ཅི་ལིན་ཞིང་ཆེན་ཁྲིམས་འཛིན་ཐིང་།སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2021-04-29 10:12ལ་འགྲུབ།

ཅི་ལིན་ཞིང་ཆེན་ཁྲིམས་འཛིན་ཐིང་།

ཅི་ལིན་ཞིང་ཆེན་ཁྲིམས་འཛིན་ཐིང་།
ཅི་ལིན་ཞིང་ཆེན་གྱི་སྲིད་གཞུང་རིམ་པའི་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་དོན་སྐོར་གྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་། བྱེད་ཕྱོགས། སྲིད་ཇུས་བཅས་ལག་ལེན་མཐར་ཕྱིན་དང་། ཁྲིམས་འཛིན་སྲིད་འཛིན་གྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་སྒྲིག་སྲོལ་འཆར་ཟིན་འགོད་པའི་སྒྲིག་འཛུགས་བྱེད་པ། ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་བྱ་བའི་དུས་ཡུན་འབྲིང་རིང་གི་འཆར་འགོད་དང་ལོ་འཁོར་བྱ་བའི་གཙོ་གནད་སྒྲིག་བཟོ་བྱེད་པ་མ་ཟད་དེ་ལག་བསྟར་བྱ་བར་ལྟ་སྐུལ་བྱ་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
吉林省司法厅
སྒྲིག་གཞི།
འཛུགས་གཉེར་ཀུང་སི།
འགན་འཁྲི།
ཞིང་ཆེན་ཡོངས་ཀྱི་ངལ་རྩོལ་སློབ་གསོའི་ལས་དོན་ལ་དོ་དམ།
ཐིང་ཀྲང་།
ལིའུ་ཁྲོན།
1 འགན་འཁྲི།

གཅིག ཞིང་ཆེན་ཡོངས་སུ་ཁྲིམས་ཆད་ལག་བསྟར་དང་ཉེས་ཅན་བསྒྱུར་བཀོད་བྱེད་པའི་ལས་དོན་ལ་སློབ་སྟོན་དང་ལྟ་སྐུལ་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་བཙོན་ཁང་གི་ལས་ཀར་མཛུབ་སྟོན་དང་དོ་དམ་བྱ་དགོས།

གཉིས། ཞིང་ཆེན་ཡོངས་ཀྱི་ངལ་རྩོལ་སློབ་གསོའི་ལས་ཀར་མཛུབ་ཁྲིད་དང་ལྟ་སྐུལ་བྱེད་དགོས།

གསུམ། ཞིང་ཆེན་ཡོངས་ཀྱི་ཁྲིམས་ལུགས་དྲིལ་སྒྲོག་དང་ཁྲིམས་ལུགས་རྒྱུན་ཤེས་ཁྱབ་གདལ་གཏོང་བའི་འཆར་གཞི་གཏན་འབེབས་བྱེད་པ་མ་ཟད་ལག་བསྟར་བྱ་བ་རྩ་འཛུགས་བྱེད་པ་དང་། ས་ཁུལ་ཁག་དང་ལས་རིགས་ཁག་གིས་ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་ལས་ཀར་མཛུབ་སྟོན་བྱ་དགོས།

བཞི། ཞིང་ཆེན་ཡོངས་ཀྱི་བཅའ་ཁྲིམས་བློ་འདྲི་བ་དང་བཅའ་ཁྲིམས་རོགས་སྐྱོར་གྱི་བྱ་བར་མཛུབ་སྟོན་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་ཁྲིམས་རྩོད་པའི་ལས་དོན་ལ་དོ་དམ་བྱ་བ་དང་། ཅི་ལིན་ཞིང་ཆེན་གྱི་ཁྲིམས་རྩོད་པའི་མཐུན་ཚོགས་ཀྱི་ལས་དོན་ལ་མཛུབ་ཁྲིད་བྱེད་དགོས།

