རྡོ་རྗེ།སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2021-04-30 09:34ལ་འགྲུབ།

རྡོ་རྗེ།

རྡོ་རྗེ།
ཁོང་ནི་སྤྱི་ལོ1966ལོའི་ཟླ5པར་སྐྱེས་ཤིང་། མཚོ་སྔོན་མཚོ་ཤར་གྱི་མི་ཡིན། སྤྱི་ལོ1986ལོའི་ཟླ5བར་ཏང་ནང་ཞུགས། སྤྱི་ལོ1986ལོའི་ཟླ7པར་བྱ་བར་ཞུགས། སློབ་ཆེན་གྱི་རིག་གནས་ཆུ་ཚད་དང་ལས་རོགས་ཞིབ་འཇུག་པའི་གོ་མིང་ཡོད། ད་ལྟ་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཁུལ་དཔོན་གྱི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
多杰
སྐྱེས་ཡུལ།
མཚོ་སྔོན་མཚོ་ཤར།
རྒྱལ་ཁབ།
ཀྲུང་གོ།
སྐྱེས་ལོ།
སྤྱི་ལོ1966ལོའི་ཟླ5པ།
མི་རིགས།
བོད་རིགས།
མཐར་ཕྱིན་སློབ་གྲྭ།
མཚོ་སྔོན་མི་རིགས་སློབ་གླིང་།
1 ངོ་སྤྲོད།

ཁོང་ནི་སྤྱི་ལོ1966ལོའི་ཟླ5པར་སྐྱེས་ཤིང་། མཚོ་སྔོན་མཚོ་ཤར་གྱི་མི་ཡིན། སྤྱི་ལོ1986ལོའི་ཟླ5བར་ཏང་ནང་ཞུགས། སྤྱི་ལོ1986ལོའི་ཟླ7པར་བྱ་བར་ཞུགས། སློབ་ཆེན་གྱི་རིག་གནས་ཆུ་ཚད་དང་ལས་རོགས་ཞིབ་འཇུག་པའི་གོ་མིང་ཡོད།

ད་ལྟ་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཁུལ་དཔོན་གྱི་འགན་བཞེས་ཡོད།

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ1982ལོའི་ཟླ9བ་ནས་སྤྱི་ལོ1986ལོའི་ཟླ7པའི་བར།  མཚོ་སྔོན་མི་རིགས་སློབ་གླིང་གི་གྲངས་ཉུང་མི་རིགས་སྐད་ཡིག་སྡེ་ཁག་ཏུ་བོད་སྐད་ཡིག་རྩོམ་རིག་ཆེད་ལས་ལ་སློབ་སྦྱོང་བྱས།

སྤྱི་ལོ1986ལོའི་ཟླ7པ་ནས་སྤྱི་ལོ1993ལོའི་ཟླ4བའི་བར། མཚོ་སྔོན་མི་རིགས་སློབ་གླིང་མི་རིགས་ཞིབ་འཇུག་སུའོ་རུ་དངོས་སྦྱོང་ཞིབ་འཇུག་པ་དང་ལས་རོགས་ཞིབ་འཇུག་པ་བྱས།

སྤྱི་ལོ1993ལོའི་ཟླ4བ་ནས་སྤྱི་ལོ1993ལོའི་ཟླ12པའི་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་ལས་བྱེད་གསོ་སྦྱོང་ཁྲུའུ་ཡི་ཁོའོ་ཡོན་གྱི་འགན་བཞེས།

སྤྱི་ལོ1993ལོའི་ཟླ12པ་ནས་སྤྱི་ལོ1995ལོའི་ཟླ3པའི་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་ལས་བྱེད་གསོ་སྦྱོང་ཁྲུའུ་ཡི་ཀྲུའུ་རེན་གཞོན་པ་དང་ཁོའོ་ཡོན་གཞོན་པའི་འགན་བཞེས།

སྤྱི་ལོ1995ལོའི་ཟླ3པ་ནས་སྤྱི་ལོ1997ལོའི་ཟླ9བའི་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་ལས་བྱེད་སློབ་གསོ་ཁྲུའུ་ཡི་ཀྲུའུ་རེན་གཞོན་པ་དང་ཁོའོ་ཡོན་གཞོན་པའི་འགན་བཞེས།

སྤྱི་ལོ1997ལོའི་ཟླ9བ་ནས་སྤྱི་ལོ2001ལོའི་ཟླ2པའི་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་ལས་བྱེད་སློབ་གསོ་ཁྲུའུ་ཡི་ཀྲུའུ་རེན་ཁོའོ་ཡོན་གྱི་འགན་བཞེས།

