང་དཔང་ཁང་། གཞི་རིམ་གྱི་བཅའ་ཁྲིམས་ཞབས་ཞུའི་ཁང་བཅས་ཀྱི་ལས་ཀར་ལྟ་སྐུལ་དང་ཁྲིད་སྟོན་བྱེད་དགོས།

(ལྔ) གྲོང་ཁྱེར་ཡོངས་ཀྱི་བཅའ་ཁྲིམས་རོགས་སྐྱོར་ལ་དོ་དམ་དང་མཛུབ་ཁྲིད་བྱེད་པ་དང“148”བཅའ་ཁྲིམས་ཞབས་ཞུའི་ལས་དོན་སྤེལ་བྱེད་དགོས།

(དྲུག) གྲོང་ཁྱེར་ཡོངས་ཀྱི་མི་དམངས་འདུམ་འགྲིག་ལས་ཀར་དོ་དམ་དང་ཁྲིད་སྟོན་བྱེད་དགོས་པ་དང་། ཁྲིམས་ཆད་འཁུར་ཡུན་ལོངས་ནས་གློད་གྲོལ་བྱུང་བའི་སྐྱེ་བོའི་བཀོད་སྒྲིག་དང་རོགས་རམ་སློབ་གསོའི་ལས་དོན་ལ་མཐུན་སྦྱོར་དང་མཛུབ་ཁྲིད་བྱས་ཏེ་གྲོང་ཁྱེར་གྱི་ཉེས་དོན་གློད་གྲོལ་གཏོང་མཁན་བཀོད་སྒྲིག་རོགས་ཁྲིད་མགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་རྒྱུན་ལྡན་ལས་ཀའི་བྱེད་འགན་འཁུར་དགོས། སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་དོན་ནང་ཞུགས་པ། གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་ཁྲིམས་འཛིན་ཁང་གི་ལས་དོན་ལ་མཛུབ་ཁྲིད་བྱེད་དགོས།

(བདུན)གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་བསམ་བློ་ལེགས་སྐྱོང་དང་རྩ་འཛུགས་ལེགས་སྐྱོང་། སྤྱོད་ཚུལ་ལེགས་སྐྱོང་བཅས་བྱེད་འགན་འཁུར་དགོས་པ་དང་། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་དང་མང་ཚོགས་ཚོགས་པའི་ལས་དོན་ལ་མགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་དགོས།

(བརྒྱད) གྲོང་ཁྱེར་སྲིད་གཞུང་གིས་སྤྲད་པའི་ལས་དོན་གཞན་དག་གི་འགན་འཁུར་དགོས་པ་བཅས་ཡིན།


དཔྱད་གཞིའི་ཡིག་ཆ།