ཡུས་ཧྲུའུ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་།སྔ་མའི་པར་གཞི་དེ དཔལ་ལྷ་མོ།  ནས 2021-05-24 16:54ལ་འགྲུབ།

ཡུས་ཧྲུའུ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་།

ཡུས་ཧྲུའུ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་།
ཡུས་ཧྲུའུ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་ནི་སྤྱི་ལོ1948ལོའི་ཟླ9པར་བཙུགས་ཤིང་། ཡུས་ཧྲུའུ་གྲོང་ཁྱེར་ནུབ་རྒྱུད་གྲོང་གསར་དུ་གནས་པ་དང་། སན་ཧྲེང་ལམ་དང་དར་རྒྱས་ཁྲོམ་གཞུང་གི་འབྲེལ་མཚམས་སུ་ཡོད། ཁྲིམས་ཁང་ཡོངས་སུ་ད་ལྟ་ལས་རིགས་ཁག་གི་ལས་དོན་མི་སྣ158ཡོད་པའི་ནང་སྲིད་ཁྲིམས་ཆེད་དམིགས་ལེ་ཚན་གྱི་སྒྲིག་ཁོངས119དང་། བྱ་གཞག་སྒྲིག་ཁོངས་མི་གྲངས23 བཟོ་ལས་ཞབས་ཞུ་སྒྲིག་ཁོངས་མི་གྲངས13 གདན་ཞུའི་ལམ་ལུགས་ཀྱི་བཅའ་ཁྲིམས་ཉེན་རྟོག་པ3 ད་ཡོད་ཁྲིམས་དཔོན83བཅས་ཡོད། གཙོ་བོ་འདྲི་གཅོད་དང་པོའི་ཉེས་དོན་དང་དམངས་དོན་ཚོང་དོན། སྲིད་འཛིན་གཏུག་བཤེར་བཅས་ཀྱི་གྱོད་གཞི་ཞིབ་གཅོད་དང་། ཁྲིམས་ཁང་གི་ཁྲིམས་གཅོད་ཡིག་རིགས་སྣ་ཚོགས་དང་། གཏུག་བཤེར་མིན་པའི་སྲིད་འཛིན་གྱོད་གཞི་ལག་བསྟར་བྱེད་པའི་ལས་ཀ རྒྱལ་ནང་གི་འདུམ་གཅོད་ལས་ཁུངས་དང་གཞུང་དཔང་ལས་ཁུངས་ཀྱིས་ཁྲིམས་ལྟར་བཅད་པའི་ཡིག་རིགས་ལག་བསྟར་བྱེད་པའི་ལས་ཀའི་འགན་འཁུར་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
榆树市人民法院
སྦྲག་སྲིད་ཨང་གྲངས།
130400
ཁུལ་ཁོངས།
ཅི་ལིན་ཞིང་ཆེན་ཡུས་ཧྲུའུ་གྲོང་ཁྱེར།
བཙུགས་ལོ།
སྤྱི་ལོ1948ལོའི་ཟླ9པའི་ཚེས1ཉིན་བཙུགས།
གནས་ཡུལ།
ཅི་ལིན་ཞིང་ཆེན་ཡུས་ཧྲུའུ་གྲོང་ཁྱེར་སན་ཧྲེང་ལམ་དང་དར་རྒྱས་ཁྲོམ་གཞུང་གཉིས་ཀྱི་འབྲེལ་མཚམས་སུ་གནས།
འབྲེལ་གཏུག་བྱ་ཡུལ།
0431-83672000
1 ངོ་སྤྲོད།

ཅི་ལིན་ཞིང་ཆེན་ཡུས་ཧྲུའུ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་ནི་སྤྱི་ལོ1948ལོའི་ཟླ9པར་བཙུགས་ཤིང་། དེ་སྔའི་ཡུས་ཧྲུའུ་རྫོང་མི་དམངས་ཁྲིམས་ཁང་ཡིན། ཁྲིམས་ཁང་གི་འདྲི་གཅོད་གཞུང་ལས་ཐོག་ཁང་དེ་ད་ལྟའི་ཡུས་ཧྲུའུ་གྲོང་ཁྱེར་སན་ཧྲེང་ལམ་དང་དར་རྒྱས་ཁྲོམ་གཞུང་གི་འབྲེལ་མཚམས་སུ་གནས་ཡོད། ཁྲིམས་ཁང་ཡོངས་སུ་ད་ཡོད་མི་གྲངས158ཡོད་པའི་ནང་སྲིད་ཁྲིམས་ཆེད་དོན་སྒྲིག་ཁོངས119དང་། བྱ་གཞག་སྒྲིག་ཁོངས་མི་གྲངས23 བཟོ་ལས་ལས་ཞབས་ལས་མི་གྲངས13 གདན་ཞུས་ལས་བསྐོས་ལམ་ལུགས་ཀྱི་ཁྲིམས་འཛིན་ཉེན་རྟོག་པ3 ཁྲིམས་དཔོན་གྱི་གོ་གནས་ཡོད་མཁན81བཅས་ཡོད། ཞིབ་འཇུག་སློབ་མ4 དངོས་གཞིའི་སློབ་མ141 ཆེད་སྦྱོང་དང་དེའི་མན་གྱི་སློབ་མ13བཅས་ཡོད། སྐྱེས་པ116ཡོད་པ་དེས73.4%ཟིན་པ་དང་བུད་མེད42ཡོད་པ་དེས་མི་གྲངས་ཀྱི26.6%ཟིན་ཡོད།