སྤྱི་ལོ2001ལོའི་ཟླ2པ་ནས་སྤྱི་ལོ2002ལོའི་ཟླ1པོའི་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་ལས་བྱེད་ཁྲུའུ་ཡི་ཀྲུའུ་རེན་ཁོའོ་ཡོན་གྱི་འགན་བཞེས།(སྤྱི་ལོ1999ལོའི་ཟླ7པ་ནས་སྤྱི་ལོ2001ལོའི་ཟླ6པའི་བར། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ཞིབ་འཇུག་སློབ་མའི་སློབ་གླིང་གི་ཞིབ་འཇུག་སློབ་མའི་བསླབ་ཚན་ཟབ་སྦྱོང་འཛིན་གྲྭར་ཆབ་སྲིད་དཔལ་འབྱོར་རིག་པའི་ཆེད་ལས་ལ་སློབ་སྦྱོང་བྱས)

སྤྱི་ལོ2002ལོའི་ཟླ1པོ་ནས་སྤྱི་ལོ2006ལོའི་ཟླ12པའི་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་ལས་བྱེད་ཁྲུའུ་བཞི་བའི་ཁྲུའུ་ཀྲང་གཞོན་པའི་འགན་ཁུར།(སྤྱི་ལོ2004ལོའི་ཟླ9བ་ནས་སྤྱི་ལོ2004ལོའི་ཟླ12པའི་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་དར་མའི་འཛིན་གྲྭར་སློབ་སྦྱོང་བྱས)

སྤྱི་ལོ2006ལོའི་ཟླ12པ་ནས་སྤྱི་ལོ2012ལོའི་ཟླ8པའི་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་ལས་བྱེད་ཁྲུའུ་བཞི་བའི་ཁྲུའུ་ཀྲང་གི་འགན་བཞེས།

སྤྱི་ལོ2012ལོའི་ཟླ8པ་ནས་སྤྱི་ལོ2013ལོའི་ཟླ5བའི་བར། མཚོ་སྔོན་ཞིང་ཆེན་འཇོན་མིའི་ལས་དོན་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པ(ཐིང་རིམ་པ་གཞོན་པ)དང་ཞིང་ཨུའི་རྩ་འཛུགས་པུའུ་ཡི་ལས་བྱེད་ཁྲུའུ་བཞི་བའི་ཁྲུའུ་ཀྲང་གི་འགན་བཞེས།

སྤྱི་ལོ2013ལོའི་ཟླ5བ་ནས་སྤྱི་ལོ2018ལོའི་ཟླ5བའི་བར། མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཏང་ཨུའི་རྒྱུན་ཨུ་དང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གི་འགན་བཞེས།

སྤྱི་ལོ2018ལོའི་ཟླ11པ་ནས་སྤྱི་ལོ2019ལོའི་ཟླ2པའི་བར། མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཏང་ཨུའི་རྒྱུན་ཨུ་དང་། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་འོས་མི་བཅས་གྱི་འགན་བཞེས།

སྤྱི་ལོ2019ལོའི་ཟླ2པ་ནས་སྤྱི་ལོ2019ལོའི་ཟླ4བའི་བར། མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཏང་ཨུའི་རྒྱུན་ཨུ་དང་། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཀྱི་འགན་བཞེས།

སྤྱི་ལོ2019ལོའི་ཟླ4བ་ནས་སྤྱི་ལོ2021ལོའི་ཟླ3པའི་བར། མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་བཞེས།

སྤྱི་ལོ2021ལོའི་ཟླ3པ་ནས་སྤྱི་ལོ2021ལོའི་ཟླ4བའི་བར། མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་མི་དམངས་སྲིད་གཞུང་གི་ཏང་ཙུའུ་ཡི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2021ལོའི་ཟླ4བ་ནས་ད་ལྟའི་བར། མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཁུལ་མི་དམངས་་སྲིད་གཞུང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཁུལ་དཔོན་གྱི་འགན་བཞེས།

3 གོ་གནས་བསྐོ་འཐེན།

སྤྱི་ལོ2021ལོའི་ཟླ4བའི་ཚེས28ཉིན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་བཅུ་བཞི་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་ཚོགས་འདུའི་སྟེང་རྡོ་རྗེ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དཔོན་ལ་བདམས།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

རྡོ་རྗེ། ཁུལ་དཔོན། ཏང་ཨུ། གོ་གནས།