ཁྱིམ་ཚང་གི་གནད་དོན།སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2021-04-29 10:47ལ་འགྲུབ།

ཁྱིམ་ཚང་གི་གནད་དོན།

ཁྱིམ་ཚང་གི་གནད་དོན།
《ཁྱིམ་ཚང་གི་གནད་དོན》ནི་ཧྲང་ཧའེ་གློག་བརྙན་བཟོ་སྐྲུན་བཟོ་གྲྭས་སྤྱི་ལོ1964ལོར་བསྐྲུན་པའི་གློག་བརྙན་ཞིག་ཡིན། ངར་ལྕགས་བཟོ་གྲྭའི་བཟོ་བ་ཏུའུ་ཡི་བུ་ཆུང་བ་ཧྥུ་མིན་ལག་རྩལ་སློབ་གྲྭ་ནས་མཐར་ཕྱིན་རྗེས། ཏུའུ་བཟོ་བས་འགོ་ཁྲིད་པའི་འཁོར་ཁང་གི་ལག་རྩལ་པར་བགོས། ཏུའུ་བཟོ་བ་དང་བཟོ་གྲྭའི་འགོ་བ་ལི་གཉིས་ཀྱིས་གྲོས་བསྡུར་བྱས་ཏེ་ཧྥུ་མིན་བཟོ་པ་བྱེད་དུ་བཅུག ཧྥུ་མིན་གྱིས་ངོ་རྒོལ་བྱས་ཀྱང་ཕན་འབྲས་མ་བྱུང་། ཕྱིས་སུ་འཁོར་ཁང་དུ་བཟོ་སྐྲུན་བྱེད་སྐབས། ཕུ་བོ་ཧྥུ་ཞིན་གྱི་རོགས་རམ་འོག ཧྥུའུ་མིན་ལ་གྲུབ་འབྲས་ཐོབ་པ་མ་ཟད། རང་ཉིད་ནོར་བར་ཤེས་རྟོགས་བྱུང་བ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
家庭问题
དབྱིན་ཡིག་གི་མིང་།
Family problems
ཀུང་སི།
ཧྲང་ཧའེ་གློག་བརྙན་བཟོ་གྲྭ།
གློག་བརྙན་འཁྲབ་ཡུལ།
ཀྲུང་གོའི་སྐམ་ས་ཆེན་པོ།
འཁྲབ་ཁྲིད་པ།
ཧྥུ་ཁྲའོ་ཝུའུ།
འཁྲབ་གཞུང་།
ཧུའུ་ཝན་ཁྲུན། ཧྥུ་ཁྲའོ་ཝུའུ།
བརྙན་སྐྲུན་མཁན།
ཁྲེ་ཞིས་ཏོ།
གཙོ་འཁྲབ་པ།
ཀྲང་ཧྥ། ཀྲང་ལིང་།
སྟོན་དུས།
སྤྱི་ལོ1964ལོ།
སྐད་རིགས།
རྒྱ་སྐད།
ཚོན་མདངས།
དཀར་ནག
1 ནང་དོན་མདོར་བསྡུས།

ངར་ལྕགས་བཟོ་གྲྭ་ག་གེ་མོའི་ལས་ཚན་གྱི་འགོ་གཙོ་ཏུའུ་ལ་བུ་གཉིས་ཡོད། བུ་ཆེ་བ་ཧྥུ་ཞིན་ནི་སྐམ་འཛིན་བཟོ་པ་ཞིག་ཡིན་ལ། དགེ་རྒན་ཏུའུ་ལགས་དང་མཉམ་དུ་འཁོར་ཁང་ཞིག་ཏུ་ལས་ཀ་བྱེད་ཀྱིན་ཡོད། བུ་ཆུང་བ་ཧྥུའུ་མིན་ད་ལྟ་ལག་རྩལ་སློབ་གྲྭ་ནས་མཐར་ཕྱིན་མ་ཐག་ཡིན།  