ལྔ། ཞིང་ཆེན་ཡོངས་ཀྱི་གཞུང་དཔང་ལས་ཁུངས་དང་གཞུང་དཔང་གི་བྱེད་སྒོར་དོ་དམ་བྱེད་པ་དང་ཅི་ལིན་ཞིང་ཆེན་གྱི་ཁྲིམས་རྩོད་པའི་མཐུན་ཚོགས་ཀྱི་ལས་དོན་ལ་མཛུབ་ཁྲིད་བྱེད་དགོས།

དྲུག  ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ཀྱིས་མི་དམངས་འདུམ་འགྲིག་ལས་དོན་དང་ཁྲིམས་འཛིན་ལས་རོགས་པ། གཞི་རིམ་ཁྲིམས་འཛིན་ཁང་། གཞི་རིམ་བཅའ་ཁྲིམས་ཞབས་ཞུའི་ལས་དོན་བཅས་ལ་དོ་དམ་བྱེད་པར་མཛུབ་སྟོན་བྱེད་དགོས།

བདུན། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དང་ཞིང་ཆེན་སྲིད་གཞུང་གི་མངག་བཅོལ་ལྟར། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་འཆར་ཟིན་འགོད་པ་དང་། བཟོ་བཅོས། བློ་འདྲི་བཅས་ཀྱི་ལས་ཀར་ཞུགས་པ་དང་། ཁྲིམས་རིག་སློབ་གསོར་མཛུབ་སྟོན་བྱེད་པར་ཞུགས་པ། ཁྲིམས་རིག་གཞུང་ལུགས་ཞིབ་འཇུག་བྱ་བར་མཛུབ་སྟོན་བྱ་དགོས།།

བརྒྱད། ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་ལས་བྱེད་པ་གསོ་སྦྱོང་བྱ་བའི་འགན་འཁུར་བ་དང་། ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་རྒྱུགས་ལེན་བྱ་བའི་འགན་འཁུར་བ། ཅི་ལིན་ཞིང་ཆེན་གྱི་ཁྲིམས་རིག་ལྷན་ཚོགས་ཀྱི་ཚབ་བྱེད་དོ་དམ་བྱེད་དགོས།

དགུ ཐིང་གི་ལས་ཁུངས་དང་ཐད་གཏོགས་སྡེ་ཚན་གྱི་ཕྱི་འབྲེལ་ལས་དོན་གྱི་འགན་འཁུར་བ་དང་ཕྱི་ཕྱོགས་སུ་བཅའ་ཁྲིམས་སྤེལ་རེས་དང་མཉམ་ལས་བྱ་དགོས།

བཅུ། ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་མ་ལག་གི་འཆར་གཞིའི་ནོར་དོན་དང་། མེ་མདའ། རྫས་མདེལ། གྱོན་ཆས། རླངས་འཁོར་སོགས་དངོས་པོའི་སྒྲིག་ཆས་ལ་མཛུབ་སྟོན་དང་དོ་དམ་བྱ་རྒྱུ།

བཅུ་གཅིག ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་དཔུང་ཁག་འཛུགས་སྐྱོང་དང་བསམ་བློ་ཆབ་སྲིད་བྱ་བར་མཛུབ་སྟོན་བྱེད་པ་དང་། ལས་ཁུངས་དང་ཐད་གཏོགས་ལས་ཁུངས་ཀྱི་མི་དོན་ལས་དོན་དོ་དམ་དང་། ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་ཉེན་རྟོག་ལས་དོན་དང་ཉེན་རྟོག་པའི་གོ་རྟགས་དཔྱད་བསྡུར་སོགས་ཀྱི་ལས་དོན་ལ་དོ་དམ་བྱེད་པ་དང་། གྲོང་ཁྱེར་དང་ཁུལ་གྱི་ཏང་ཨུ་ལ་ཁྲིམས་འཛིན་ཅུའུ་ཡི་འགོ་ཁྲིད་ལས་བྱེད་པར་རྟོག་ཞིབ་དང་དོ་དམ་བྱེད་པར་རོགས་རམ་བྱེད་དགོས།

