ཧྲོང་དབྱང་ཆུས་མི་དམངས་ཁྲིམས་ཁང་།སྔ་མའི་པར་གཞི་དེ དཔལ་ལྷ་མོ།  ནས 2021-05-25 09:30ལ་འགྲུབ།

ཧྲོང་དབྱང་ཆུས་མི་དམངས་ཁྲིམས་ཁང་།

ཧྲོང་དབྱང་ཆུས་མི་དམངས་ཁྲིམས་ཁང་།
ཁྲང་ཁྲུན་གྲོང་ཁྱེར་ཧྲོང་དབྱང་ཆུས་མི་དམངས་ཁྲིམས་ཁང་ནི་སྤྱི་ལོ1948ལོའི་ཟླ11པའི་ཚེས1ཉིན་བཙུགས་ཤིང་། དེ་སྔའི་ཧྲོང་དབྱང་རྫོང་མི་དམངས་ཁྲིམས་ཁང་ཡིན་པ་དང་། ཁྲིམས་ཁང་གི་འདྲི་གཅོད་གཞུང་ལས་ཐོག་ཁང་དེ་ད་ལྟ་ཁྲང་ཁྲུན་གྲོང་ཁྱེར་ཧྲོང་དབྱང་ཆུས་སུང་ཧྲན་ལམ་གྱི་ཨང55པར་གནས་ཡོད། ཁྲིམས་ཁང་ཡོངས་སུ་མི་གྲངས98ཡོད་པ་དང་སྒྲིག་ཁོངས་སུ་ཚུད་པའི་མི་སྣའི་ཁྲོད་དངོས་གཞིའི་ཚན་ཁག་ཡན་གྱི་སློབ་གཉེར་བརྒྱུད་རིམ་ལྡན་པས་མི་གྲངས་བསྡོམས་འབོར་གྱི68%བཟུང་བའི་ནང་རབ་འབྱམས་པ11ཡོད་པ་དེས་མི་གྲངས་བསྡོམས་འབོར་གྱི12%བཟུང་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
双阳区人民法院
སྦྲག་སྲིད་ཨང་གྲངས།
130600
ཁུལ་ཁོངས།
ཁྲང་ཁྲུན་གྲོང་ཁྱེར་ཧྲོང་དབྱང་ཆུས།
བཙུགས་ལོ།
སྤྱི་ལོ1948ལོའི་ཟླ11པའི་ཚེས1ཉིན་བཙུགས།
གནས་ཡུལ།
ཁྲང་ཁྲུན་གྲོང་ཁྱེར་ཧྲོང་དབྱང་ཆུས་སུང་ཧྲན་ལམ་ཨང55པ།
1 ​ངོ་སྤྲོད།

ཁྲང་ཁྲུན་གྲོང་ཁྱེར་ཧྲོང་དབྱང་ཆུས་མི་དམངས་ཁྲིམས་ཁང་ནི་སྤྱི་ལོ1948ལོའི་ཟླ11པའི་ཚེས1ཉིན་བཙུགས་ཤིང་། དེ་སྔའི་ཧྲོང་དབྱང་རྫོང་མི་དམངས་ཁྲིམས་ཁང་ཡིན་པ་དང་། ཁྲིམས་ཁང་གི་འདྲི་གཅོད་གཞུང་ལས་ཐོག་ཁང་ད་ལྟ་ཁྲང་ཁྲུན་གྲོང་ཁྱེར་ཧྲོང་དབྱང་ཆུས་སུང་ཧྲན་ལམ་གྱི་ཨང55པར་གནས་ཡོད། ཁྲིམས་ཁང་ཡོངས་སུ་མི་གྲངས98ཡོད་པ་དང་སྒྲིག་ཁོངས་སུ་ཚུད་པའི་མི་སྣའི་ཁྲོད་དངོས་གཞིའི་ཚན་ཁག་ཡན་གྱི་སློབ་གཉེར་བརྒྱུད་རིམ་ལྡན་པས་མི་གྲངས་བསྡོམས་འབོར་གྱི68%བཟུང་བའི་ནང་རབ་འབྱམས་པ11ཡོད་པ་དེས་མི་གྲངས་བསྡོམས་འབོར་གྱི་བརྒྱ་ཆ12%བཟུང་ཡོད། ཁྲིམས་ཁང་གི་དཔུང་སྡེར་ཤེས་ཡོན་པ་དང་། ལོ་ན་གཞོན་པ། ཆེད་ལས་ཅན་བཅས་ཀྱི་ཁྱད་ཆོས་མངོན་ཡོད།