ཉིན་དེའི་དགོང་མོར། རྒན་ཏུའུ་ཡིས་ཧྥུའུ་མིན་གྱི་ངལ་རྩོལ་ལ་ལྟ་ཚུལ་ཡང་དག་མིན་པ་ཤེས། དགེ་རྒན་ཏུའུ་ཡིས་སྔོན་ཆད་ཧྥུའུ་མིན་ལ་འཚོ་བའི་ཐད་ལྟ་སྐྱོང་མང་པོ་བྱས་པ་དང་། བསམ་བློའི་སློབ་གསོ་ལྷོད་གཡེང་དུ་བཏང་བར་ལན་པ་ཤེས། བུ་ལ་རོགས་རམ་བྱས་ནས་སྐྱོན་ཆ་སེལ་ཐབས་སུ། བཟོ་གྲྭའི་འགོ་བ་དང་གྲོས་བསྡུར་བྱས་ཏེ། ཧྥུ་མིན་འཁོར་ཁང་དུ་བཟོ་པ་བྱེད་དུ་བཅུག་ནས་ངལ་རྩོལ་ཁྲོད་སྦྱོང་བརྡར་དང་མཐོར་འདེགས་བྱེད་དུ་འཇུག་རྒྱུའི་ཐག་བཅད།

ཉིན་དེར། ཧྥུ་མིན་འཁོར་ཁང་དུ་ཡོང་ནས་གཞི་རྩའི་ནུས་རྩལ་སྦྱངས། བསམ་བློ་གཞན་ལ་གཡེང་བ་དང་། ལས་ཀ་ཡག་པོ་མི་བྱེད་པས། རྒན་ཏུའུ་ལགས་ཀྱིས་ཁོ་ལ་སྐྱོན་བརྗོད་བྱས་པར། ཧྥུའུ་མིན་ཁྱིམ་དུ་ལོག་ནས། རང་ཉིད་ཀྱི་སྡུག་བསྔལ་ཨ་མར་བཤད།

ཧྥུ་མིན་གྱིས་འཁོར་ཁང་དུ་ངལ་རྩོལ་བྱེད་ཀྱིན་ཡོད་མོད། འོན་ཀྱང་རྟག་པར་དཔའ་བོའི་དཔའ་རྩལ་འདོན་ས་མི་འདུག་བསམ་གྱི་ཡོད། སྐབས་དེར། བཟོ་གྲྭའི་ནང་དུ་ལག་རྩལ་གསར་བཅོས་བྱས་པ་དང་། འཁོར་ཁང་གིས་བང་རིམ་གཉིས་ལྡན་གྱི་ངར་ལྕགས་བཙོ་སྦྱངས་བྱེད་པའི་འཆར་འགོད་ལ་ཞིབ་འཇུག་བྱེད་བཞིན་ཡོད། ཧྥུ་མིན་གྱིས་དེ་ནི་ནུས་ཤུགས་གང་ཡོད་འདོན་པའི་གོ་སྐབས་ཤིག་ཡིན་པར་སྙམ་ནས། དོན་དངོས་དང་མི་མཐུན་པའི་དཔེ་རིས་ཤིག་ཇུས་འགོད་བྱས། རྗེས་སུ་ཧྥུ་ཞིན་གྱིས་རོགས་རམ་བྱས་ནས་བང་རིམ་གཉིས་ལྡན་གྱི་ངར་ལྕགས་ཀྱིས་ཇུས་འགོད་བྱས་པར་མཐར་རྒྱལ་ཁ་ཐོབ།

ཚོད་ལྟའི་ཁྲོད་དུ་ཀོ་ཐག་སྡེར་གཉིས་ཆད་འདུག རྒན་ཏུའུ་ལགས་ཀྱིས་ཧྥུ་ཞིན་དང་ཧྥུ་མིན་གཉིས་ཁག་བགོས་ནས་གད་སྙིགས་ལས་འཚོལ་དུ་བཅུག ཧྥུ་མིན་གྱིས་འཁོར་ཁང་གི་ཀོ་སྐགས་སྡེར་གཉིས་ཁྱེར་ཡོང་བས། རྒན་ཏུའུ་ལགས་ཀྱིས་ཁོ་ལ་སྐྱོན་བརྗོད་ནན་མོ་བྱས།

ཧྥུ་མིན་བྱ་བ་དེ་དག་བརྒྱུད་དེ་རང་ཉིད་ཀྱི་བསམ་བློ་མི་འགྲིག་པ་ངོས་འཛིན་ཐུབ་པ་དང་། དེ་ནས་བཟུང་ ཧྥུ་མིན་གྱིས་སྦྱོང་བརྡར་ནན་ཏན་བྱས་པ་དང་ཚང་མའི་རོགས་རམ་ལ་བརྟེན་ནས་བསམ་བློ་ལེགས་སུ་བཏང་བ་དང་སྐྱོན་ཆ་ཡོ་བསྲང་བྱས་པ་རེད།

དཔྱད་གཞིའི་ཡིག་ཆ།