ཁྲང་ཁྲུན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་།སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2021-04-29 10:13ལ་འགྲུབ།

ཁྲང་ཁྲུན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་།

ཁྲང་ཁྲུན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་།
ཁྲང་ཁྲུན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ནི་སྤྱི་ལོ1949ལོའི་ཟླ10ཚེས1ཉིན་བཙུགས་པ་དང་། དེའི་ཁོངས་གཏོགས་སུ་གཞི་རིམ་ཁྲིམས་ཁང14དང་མི་དམངས་ཁྲིམས་ར35ཡོད། གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ཁང་རིམ་པ་གཉིས་ལ་ཁྲིམས་དཔོན་དང་ལས་བྱེད་མི་སྣ་ཁྱོན་བསྡོམས1425ཡོད་པ་དང་། དེའི་ནང་ཁྲང་ཁྲུན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་མི405ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
长春市中级人民法院
འབྲེལ་གཏུག་ཁ་པར།
0431—88558677
ཁུལ་ཁོངས།
ཁྲང་ཁྲུན་གྲོང་ཁྱེར་ནན་ཀོན་ཆུས།
བཙུགས་ལོ།
སྤྱི་ལོ1949ལོའི་ཟླ10ཚེས1ཉིན།
གནས་ཡུལ།
ཁྲང་ཁྲུན་གྲོང་ཁྱེར་ནན་ཀོན་ཆུས་ཁྲའོ་ཏཱ་ལམ་ཨང3999པ།
མི་གྲངས།
405
སྦྲག་ཨང་།
130028
ཡོན་ཀྲང་།
ཁྲེང་ཧྥེང་དབྱི།
1 ​སྒྲིག་གཞི།

ཁྲང་ཁྲུན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དུ་ད་ལྟ་གཞུང་ལས་ཁང་དང་། ཆབ་སྲིད་པུའུ། ལྟ་ཞིབ་ཁང་། འདྲི་གཅོད་དོ་དམ་གཞུང་ལས་ཁང་། ཞིབ་འཇུག་ཁང་། ལས་ཁུངས་ཏང་ཨུ། ལས་ཁུངས་ཞབས་ཞུ་ལྟེ་གནས། གྱོད་དོན་ཐོ་འགོད་ཁང་དང་། ཁྲིམས་འཛིན་ལག་རྩལ་རམ་འདེགས་ལས་དོན་གཞུང་ལས་ཁང་། གཏུག་བཤེར་དང་འབྲེལ་བའི་ཡིག་སྐུར་ངོ་བཅར་ཅུའུ། ལག་བསྟར་ཅུའུ། ཉེས་དོན་འདྲི་གཅོད་ཁྲིམས་ར་དང་པོ། ཉེས་དོན་འདྲི་གཅོད་ཁྲིམས་ར་གཉིས་པ། དམངས་དོན་འདྲི་གཅོད་ཁྲིམས་ར་དང་པོ། དམངས་དོན་འདྲི་གཅོད་ཁྲིམས་ར་གཉིས་པ། དམངས་དོན་འདྲི་གཅོད་ཁྲིམས་ར་གསུམ་པ། དམངས་དོན་འདྲི་གཅོད་ཁྲིམས་ར་བཞི་བ། དམངས་དོན་འདྲི་གཅོད་ཁྲིམས་ར་ལྔ་པ། འདྲི་གཅོད་ལྟ་སྐུལ་ཁྲིམས་ར་དང་པོ། འདྲི་གཅོད་ལྟ་སྐུལ་ཁྲིམས་ར་གཉིས་པ། སྲིད་འཛིན་ཁང་། ཁྲིམས་འཛིན་ཉེན་རྟོག་རུ་ཁག་བཅས་སྡེ་ཚན22བཙུགས་ཡོད།

2 འཛུགས་སྐྲུན།

ཉེ་བའི་ལོ་ཤས་རིང་ཁྲང་ཁྲུན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལོ་རེའི་གྱོད་གཞི་བསྡུ་ལེན་བྱེད་ཚད་ཁྲི1ཡས་མས་ཟིན་ཡོད། སྤྱི་ལོ2012ལོར་ཁྲང་ཁྲུན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འགོ་ཁྲིད་ཚན་པ་གསར་པ་བཙུགས་པ་ནས་བཟུང་བདེ་སྐྱིད་ལྡན་པའི་ཁྲང་ཁྲུན་འཛུགས་སྐྲུན་དང་། སྔོན་ལ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་དམིགས་ཚད། ཁྲིམས་འཛིན་གྱིས་དམངས་དོན་ཁྲིམས་འཛིན་དྲང་གཞག་བྱེད་པའི་གཙོ་ཐིག་དམ་པོར་བཟུང་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་འགན་འཁྲི་ལྷག་བསམ་རྣམ་དག་ངང་སྒྲུབ་པ་དང་། ཁྲིམས་འཛིན་དྲང་གཞག་གི་ཡིད་ཆེས་གོང་མཐོར་ཧུར་ཐག་བཏང་ནས་ཚན་ཁག་དམ་འཛིན་དང་། དཔུང་ཁག་སྣེ་ཁྲིད། དོ་དམ་ཤུགས་ཆེན་བྱེད་པ་དང་། ཉེས་དོན་བྱས་ཉེས་སྣ་ཚོགས་ལ་ཁྲིམས་གཅོད་ནུས་ལྡན་བཏང་བ། དམངས་དོན་རྩོད་གཞི་སྣ་ཚོགས་ལ་ནུས་ཤུགས་ཡོད་དགུའི་ལག་བསྟར་བླངས་ནས་མེད་པར་བཟོ་བ་དང་། ཡིག་བསྐུར་ངོ་བཅར་གྱོད་གཞི་ཐག་གཅོད་བྱེད་པ་བཅས་ལས་དོན་ཁག་ཚང་མ་མཆོང་སྐྱོད་གསར་བའི་མངོན་འགྱུར་བྱུང་ཡོད། 

3 གཟི་བརྗིད་མཚན་སྙན།

ལས་ཀའི་གྲུབ་འབྲས་མངོན་གསལ་དོད་པོ་ཡོད་པ་དང་། ཉེ་བའི་ལོ་ཤས་རིང་ཁྲང་ཁྲུན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་གཟི་བརྗིད་མཚན་སྙན་མང་པོ་ཐོབ་ནས་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་མཉམ་སྡེབ་ཀྱི་བྱས་རྗེས་རིམ་པ་དང་པོ་ཐོབ་པ་དང་། རྒྱལ་ཡོངས་བསམ་པའི་དཔལ་ཡོན་འཛུགས་སྤེལ་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གིས“རྒྱལ་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྤེལ་གྱི་སྔོན་ཐོན་སྡེ་ཚན”ལ་བདམས། ཁྲང་ཁྲུན་ཁྲིམས་དཔོན་གྱི་ཕུལ་བྱུང་འཐུས་མི་བློ་མཐུན་ཀྲའེ་ཧྲུའུ་ཆོན་ཀྲུང་དབྱང་རྩ་འཛུགས་པུའུ་དང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས“གཞི་རིམ་ལས་བྱེད་པ་ཡག་ཤོས”ལ་བདམས་ནས་རྒྱལ་ཡོངས་ཀྱི་དཔེ་བཟང་ཅན་དུ་གྱུར་པ་རེད། 

4 འགོ་ཁྲིད།

ཡོན་ཀྲང་། ཁྲེང་ཧྥེང་དབྱི།



དཔྱད་གཞིའི་ཡིག་ཆ།