ཀརྨ་ཕུན་ཚོགས།སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2021-04-30 11:42ལ་འགྲུབ།

ཀརྨ་ཕུན་ཚོགས།

ཀརྨ་ཕུན་ཚོགས།
ཁོང་ནི་སྤྱི་ལོ1968ལོའི་ཟླ11པར་མཚོ་སྔོན་ཡུལ་ཤུལ་ནང་ཆེན་ནས་སྐྱེས་ཤིང་། སྤྱི་ལོ1990ལོའི་ཟླ7པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། སྤྱི་ལོ1990ལོའི་ཟླ7པར་ལས་ཀར་ཞུགས། མཚོ་སྔོན་ཞིང་ཨུའི་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན། ད་ལྟ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དཔོན་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
尕玛朋措
སྐྱེས་ལོ།
སྤྱི་ལོ1968ལོའི་ཟླ11པ།
རྒྱལ་ཁབ།
ཀྲུང་གོ།
མི་རིགས།
བོད་རིགས།
སྐྱེས་ཡུལ།
མཚོ་སྔོན་ཡུལ་ཤུལ།
མཐར་ཕྱིན་སློབ་གྲྭ།
མཚོ་སྔོན་ཞིང་ཨུའི་ཏང་གི་སློབ་གྲྭ།
1 ​ངོ་སྤྲོད། 

ཁོང་ནི་སྤྱི་ལོ1968ལོའི་ཟླ11པར་མཚོ་སྔོན་ཡུལ་ཤུལ་ནང་ཆེན་ནས་སྐྱེས་ཤིང་། སྤྱི་ལོ1990ལོའི་ཟླ7པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། སྤྱི་ལོ1990ལོའི་ཟླ7པར་ལས་ཀར་ཞུགས། མཚོ་སྔོན་ཞིང་ཨུའི་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན། ད་ལྟ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དཔོན་ཡིན། 

2 བྱ་བའི་བརྒྱུད་རིམ།

ཁོང་གིས་དེ་སྔོན་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་འཛུགས་སྐྲུན་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་། ཟི་ལིང་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་འཆར་འགོད་འཛུགས་སྐྲུན་ཅུས་ཀྱི་ཅུས་ཀྲང་གཞོན་པ།(འགན་ཁྱེར)མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་རྫོང་གི་རྫོང་དཔོན་གཞོན་པ། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་རྫོང་ཨུའི་རྒྱུན་ཨུ་དང་རྒྱུན་ལས་རྫོང་དཔོན་གཞོན་པ་བཅས་ཀྱི་འགན་བཞེས་མྱོང་།

སྤྱི་ལོ2007ལོའི་ཟླ9བར་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་འཛུགས་སྐྲུན་ཅུས་ཀྱི་ཏང་ཙུའུ་ཧྲུའུ་ཅི་དང་ཅུས་ཀྲང་གི་འགན་བཞེས།

སྤྱི་ལོ2011ལོའི་ཟླ6པར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པའི་འགན་བཞེས།   

སྤྱི་ལོ2016ལོའི་ཟླ9བར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུའི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གི་འགན་བཞེས།(དེའི་རིང་གི་སྤྱི་ལོ2017ལོའི་ཟླ4བ་ནས་སྤྱི་ལོ2018ལོའི་ཟླ5བའི་བར་ཐེན་ཅིང་པིན་ཧའེ་ཞིན་ཆུས་ཀྱི་ཆུས་ཀྲང་གཞོན་པའི་ལས་གནས་འགན་ཁྱེར་བྱས)  

སྤྱི་ལོ2021ལོའི་ཟླ4བའི་ཚེས30ཉིན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དཔོན་གྱི་འགན་བཞེས།

3 གོ་གནས་བསྐོ་འཐེན།

སྤྱི་ལོ2020ལོའི་ཟླ12པར་མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པར་བསྐོས། 

སྤྱི་ལོ2021ལོའི་ཟླ4བའི་ཚེས9ཉིན་ཐིང་རིམ་པ་རྒན་པའི་འགོ་ཁྲིད་ལས་བྱེད་པར་བདམས།

སྤྱི་ལོ2021ལོའི་ཟླ4བའི་ཚེས30ཉིན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་བཞི་བའི་དམངས་འཐུས་ཚོགས་ཆེན་ཐེངས་དགུ་བའི་སྟེང་ཀརྨ་ཕུན་ཚོགས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དཔོན་དུ་བདམས།


དཔྱད་གཞིའི་ཡིག་ཆ།