ཏུ་ཧུའེ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་།སྔ་མའི་པར་གཞི་དེ དཔལ་ལྷ་མོ།  ནས 2021-05-25 09:30ལ་འགྲུབ།

ཏུ་ཧུའེ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་།

ཏུ་ཧུའེ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་།
ཏུ་ཧུའེ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་ནི་སྤྱི་ལོ1948ལོའི་ཟླ11པར་བཙུགས་ཤིང་། ཁྲིམས་ཁང་གི་འདྲི་གཅོད་གཞུང་ལས་ཐོག་ཁང་དེ་ད་ལྟའི་ཅི་ལིན་ཞིང་ཆེན་ཏུ་ཧུའེ་གྲོང་ཁྱེར་གྱི་པེ་ཏུ་ལམ་ཆེན་གྱི་སྒོ་རྟགས་ཨང1166པར་གནས་ཡོད། ཁྲིམས་ཁང་ཡོངས་སུ་ད་ཡོད་མི་གྲངས108ཡོད་པ་དང་སྒྲིག་ཁོངས་སུ་ཚུད་པའི་མི་སྣའི་ཁྲོད་དངོས་གཞིའི་ཚན་ཁག་ཡན་གྱི་སློབ་གཉེར་བརྒྱུད་རིམ་ལྡན་པས་མི་གྲངས་བསྡོམས་འབོར་གྱི88.9%ཟིན་པ་དང་། རབ་འབྱམས་པ12ཡོད་པ་དེས་མི་གྲངས་བསྡོམས་འབོར་གྱི11.22%ཟིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
德惠市人民法院
བཙུགས་ལོ།
སྤྱི་ལོ1948ལོའི་ཟླ11པར་བཙུགས།
ཁུལ་ཁོངས།
ཅི་ལིན་ཞིང་ཆེན་ཏུ་ཧུའེ་གྲོང་ཁྱེར།
སྦྲག་སྲིད་ཨང་གྲངས།
130300
གནས་ཡུལ།
པེ་ཏུ་ལམ་ཆེན་གྱི་ཨང1166པ།
1 ངོ་སྤྲོད།

ཏུ་ཧུའེ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་ནི་སྤྱི་ལོ1948ལོའི་ཟླ11པར་བཙུགས་ཤིང་། ཁྲིམས་ཁང་གི་འདྲི་གཅོད་གཞུང་ལས་ཐོག་ཁང་དེ་ད་ལྟའི་ཅི་ལིན་ཞིང་ཆེན་ཏུ་ཧུའེ་གྲོང་ཁྱེར་གྱི་པེ་ཏུ་ལམ་ཆེན་གྱི་སྒོ་རྟགས་ཨང1166པར་གནས་ཡོད། ཁྲིམས་ཁང་ཡོངས་སུ་ད་ཡོད་མི་གྲངས108ཡོད་པ་དང་སྒྲིག་ཁོངས་སུ་ཚུད་པའི་མི་སྣའི་ཁྲོད་དངོས་གཞིའི་ཚན་ཁག་ཡན་གྱི་སློབ་གཉེར་བརྒྱུད་རིམ་ལྡན་པས་མི་གྲངས་བསྡོམས་འབོར་གྱི88.9%བཟུང་བ་དང་། རབ་འབྱམས་པ12ཡོད་པ་དེས་མི་གྲངས་བསྡོམས་འབོར་གྱི11.2%ཟིན་ཡོད། ཁྲིམས་ཁང་གི་དཔུང་ཁག་ལ་ཤེས་ལྡན་པ་དང་། ཆེད་ལས་ཅན་བཅས་ཀྱི་ཁྱད་ཆོས་མངོན་ཡོད།