2 སྒྲིག་གཞི་སྒྲིག་བཀོད།

ཧྲོང་དབྱང་ཁྲིམས་ཁང་དུ་ད་ལྟ་གྱོད་དོན་ཐོ་འགོད་ཀྱི་ཁྲིམས་ར་དང་ཉེས་དོན་འདྲི་གཅོད་ཁྲིམས་ར། དམངས་དོན་འདྲི་གཅོད་ཀྱི་ཁྲིམས་ར་དང་པོ། དམངས་དོན་འདྲི་གཅོད་ཀྱི་ཁྲིམས་ར་གཉིས་པ། སྲིད་འཛིན་ཁྲིམས་ར། ཕིང་ཧུའུ། ཧྲེ་ལིན། ཧྲན་ཧུ། ཐའེ་ཕིང་བཅས་མི་དམངས་ཁྲིམས་ར4དང་། ལག་བསྟར་ཅུའུ(གྱོད་དོན་ལག་བསྟར་ཁོའོ་དང་རྒྱུ་མཚན་ཞུ་འབུལ་ཞིབ་བཤེར་ཁང་། བསྐྱར་གྲོས་ལྟ་སྐུལ་ཁང་། ཕྱོགས་བསྡུས་ཚན་ཁག)གཞུང་ལས་ཁང་། ལས་བྱེད་ཁང་། ཞིབ་འཇུག་ཁང་། ལྟ་ཞིབ་ཁང་། ཡིག་བསྐུར་ངོ་བཅར་གཞུང་ལས་ཁང་། འདྲི་གཅོད་ལྟ་སྐུལ་ཁང་། ཁྲིམས་འཛིན་དོ་དམ་གཞུང་ལས་ཁང་སོགས་ཁྱོན་བསྡོམས་སྡེ་ཚན22ཡོད།