བཅུ་གཉིས། ཞིང་ཆེན་ཁྲིམས་འཛིན་གསལ་འབྱེད་ཨུ་ཡོན་ལྷན་ཁང་གི་ཉིན་རྒྱུན་གྱི་བྱ་བ་སྒྲུབ་པའི་འགན་འཁུར་དགོས།

བཅུ་གསུམ། ཞིང་ཆེན་སྲིད་གཞུང་ནས་སྤྲད་པའི་བྱ་བ་གཞན་དག་སྒྲུབ་པའི་འགན་འཁུར་དགོས།

བཅུ་བཞི། ཞིང་ཆེན་སྲིད་གཞུང་གི་གཏན་འབེབས་ལྟར་ཞིང་ཆེན་གྱི་བཙོན་ཁང་ལ་དོ་དམ་བྱ་དགོས།

2 སྒྲིག་གཞི།

གཅིག གཞུང་ལས་ཁང་།

ཁྲིམས་འཛིན་སྲིད་འཛིན་ལས་ཀའི་འཆར་འགོད་དང་ལོ་འཁོར་ལས་ཀའི་གཙོ་གནད་ཞིབ་འཇུག་བཟོ་འགོད་བྱེད་པ་དང་ལག་བསྟར་བྱེད་ཚུལ་ལ་ལྟ་སྐུལ་བྱ་དགོས། ཐིང་ལས་ཁུངས་ཀྱི་སྲིད་དོན་བྱེད་སྒོ་གལ་ཆེན་མཐུན་སྦྱོར་བཀོད་སྒྲིག་དང་ལྟ་སྐུལ་བྱེད་པ་དང་། དེ་བཞིན་ཡིག་ཆ་དང་སྙན་ཞུ་གལ་ཆེན་འཆར་ཟིན་འགོད་པ་དང་ཞིབ་བཤེར་གཏན་འབེབས་བྱེད་པའི་འགན་འཁུར་དགོས། ཁྲིམས་འཛིན་སྲིད་དོན་ཆ་འཕྲིན་དང་ཁྲིམས་འཛིན་སྲིད་འཛིན་དྲིལ་བསྒྲགས་ལས་དོན་གྱི་འགན་འཁུར་བ་དང་། ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་གྱི་འཕྲིན་གཏོང་ཆ་འཕྲིན་ལག་རྩལ་དྲ་རྒྱའི་འཛུགས་སྐྲུན་ལ་མཛུབ་ཁྲིད་བྱེད་པ་དང་། ལས་ཁུངས་ཀྱི་ཡིག་ཆ་དང་གློག་འཕྲིན། གསང་སྲུང་། སྣེ་ལེན་སོགས་ཀྱི་བྱ་བའི་འགན་འཁུར་དགོས། མི་དམངས་མང་ཚོགས་ཀྱི་ཡིག་བསྐུར་ངོ་བཅར་དང་ཞུ་གཏུག་རྒྱུ་མཚན་ཞུ་འབུལ་ལ་བདག་སྤྲོད་བྱ་དགོས།

གཉིས། ངལ་རྩོལ་སློབ་སྐྱོང་དོ་དམ་ཅུའུ།

ངལ་རྩོལ་སློབ་སྐྱོང་སྐོར་གྱི་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྲིད་ཇུས་བཅས་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་དགོས་པ་དང་། ཞིང་ཆེན་ཡོངས་ཀྱི་ངལ་རྩོལ་སློབ་སྐྱོང་གི་ལས་དོན་ལ་མཛུབ་ཁྲིད་དང་དོ་དམ་བྱ་དགོས། ངལ་རྩོལ་སློབ་སྐྱོང་གི་མི་སྣར་དོ་དམ་དང་། སློབ་གསོ། ཉེན་ཟོན། བཙན་ཤེད་ཀྱིས་སྨན་བཅོས་སོགས་ཀྱི་ལས་དོན་ལ་མཛུབ་ཁྲིད་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་ངལ་རྩོལ་སློབ་སྐྱོང་བྱེད་གནས་ཀྱི་བཀོད་སྒྲིག་དང་བཀོད་སྒྲིག་འཆར་གཞི། ངལ་རྩོལ་སློབ་སྐྱོང་བྱེད་སའི་ཐོན་སྐྱེད་དང་། གཞི་རྩའི་འཛུགས་སྐྲུན། ནོར་དོན། སྒྲིག་ཆས་སོགས་ཀྱི་ལས་ཀར་མཛུབ་སྟོན་བྱེད་དགོས།

