ཡུས་ཧྲུའུ་གྲོང་ཁྱེར་ཁྲིམས་འཛིན་ཅུའུ།སྔ་མའི་པར་གཞི་དེ དཔལ་ལྷ་མོ།  ནས 2021-05-24 16:52ལ་འགྲུབ།

ཡུས་ཧྲུའུ་གྲོང་ཁྱེར་ཁྲིམས་འཛིན་ཅུའུ།

ཡུས་ཧྲུའུ་གྲོང་ཁྱེར་ཁྲིམས་འཛིན་ཅུའུ།
ཡུས་ཧྲུའུ་གྲོང་ཁྱེར་ཁྲིམས་འཛིན་ཅུའུ་ཡིས་རྒྱལ་ཁབ་ཀྱི་བྱེད་ཕྱོགས་དང་སྲིད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་སྡེ་ཁུལ་ཡོ་བསྲང་ལས་དོན་ལ་མཛུབ་ཁྲིད་བྱས་ནས་དུས་ཡུན་རིང་བའི་འཕེལ་རྒྱས་འཆར་འགོད་བཟོས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
榆树市司法局
མཛུབ་སྟོན།
གྲོང་ཁྱེར་ཡོངས་ཀྱི་སྡེ་ཁུལ་ཡོ་བསྲང་བྱ་བ།
ལས་ཁུངས་ཀྱི་འགན་འཁྲི།
རྒྱལ་ཁབ་ཀྱི་བྱེད་ཕྱོགས་དང་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ།
གཏན་འབེབས།
དུས་ཡུན་རིང་བའི་འཕེལ་རྒྱས་འཆར་འགོད།
ངོ་བོ།
ཁྲིམས་འཛིན་ཅུའུ།
1 སྒྲིག་གཞི་སྒྲིག་བཀོད།

1.རྒྱལ་ཁབ་དང་ཞིང་ཆེན། ཁྲང་ཁྲུན་གྲོང་ཁྱེར་བཅས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་དོན་སྐོར་གྱི་བྱེད་ཕྱོགས་དང་སྲིད་ཇུས། བཅའ་ཁྲིམས། ཁྲིམས་སྲོལ་བཅས་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་བྱ་བའི་དུས་ཡུན་རིང་བའི་འཕེལ་རྒྱས་འཆར་འགོད་དང་ལོ་འཁོར་འཆར་གཞི་གཏན་འབེབས་བྱས་པ་མ་ཟད་ལག་བསྟར་ལ་ལྟ་སྐུལ་བྱས།

2.གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ལུགས་ཁྱབ་གདལ་དང་གྲོང་ཁྱེར་ཁྲིམས་ལྟར་སྐྱོང་བའི་འཆར་འགོད་བཟོ་བ་མ་ཟད་སྒྲིག་འཛུགས་ལག་བསྟར་ཡང་བྱེད་དགོས། གྲོང་ཁྱེར་ཡོངས་ཀྱི་སྡེ་ཚན་ཁག་དང་། ཤང(གྲོང་རྡལ་དང་ཁྲོམ་གཞུང)ཁག ལས་རིགས་ཁག་བཅས་ཀྱི་ཁྲིམས་ལུགས་ཁྱབ་གདལ་དང་ཁྲིམས་ལྟར་བཅོས་སྐྱོང་ལས་དོན་ལ་མཛུབ་ཁྲིད་བྱེད་དགོས་པ་དང་། གྲོང་ཁྱེར་ཡོངས་ཀྱི་ཁྲིམས་སྐྱོང་གྲོང་ཁྱེར་གྱི་འབྲེལ་ཡོད་ལས་དོན་ལ་འགན་འཁུར་དགོས།

3.གྲོང་ཁྱེར་ཡོངས་ཀྱི་ཁྲིམས་རྩོད་པ་དང་བཅའ་ཁྲིམས་ཀྱི་རོགས་སྐྱོར། བཅའ་ཁྲིམས་ཀྱི་བློ་འདྲི་བཅས་ཀྱི་ལས་དོན་ལ་མཛུབ་ཁྲིད་དང་དོ་དམ་བྱེད་དགོས་པ། གྲོང་ཁྱེར་་ཡོངས་ཀྱི་སྤྱི་ཚོགས་བཅའ་ཁྲིམས་ཞབས་ཞུའི་ལས་ཁུངས་དོ་དམ་བྱེད་དགོས།

4.གྲོང་ཁྱེར་ཡོངས་ཀྱི་གཞུང་དཔང་ལས་ཁུངས་དང་གཞུང་དཔང་གི་ལས་ཀར་ཁྲིད་སྟོན་དང་དོ་དམ་བྱེད་དགོས།

5.གྲོང་ཁྱེར་ཡོངས་ཀྱིས་སྤྱི་ཚོགས་ཞབས་ཞུར་ཕྱོགས་པའི་ཁྲིམས་འཛིན་གསལ་འབྱེད་ལས་དོན་ལ་མཛུབ་ཁྲིད་དང་དོ་དམ་བྱེད་དགོས།

6.གྲོང་ཁྱེར་ཡོངས་ཀྱི་མི་དམངས་འདུམ་འགྲིག་དང་ཁྲིམས་འཛིན་ཁང་། བཅའ་ཁྲིམས་ཞབས་ཞུ་ཁང་།“148”བཅའ་ཁྲིམས་ཞབས་ཞུའི་ལས་དོན་བཅས་ལ་མཛུབ་ཁྲིད་དང་དོ་དམ་བྱེད་དགོས།

7.གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ཆད་འཁུར་ཡུན་ལོངས་ནས་གློད་གྲོལ་བཏང་བ་དང་ངལ་རྩོལ་སློབ་གཅུན་བྱེད་ཁོངས་ནས་གློད་པའི་མི་སྣའི་བཀོད་སྒྲིག་དང་སློབ་གསོ་བྱེད་རོགས་དང་དོ་དམ་ཚོད་འཛིན་བྱེད་པའི་ལས་ཀར་མཛུབ་ཁྲིད་དང་དོ་དམ་བྱེད་དགོས།

8.གྲོང་ཁྱེར་ཡོངས་ཀྱི་སྡེ་ཁུལ་ཡོ་བསྲང་ལས་དོན་ལ་མཛུབ་ཁྲིད་དང་དོ་དམ་བྱེད་དགོས།