2 སྒྲིག་གཞི་སྒྲིག་བཀོད།

ཏུ་ཧུའེ་ཁྲིམས་ཁང་དུ་ད་ལྟ་གྱོད་དོན་ཐོ་འགོད་ཀྱི་ཁྲིམས་ར་བཙུགས་ཡོད་པ་དང་། ཉེས་དོན་འདྲི་གཅོད་ཁྲིམས་ར་དང་དམངས་དོན་འདྲི་གཅོད་ཁྲིམས་ར་དང་པོ། དམངས་དོན་འདྲི་གཅོད་ཁྲིམས་ར་གཉིས་པ། སྲིད་འཛིན་འདྲི་གཅོད་ཁྲིམས་ས། དཔལ་འབྱོར་གསར་སྤེལ་ཁུལ་དང་། སུང་པོའོ། ཏཱ་ཅཱ་ཀོའུ། ཏཱ་ཧྥང་ཧྲེན། གྲོང་ཁུལ། སྨི་ཧྲ་ཙི་བཅས་མི་དམངས་ཁྲིམས་ར6དང་། འདྲི་གཅོད་ལྟ་སྐུལ་ཁང་དང་ལག་བསྟར་ཅུའུ(གྱོད་གཞི་ལག་བསྟར་ཁོའོ་དང་ཕྱོགས་བསྡུས་ལྟ་སྐུལ་ཁོའོ་ཚུད་པ)གཞུང་ལས་ཁང་། ཆབ་སྲིད་ཁྲུའུ(ལས་བྱེད་པའི་ཁོའོ་དང་དྲུང་ཡིག་དོ་དམ་ཁོའོ)དང་ཞིབ་འཇུག་ཁང་། ཁྲིམས་འཛིན་ཉེན་རྟོག་རུ་ཆེན20བཅས་ཡོད།