གསུམ། ཁྲིམས་ལུགས་དྲིལ་བསྒྲགས་ཁྲུའུ།

ཞིང་ཆེན་ཡོངས་ཀྱི་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་བྱ་བ་དང་ཁྲིམས་ལུགས་རྒྱུན་ཤེས་ཁྱབ་གདལ་བྱ་བའི་འགན་འཁུར་ཏེ། ཞིང་ཆེན་ཡོངས་ཀྱི་ཁྲིམས་ལུགས་རྒྱུན་ཤེས་ཁྱབ་གདལ་གཏོང་བའི་འཆར་གཞི་དང་ལོ་རེའི་འཆར་གཞི་གཏན་འབེབས་བྱེད་པ་དང་རྩ་འཛུགས་ལག་བསྟར་བྱ་དགོས། ཞིང་ཆེན་ཡོངས་ཀྱིས་ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་ལས་དོན་ལ་མཛུབ་སྟོན་དང་ཞིབ་བཤེར་བྱེད་པ་དང་། ཁྲིམས་ལུགས་དྲིལ་བསྒྲགས་གནས་འཕྲིན་དང་ཕྱི་ཕྱོགས་ཁྲིམས་ལུགས་དྲིལ་བསྒྲགས་ལས་ཀར་མཛུབ་སྟོན་བྱ་དགོས།

བཞི། ཁྲིམས་རྩོད་པའི་ལས་དོན་དོ་དམ་ཁྲུའུ (ཞིང་ཆེན་སྲིད་གཞུང་གི་བཅའ་ཁྲིམས་བློ་འདྲི་ཚོགས་པའི་གཞུང་ལས་ཁང)

སྲིད་གཞུང་དང་ཁེ་ལས་བྱ་གཞག་ཚན་པའི་བཅའ་ཁྲིམས་བློ་འདྲིའི་ལས་དོན་དང་སྤྱི་ཚོགས་བཅའ་ཁྲིམས་བློ་འདྲིའི་ཞབས་ཞུའི་སྒྲིག་གཞིའི་ལས་དོན་ལ་མཛུབ་ཁྲིད་དང་ལྟ་སྐུལ་བྱེད་དགོས་ལ། ཁྲིམས་རྩོད་པའི་ཐོབ་ཐང་སྒྲིག་འཛུགས་བྱས་ནས་གཅིག་གྱུར་གྱི་རྒྱུགས་ལེན་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་ཁྲིམས་རྩོད་པའི་ཐོབ་ཐང་དང་། ཁྲིམས་རྩོད་པའི་ལས་གཉེར་ཐོབ་ཐང་། ཁྲིམས་རྩོད་པའི་ལས་གཉེར་ཁང་གི་ཞིབ་མཆན་ཐོ་འགོད་ལས་ཀ་བཅས་ལ་དོ་དམ་བྱ་དགོས། ཞིང་ཆེན་ཡོངས་ཀྱི་ཁྲིམས་རྩོད་པའི་བྱ་བར་ཁྲིམས་ལྟར་ལྟ་སྐུལ་བྱེད་པ་དང་བཅའ་ཁྲིམས་རོགས་སྐྱོར་གྱི་ལས་ཀར་མཛུབ་སྟོན་བྱ་དགོས། ཞིང་ཆེན་སྲིད་གཞུང་གི་བཅའ་ཁྲིམས་བློ་འདོན་ཚོགས་པའི་བློ་འདྲིའི་ལས་ཀར་སྒྲིག་འཛུགས་དང་། མཐུན་སྦྱོར། ཞབས་ཞུ་བཅས་འདོན་སྤྲོད་བྱེད་པའི་འགན་འཁུར་བ་དང་། ཞིང་ཆེན་སྲིད་གཞུང་གི་བཅའ་ཁྲིམས་བློ་འདོན་ཚོགས་པའི་རྒྱུན་ལྡན་གྱི་ལས་དོན་ལ་དོ་དམ་བྱ་དགོས།