2 སྒྲིག་གཞི་སྒྲིག་བཀོད།

ཡུས་ཧྲུའུ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་དུ་ཆབ་སྲིད་ཁྲུའུ་དང་། ལག་བསྟར་ཅུའུ། བཅའ་ཁྲིམས་གཏུག་བཤེར་དང་འབྲེལ་བའི་ཡིག་སྐུར་ངོ་བཅར་ཅུའུ་བཅས་ཁྲིམས་ཁང་རིམ་པ་གཉིས་པའི་ཚན་པ་གསུམ་ཡོད་པ་དང་། ཉེས་དོན་འདྲི་གཅོད་ཁྲིམས་ས་དང་དམངས་དོན་འདྲི་གཅོད་ཁྲིམས་ས་དང་པོ། དམངས་དོན་འདྲི་གཅོད་ཁྲིམས་ས་གཉིས་པ། སྲིད་འཛིན་འདྲི་གཅོད་ཁྲིམས་ས། འདྲི་གཅོད་ལྟ་སྐུལ་ཁྲིམས་ས། ལག་བསྟར་ཅུའུ། ཕྱོགས་བསྡུས་ལྟ་སྐུལ་ཁང་། ཡིག་སྐུར་ངོ་གཏུག་ཅུའུ་ཡི་ཚན་པ་གཉིས་པ། ཡིག་སྐུར་ངོ་གཏུག་ཅུའུ་ཡི་ཚན་པ་གསུམ་པ། ཡིག་སྐུར་ངོ་གཏུག་ཅུའུ་ཡི་ལས་བྱེད་འདྲི་གཅོད་ཁང་བཅས་ཡོད།

3 ཁྲིམས་ཁང་འཛུགས་སྐྲུན།

ཉེ་བའི་ལོ་འགའི་རིང་། ཡུས་ཧྲུའུ་ཁྲིམས་ཁང་གིས་ལོ་རེར་གྱོད་གཞི་བསྡུ་ལེན་བྱས་པའི་གྲངས་འབོར་སྟོང6.8ཡས་མས་ཟིན་པ་དང་། གྱོད་གཞི་མཇུག་སྒྲིལ་ཚད90%ཡན་ཟིན་ཡོད། ལོ་མང་རིང་ཡུས་ཧྲུའུ་ཁྲིམས་ཁང་གིས་དཔུང་ཁག་གི་བསམ་བློ་ཆབ་སྲིད་འཛུགས་སྐྱོང་དང་ལས་སྒོ་འཛུགས་སྐྲུན། རིག་གནས་འཛུགས་སྐྱོང་བཅས་ལ་ཤུགས་སྣོན་རྒྱག་པར་རྒྱུན་འཁྱོངས་བྱས་ཏེ། དཔུང་ཁག་གི་སྤྱི་ཡོངས་ཀྱི་བྱང་ཚད་མཐོ་རུ་ཧུར་ཐག་བཏང་བ་དང་། གྱོད་གཞིའི་སྤུས་ཚད་དང་ལས་ཆོད་ཁྲང་ཁྲུན་གྲོང་ཁྱེར་ཁྲིམས་ཁང་ཁོངས་གཏོགས་ཀྱི་མདུན་གྲལ་དུ་སླེབས་ཡོད། སྤྱི་ལོ2012ལོའི་ཟླ10པར་མི་དམངས་ཁྲིམས་ཁང་གིས་ཡུས་ཧྲུའུ་ཁྲིམས་ཁང་གིས་རིག་གནས་འཛུགས་སྤེལ་ལ་ཤུགས་སྣོན་བྱས་པའི་ཉམས་མྱོང་ཆེད་དོན་གནས་འཕྲིན་སྤེལ་ཡོད།

4 གཟི་བརྗིད་མཚན་སྙན།

ཉེ་བའི་ལོ་འགའི་རིང་། ཡུས་ཧྲུའུ་ཁྲིམས་ཁང་ལ་སྔ་རྗེས་སུ་ཁྲང་ཁྲུན་གྲོང་ཁྱེར་ཁྲིམས་ཁང་ཁོངས་གཏོགས་ཀྱི་ཡིག་སྐུར་ངོ་བཅར་ལས་དོན་གྱི་སྔོན་ཐོན་ཚན་པ་དང་། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་ཁོངས་གཏོགས་ཀྱི་བསམ་བློ་དྲིལ་སྒྲོག་དང་ཁྲིམས་འཛིན་གསར་འགྱུར་དྲིལ་སྒྲོག ཚན་ཞིབ་ལས་དོན་བཅས་ཀྱི་སྔོན་ཐོན་ཚན་པ་དང་། ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་མི་དམངས་ཁྲིམས་ཁང་བཅས་ཀྱི་མཚན་སྙན་ཐོབ་ཡོད།

དཔྱད་གཞིའི་ཡིག་ཆ།