3 ཁྲིམས་ཁང་འཛུགས་སྐྲུན།

ཉེ་བའི་ལོ་འགའི་རིང་ཏུ་ཧུའེ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་གིས“བླ་ན་མེད་པ་གསུམ”གྱི་མཛུབ་ཁྲིད་བསམ་བློ་རྒྱུན་འཁྱོངས་བྱས་ཏེ“སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་མི་དམངས་ལ་ཁྲིམས་འཛིན་བྱེད་པ”ཡི་ལས་ཀའི་བརྗོད་བྱ་གཙོ་བོ་ལག་ལེན་ནན་ཏན་བསྟར་བ་དང་། བརྒྱུད་རིམ་དོ་དམ་ལ་ཤུགས་སྣོན་རྒྱག་པ། ལས་བྱེད་ཉེན་རྟོག་པའི་དཔུང་ཁག་ལེགས་སུ་གཏོང་བ། ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་པས་དོ་དམ་ཚད་ལྡན་གོ་རིམ་ལྡན་པ་དང་། གཟུགས་བརྙན་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ། སྒྱུར་བཅོས་ལ་སྐུལ་འདེད། གཅིག“བླ་ན་མེད་པ་གསུམ”སྤྱི་འདོམས་སུ་བྱས་ཏེ་ཁྲིམས་འཛིན་མ་ལག་འཛུགས་སྐྱོང་འཐུས་ཚང་དུ་གཏོང་དགོས།“གནས་གསུམ་གཞི་གཅིག”གི་འདུམ་འགྲིག་ཆེན་པོའི་ལས་ཀའི་མ་ལག་འཛུགས་དགོས།“ཕྱོགས་གསུམ་གཞི་གཅིག”གི་འདུམ་འགྲིག་ཆེན་པོ་སྤེལ་རྒྱུ་དེ་དམངས་དོན་འདྲི་གཅོད་ཀྱི་ཐོག་མཐའ་བར་གསུམ་དུ་ཁྱབ་པ་རྒྱུན་འཁྱོངས་བྱས་ཏེ།“འདུམ་འགྲིག་སྔོན་ལ་བྱེད་པའི”རྩ་དོན་གཞིར་བཟུང་ནས། གཏུག་བཤེར་མ་བྱས་གོང་ལ་ཁ་ཏ་སློབ་སྟོན་དང་བརྒྱུད་རིམ་ཧྲིལ་པོར་འདུམ་འགྲིག ལས་བཅོལ་འདུམ་འགྲིག རིམ་དབྱེ་འདུམ་འགྲིག་བཅས་ཀྱི་ལམ་སྲོལ་དྲུག་གཙོ་གནད་དུ་བཟུང་ནས་གཏུག་བཤེར་མ་བྱས་གོང་དང་གྱོད་ཐོ་འགོད་པ། གཏུག་བཤེར་བྱེད་པ། གཉིས། དམངས་འཚོར་ཞབས་འདེགས་ཞུ་རྒྱུ་གཙོ་གནད་དུ་བཟུང་ནས་ཁྲིམས་འཛིན་ལས་དོན་གྱི་སྤྱི་ཚོགས་གདེང་འཇོག་མ་ལག་ལེགས་བཅོས་བྱས་ཡོད། 1.དམངས་བདེ་གཏུག་བཤེར་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། གྱོད་ཐོ་འགོད་པའི་སྣེ་ལེན་ཚོམས་ཆེན“གཅིག་འཐུས་རྣམ་པའི”ཞབས་ཞུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་གྱོད་ཐོ་འགོད་རིམ་གྱི་ཞུ་གཏུག་ཁྲིད་སྟོན་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་དོ་བདག་གིས་དབང་ཆ་ཡང་དག་སྤྱོད་རྒྱུར་ཁྲིད་སྟོན་བྱེད་དགོས། གཏུག་བཤེར་དང་འབྲེལ་བ་ཡོད་པའི་ཡིག་བསྐུར་ངོ་བཅར་ལས་དོན་གྱི་འདུམ་གཅོད་མ་ལག་འཐུས་ཚང་དུ་གཏོང་དགོས། 2.རང་འགུལ་གྱིས་ཡིག་སྐུར་ངོ་བཅར་ལ་ཞིབ་བཤེར་དང་དུས་ཐོག་ཏུ་ཡིག་སྐུར་ངོ་བཅར་ལ་རྒྱུས་ལོན། རྗེས་འདེད་ངོ་བཅར་སོགས་ཀྱི་བྱེད་ཐབས་སྤྱད་དེ། ཡིག་སྐུར་ངོ་བཅར་གྱི་མངོན་མེད་རྐྱེན་ངན་སེལ་བ་དང་། ཡིག་སྐུར་ངོ་བཅར་གྱི་གྱོད་གཞི་འདུམ་སེལ་བྱས་པས།“ཡིག་སྐུར་ངོ་བཅར་གསར་པ་ཚོད་འཛིན་དང་། བགྲེས་སོང་གི་ཡིག་སྐུར་ངོ་བཅར་འཇུ་ཐབས།གྱོད་གཞི་ཐག་གཅོད”བཅས་ཀྱི་ཕན་འབྲས་ཐོབ་ཡོད། གསུམ། ཁྲིམས་འཛིན་གོ་རིམ་ཚད་ལྡན་དུ་གཏོང་རྒྱུ་གཙོ་གནད་དུ་བཟུང་ནས་གྱོད་གཞིའི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་ཡོད། ཁྲིམས་དཔོན་གྱི་རང་མོས་གཅོད་འཇལ་དབང་ཆ་ཚད་ལྡན་དུ་བཏང་ནས་ཉེས་ཆད་ཚད་འབེབས་ཚད་ལྡན་ཅན་དུ་འགྱུར་བའི་བསྒྱུར་བཅོས་ཁྱོན་ཡོངས་ནས་ཁྱབ་སྤེལ་བཏང་ཡོད། དངོས་གཞིའི་ཐད་བྱས་ཉེས་ཚད་འབེབས་བྱེད་ཐབས་དང་གོ་རིམ་ཁ་གསལ་བཟོས་ནས“ངོ་བོ་གཏན་ཁེལ་དབྱེ་ཞིབ་དང་གྲངས་ཚད་གཏན་ཁེལ་དབྱེ་ཞིབ་ཟུང་དུ་འབྲེལ་བའི”བྱས་ཉེས་ཚད་འབེབས་བྱེད་ཐབས་གཏན་འཁེལ་བྱས་ཏེ་ཁྲིམས་དཔོན་གྱི་ཁྲིམས་གཅོད་དབང་ཆ་ཚད་ལྡན་དུ་བཏང་ཡོད། གོ་རིམ་ཐད་བྱས་ཉེས་ཚད་འབེབས་ཀྱི་གྲོས་མགོ་བཏོན་ནས་བྱས་ཉེས་ཚད་འབེབས་དེ་ཁྲིམས་རའི་ཞིབ་གཅོད་གོ་རིམ་ནང་བཅུག་སྟེ་ལྟོས་བཅས་ཀྱིས་རང་ཚུགས་ཡིན་པའི་བྱས་ཉེས་ཚད་འབེབས་ཀྱི་གོ་རིམ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། ཏུ་ཧུའེ་ཁྲིམས་ཁང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅིས་བཏོན་པའི“ཁྲིམས་སྐྱོང་ཀྲུང་གོའི”འདུ་ཤེས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། “དྲང་སྙོམས་དྲང་བདེན་དང་ཁྲིམས་འཛིན་དམངས་ཀྱི་ཆེད་དུ་ཁྲིམས་འཛིན”ཞེས་པའི་བརྗོད་བྱ་གཙོ་བོ་དེར་དམིགས་ནས་འདྲི་གཅོད་འགན་ནུས་ཆེ་རུ་གཏོང་བ་དང་དཔུང་ཁག་འཛུགས་སྐྱོང་ལ་དམ་འཛིན་ནན་པོ་བྱས་ཏེ་ཞི་མཐུན་གྱི་ཏུ་ཧུའེ་དང་ཁྲིམས་སྐྱོང་གི་ཏུ་ཧུའེ། བདེ་སྐྱིད་ཀྱི་ཏུ་ཧུའེ་བཅས་འཛུགས་ཆེད་བྱས་རྗེས་དེ་བས་ཆེ་བ་འབུལ་དགོས།