ལྔ། གཞུང་དཔང་ལས་དོན་དོ་དམ་ཁྲུའུ།

གཞུང་དཔང་བའི་རྒྱུགས་ལེན(དཔྱད་ཞིབ)དང་། བསྐོ་གཞག་དང་ཐོ་འགོད་བཅས་སྒྲིག་འཛུགས་བྱ་དགོས། གཞུང་དཔང་ལས་ཁུངས་འཛུགས་ལུགས་ལ་དོ་དམ་བྱེད་པར་ཁྲིད་སྟོན་བྱ་དགོས། ཞིང་ཆེན་ཡོངས་ཀྱི་གཞུང་དཔང་ལས་ཁུངས་ཀྱི་གཞུང་དཔང་ལས་ཀར་ལྟ་སྐུལ་དང་ཁྲིད་སྟོན་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་གཞུང་དཔང་ལས་ཁུངས་ཀྱིས་སྒྲིག་འགལ་ཐག་གཅོད་བྱེད་པའི་འགན་འཁུར་དགོས། ཞིང་ཆེན་ཡོངས་ཀྱི་གཞུང་དཔང་ཁྲིམས་སྲོལ་དང་། གོ་རིམ། ཞིབ་སྲོལ་བཅས་གཏན་འབེབས་བྱེད་པ་དང་དེ་ལ་ལག་བསྟར་བྱ་བ་རྩ་འཛུགས་བྱེད་དགོས། འབྲེལ་ཡོད་སྡེ་ཁག་ལ་གཞོགས་འདེགས་བྱས་ནས་གཞུང་དཔང་གི་འབྲེལ་ཡོད་སྲིད་འཛིན་བསྐྱར་གྲོས་དང་རྒྱུ་མཚན་ཞུ་འབུལ་ཐག་གཅོད་བྱེད་དགོས།

དྲུག གཞི་རིམ་ལས་དོན་གྱི་མཛུབ་སྟོན་ཁྲུའུ།

ས་གནས་སོ་སོའི་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ཀྱིས་གཞི་རིམ་གྱི་ཁྲིམས་འཛིན་ཁང་དང་བཅའ་ཁྲིམས་ཞབས་ཞུ་ཁང་། ཁྲིམས་འཛིན་ལས་རོགས་པ། མི་དམངས་འདུམ་འགྲིག་གི་ལས་ཀ་བཅས་ལ་དོ་དམ་བྱེད་པར་མཛུབ་སྟོན་བྱ་དགོས། ཁྲིམས་ཆད་འཁུར་ཡུན་རྫོགས་ནས་གློད་འགྲོལ་བྱུང་བའི་སྐྱེ་བོ་དང་ངལ་རྩོལ་སློབ་སྐྱོང་བྱེད་ཁོངས་ནས་གློད་པའི་མི་སྣར་བཀོད་སྒྲིག་དང་སློབ་གསོ་བྱེད་རོགས་ཀྱི་ལས་ཀར་སྒྲིག་འཛུགས་དང་སློབ་སྟོན་བྱ་དགོས།