3 ཁྲིམས་ཁང་འཛུགས་སྐྲུན།

ལོ་མང་པོའི་རིང་། ཧྲོང་དབྱང་ཁྲིམས་ཁང་གིས་བཅོས་བསྒྱུར་གསར་གཏོད་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཚོགས་ཀྱི་འགལ་བ་སེལ་བ་དང་འདྲི་གཅོད་དོ་དམ་གསར་གཏོད། དྲང་གཞག་སྤྱོད་གཙང་གིས་ཁྲིམས་བསྟར་བཅས་ལ་སྐུལ་འདེད་གཏིང་ཟབ་བཏང་བས། ལས་དོན་མང་པོ་ཞིག་གྲོང་ཁྱེར་ཡོངས་དང་ཐ་ན་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་མདུན་གྲལ་དུ་བསྐྱོད་བཞིན་ཡོད། སྤྱི་ཚོགས་ཀྱི་འགལ་བ་སེལ་བའི་ཐད་ཧྲོང་དབྱང་ཁྲིམས་ཁང་གིས་སྔ་རྗེས་སུ་གྱོད་དོན་ཐོ་འགོད་བྱེད་པའི་དུས་མཚམས་ཀྱི་གཏུག་བཤེར་མ་བྱས་གོང་གི་འདུམ་འགྲིག་དང་། གཏུག་བཤེར་མ་བྱས་གོང་གི་རྒྱུ་ནོར་བདེ་སྲུང་གི་འདུམ་འགྲིག ལག་བསྟར་གྱོད་ཐོ་འགོད་གོང་གི་ལག་བསྟར་ལྟ་སྐུལ་ལས་ཀའི་ལམ་སྲོལ་གསུམ་ལས་གྲུབ་པའི“གཏུག་བཤེར་མ་བྱས་གོང་གི་འདུམ་འགྲིག་ལམ་སྲོལ་གསུམ”བཏོན་པ་དང་། ཁྲིམས་དཔོན་གྱིས་ཁྲིམས་སའི་མདུན་གྱི་འདུམ་འགྲིག་དང་། ཆེད་མངག་གདན་ཞུའི་འདུམ་འགྲིག་པ་འདུམ་འགྲིག་ལ་ཞུགས་པ། ཁྲིམས་རྩོད་པས་འདུམ་འགྲིག་གཙོ་སྐྱོང་བྱས་པ་ལས་གྲུབ་པའི་“ཁྲིམས་སའི་མདུན་གྱི་འདུམ་འགྲིག་ལམ་ལུགས་གསུམ”བཅས་ཡིན། གོང་གསལ་གྱི་ལས་ཀའི་རྨང་གཞིའི་ཐོག་ཧྲོང་དབྱང་ཁྲིམས་ཁང་གིས་ད་དུང་གཏུག་བཤེར་དང་འདུམ་འགྲིག་སྦྲེལ་མཐུད་ལས་དོན་སྤེལ་འགོ་ཚུགས་པ་དང་། མི་དམངས་ཁྲིམས་ར4རུ་གྱོད་དོན་ཐོ་འགོད་བྱེད་གནས་ཁ་སྣོན་བྱས་ནས་ཆེད་མངགས་གདན་ཞུས་འདུམ་འགྲིག་པ་སོགས་ཆེད་བསྐོས་མི་སྣ་བཀོད་སྒྲིག་བྱས་ནས་རྩོད་གཞི་ཐོ་འགོད་མ་བྱས་གོང་འདུམ་འགྲིག་བྱེད་དུ་བཅུག་པ་རེད། སྤྱི་ལོ2005ལོ་ནས་བཟུང་ཧྲོང་དབྱང་ཁྲིམས་ཁང་གིས་འདུམ་འགྲིག་ལས་དོན་བརྒྱུད་འགལ་ཟླ་དང་རྩོད་གཞི་མང་པོ་སེལ་བ་དང་། ཧྲོང་དབྱང་ཆུས་ཀྱི་“འདུམ་འགྲིག་ཆེན་པོའི”རྣམ་པ་འཛུགས་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ནས“གྲོང་ཁྱེར་གསུམ་དང་ཆུས་གཅིག བདེ་སྐྱིད་ལྡན་པའི་ཧྲོང་དབྱང”འཛུགས་སྐྲུན་བྱེད་པར་ཁྲིམས་འཛིན་གྱི་འགན་ལེན་ནུས་ལྡན་བྱས་ཡོད།

4 གཟི་བརྗིད་མཚན་སྙན།

ཧྲོང་དབྱང་ཁྲིམས་ཁང་ལ་སྔ་རྗེས་སུ་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་ཁོངས་གཏོགས་ཀྱི་བསམ་བློའི་དྲིལ་བསྒྲགས་ལས་དོན་གྱི་སྔོན་ཐོན་ཚན་པ་དང་། ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་ཀྱི“ཉིན་བརྒྱའི་གཅིག་སྡུད་དྲིལ་སྒྲོག”བྱེད་སྒོའི་སྔོན་ཐོན་ཚན་པ། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་འདྲི་གཅོད་ལྟ་སྐུལ་ལོའི་བྱེད་སྒོའི་སྔོན་ཐོན་ཐུན་མོང་། ཞིང་ཆེན་ཡོངས་ཀྱི་ལས་ཁུངས་ཡིག་ཚགས་ལས་དོན་ཚད་ལྡན་ཅན་གྱི་དོ་དམ་ཚད་གཞིའི་ཚན་པ། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་ཁྲིམས་འཛིན་གསར་འགྱུར་དྲིལ་སྒྲོག་ལས་དོན་གྱི་སྔོན་ཐོན་ཚན་པ།ཅི་ལིན་ཞིང་ཆེན་གྱི་རྩིས་པའི་རྨང་གཞིའི་ལས་དོན་ཚད་ལྡན་ཅན་གྱི་ཕུལ་བྱུང་ཚན་པ་སོགས་ཀྱི་མཚན་སྙན་ཐོབ་ཡོད།

དཔྱད་གཞིའི་ཡིག་ཆ།