4 གཟི་བརྗིད་མཚན་སྙན།

ཏུ་ཧུའེ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་དེ་སྤྱི་ལོ2009ལོར་ཅི་ལིན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས“ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་ཁྲིམས་ཁང”ལ་བདམས་པ་དང་། སྤྱི་ལོ2010ལོར་ཅི་ལིན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས“མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱི་འབྲེལ་གཏུག་ལས་ཀའི་སྔོན་ཐོན་སྡེ་ཚན”དང“ཞིང་ཆེན་ཡོངས་ཀྱི་གསར་འགྱུར་དྲིལ་བསྒྲགས་ལས་ཀའི་སྔོན་ཐོན་སྡེ་ཚན”ལ་བདམས་པ་དང་། ཁྲང་ཁྲུན་གྲོང་ཁྱེར་ཨུ་ལྷན་དང་གྲོང་ཁྱེར་སྲིད་གཞུང་གིས“ཡིག་བསྐུར་ངོ་བཅར་ལས་ཀའི་སྔོན་ཐོན་སྡེ་ཚན”ལ་བདམས། ཁྲང་ཁྲུན་གྲོང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱིས“སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལས་ཀའི་སྔོན་ཐོན་ཚན་པར་པར་བདམས། ”སྤྱི་ལོ2011ལོར་ཅི་ལིན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས“ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་ཁྲིམས་ཁང”ལ་བདམས་པ་དང་། ཁྲང་ཁྲུན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས“ཡིག་སྐུར་ངོ་བཅར་ལས་དོན་གྱི་སྔོན་ཐོན་སྡེ་ཚན”དང“འདྲི་གཅོད་དོ་དམ་གྱི་སྔོན་ཐོན་སྡེ་ཚན”ལ་བདམས་པར་མ་ཟད། ཆེད་དོན་གྱི་བྱས་རྗེས་རིམ་པ་གསུམ་པའང་གནང་། སྤྱི་ལོ2012ལོར་ཅི་ལིན་ཞིང་ཆེན་བསམ་པའི་དཔལ་ཡོན་འཛུགས་སྐྱོང་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་རིམ་པའི“བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལས་ཀའི་སྔོན་ཐོན་སྡེ་ཚན”ལ་བདམས་པ་དང་། ཅི་ལིན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་ཁོངས་གཏོགས་ཀྱི“བསམ་བློའི་དྲིལ་བསྒྲགས་ལས་ཀའི་སྔོན་ཐོན་སྡེ་ཚན”ལ་བདམས། ཁྲང་ཁྲུན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁྲང་ཁྲུན་ས་ཁུལ་གྱི“ཡིག་སྐུར་ངོ་བཅར་ལས་ཀའི་སྔོན་ཐོན་སྡེ་ཚན”དང“ཉིན་བརྒྱའི་ཡིག་སྐུར་ངོ་བཅར་འགག་སྒྲོལ་གྱི་སྔོན་ཐོན་ཐུན་མོང”ལ་བདམས་པར་མ་ཟད། 《མི་སེར་དང་བཅའ་ཁྲིམས》ལ“ཐུན་མོང་གི་བྱས་རྗེས་རིམ་པ་གསུམ་པ”ཡང་སྤྲད་པ་རེད། སྤྱི་ལོ2013ལོར་ཅི་ལིན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས“ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་ཁྲིམས་ཁང”ལ་བདམས་པ་དང་ཁྲང་ཁྲུན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས“ཆེད་དོན་ཐུན་མོང་གི་བྱས་རྗེས་རིམ་པ་གསུམ་པ”སྤྲད་པ་དང་། ཏུ་ཧུའེ་གྲོང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས“བུད་མེད་ལས་དོན་གྱི་སྔོན་ཐོན་ཚན་པར”བདམས་པ་རེད།

དཔྱད་གཞིའི་ཡིག་ཆ།