བདུན་པ། ཁྲིམས་ལུགས་ཁྲུའུ།

ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་སྒྲིག་སྲོལ་འཆར་ཟིན་འགོད་པ་དང་། བཟོ་བཅོས། བློ་འདྲི་བཅས་ཀྱི་ལས་ཀར་ཞུགས་དགོས། ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་གྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་སྒྲིག་སྲོལ་འཆར་ཟིན་འགོད་པའི་སྒྲིག་འཛུགས་བྱ་དགོས། ཁོངས་གཏོགས་དེ་གའི་ཁྲིམས་འཛིན་ཞིབ་བཤེར་ལས་དོན་གྱི་འགན་འཁུར་བ་དང་། ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་བརྟག་དཔྱད་ཞིབ་འཇུག་བྱ་བར་མཛུབ་སྟོན་བྱེད་པ་དང་། ཐིང་ལས་ཁུངས་ཀྱི་སྲིད་འཛིན་བསྐྱར་གྲོས་དང་ཞུ་ལན་འདེབས་པའི་ལས་ཀ་བྱེད་པའི་འགན་འཁུར་དགོས། ཞིང་ཆེན་ནང་ཁུལ་དུ་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དང་། ཨའོ་མུན་དམིགས་བསལ་སྲིད་འཛིན་ཁུལ། ཐའེ་ཝན་ས་ཁུལ་བཅས་ལ་འཛིན་པའི་བཅའ་ཁྲིམས་ལས་དོན་སྒྲུབ་པའི་འགན་འཁུར་བ་དང་། ཞིང་ཆེན་ཡོངས་ཀྱི་འདུམ་གཅོད་ཐོ་འགོད་བྱ་བར་འགན་འཁུར་དང་མཛུབ་སྟོན་བྱ་དགོས།

བརྒྱད། འཆར་གཞི་ནོར་དོན་སྒྲིག་ཆས་ཁྲུའུ།

ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་མ་ལག་གི་ནོར་དོན་དང་དངོས་རྫས་སྒྲིག་ཆས། གཞི་རྩའི་འཛུགས་སྐྲུན་གྱི་སྒྲིག་སྲོལ་ལམ་ལུགས་གཏན་འབེབས་བྱེད་པ་དང་། ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་ལས་སྒོའི་གྲོན་དངུལ་བེད་སྤྱོད་བྱས་ཚུལ་ལ་ལྟ་སྐུལ་བྱེད་པ། ཐིང་ལས་ཁུངས་དང་ཐད་གཏོགས་ལས་ཁུངས་ཀྱི་རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་དང་ནོར་དོན་དོ་དམ་བྱེད་པའི་འགན་འཁུར་དགོས། ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་མེ་མདའ་དང་། རྫས་མདེལ། གྱོན་ཆས། རླངས་འཁོར་སོགས་ཀྱི་དངོས་རྫས་སྒྲིག་ཆས་ལ་དོ་དམ་བྱ་དགོས།

དགུ ཅི་ལིན་ཞིང་ཆེན་ཁྲིམས་འཛིན་གསལ་འབྱེད་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང (ཞིང་ཆེན་ཁྲིམས་འཛིན་ཐིང་གི་ཁྲིམས་འཛིན་གསལ་འབྱེད་དོ་དམ་ཁྲུའུ)

ཞིང་ཆེན་ཁྲིམས་འཛིན་གསལ་འབྱེད་ཨུ་ཡོན་ལྷན་ཁང་གི་ཉིན་རྒྱུན་གྱི་བྱ་བ་སྒྲུབ་འགན་འཁུར་དགོས། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཆེད་ལས་ཀྱི་ཁྲིམས་འཛིན་གསལ་འབྱེད་བྱ་བའི་འཕེལ་རྒྱས་འཆར་གཞི་གཏན་ཁེལ་བྱེད་པའི་འགན་འཁུར་དགོས་པ་དང་། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཆེད་ལས་ཀྱི་ཁྲིམས་འཛིན་གསལ་འབྱེད་ལས་ཀའི་ལམ་ལུགས་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་བཟོ་དགོས། སྤྱི་ཚོགས་ཆེད་ལས་ཁྲིམས་འཛིན་གསལ་འབྱེད་ལས་ཁུངས་དང་གསལ་འབྱེད་མི་སྣའི་ཁྲིམས་འཛིན་གསལ་འབྱེད་ཐོབ་ཐང་ཁས་ལེན་དང་། ལོ་འཁོར་དཔྱད་ཞིབ། སྲིད་འཛིན་ཆད་གཅོད་བཅས་ཀྱི་ལས་ཀར་འགན་འཁུར་དགོས།

བཅུ། ཆབ་སྲིད་པུའུ་ཡི་ཁོངས་གཏོགས་ཀྱི་ལས་བྱེད་པའི་ཁྲུའུ(ཉེན་རྟོག་དོན་གཅོད་ཁང)དང་། རྩ་འཛུགས་དྲིལ་བསྒྲགས་སློབ་གསོ་ཁང་། ལས་བྱེད་པ་རྒན་གྲས་ཁྲུའུ།

ལས་བྱེད་པ་ཁྲུའུ(ཉེན་རྟོག་ལས་གཉེར་ཁང) ཐིང་ལས་ཁུངས་དང་ཐད་གཏོགས་ལས་ཁུངས་ཀྱི་ལས་བྱེད་པའི་མི་དོན་དང་། ངལ་རྩོལ་གླ་ཕོགས། ཕྱི་རྒྱལ་དུ་སྐྱོད་པའི་ཆབ་སྲིད་ཞིབ་བཤེར་བྱ་བའི་འགན་འཁུར་དགོས། ཞིང་ཆེན་བཙོན་ཁང་ལས་ཁུངས་དང་ཞིང་ཆེན་ཐད་གཏོགས་བཙོན་ཁང་སྡེ་ཚན་གྱི་ཁྲུའུ་རིམ་པ་རྒན་པའི་ལས་བྱེད་པར་དོ་དམ་བྱེད་པའི་འགན་འཁུར་དགོས། འབྲེལ་ཡོད་སྡེ་ཁག་ལ་བཅའ་ཁྲིམས་སྲིད་འཛིན་མ་ལག་དོ་དམ་བྱེད་པའི་སྒྲིག་གཞིའི་སྒྲིག་ཁོངས་ལ་གཞོགས་འདེགས་བྱ་དགོས། གྲོང་ཁྱེར་དང་ཁུལ་དཔྱད་ཞིབ་དོ་དམ་ཁྲིམས་འཛིན་ཅུའུ་ཡི་འགོ་ཁྲིད་ལས་བྱེད་པར་རོགས་རམ་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་ཉེན་རྟོག་ལས་དོན་དང་ཉེན་རྟོག་པའི་གོ་རྟགས་དཔྱད་བསྡུར་དང་སློབ་ཁྲིད་སོགས་ཀྱི་ལས་དོན་ལ་དོ་དམ་བྱ་དགོས།

དྲིལ་བསྒྲགས་སློབ་གསོ་ཁྲུའུ་འཛུགས་དགོས། ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་གཞི་རིམ་འཛུགས་སྐྱོང་དང་། དཔུང་ཁག་འཛུགས་སྐྱོང་། བསམ་པའི་དཔལ་ཡོན་འཛུགས་སྐྱོང་བཅས་ལ་མཛུབ་ཁྲིད་བྱེད་པ་དང་། ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་གྱིས་བྱས་རྗེས་བཞག་པར་བྱ་དགའ་ཐོབ་པའི་གཟེངས་བསྟོད་ལས་དོན་གྱི་འགན་འཁུར་དགོས། ཁོངས་གཏོགས་ཀྱི་ཁྲིམས་ལུགས་སློབ་གསོ་དང་ཁྲིམས་འཛིན་སྲིད་འཛིན་དཔུང་ཁག་འཛུགས་སྐྱོང་གི་དྲིལ་བསྒྲགས་ལས་ཀ་དང་འབྲེལ་ཡོད་གསོ་སྦྱོང་ལས་ཀ་བྱེད་པའི་འགན་འཁུར་དགོས། རང་ཁོངས་ཀྱི་སློབ་གྲྭ་དང་ལས་བྱེད་པ་གསོ་སྐྱོང་སྦྱོང་བརྡར་རྟེན་གཞིའི་སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་གི་ལས་ཀར་ཁྲིད་སྟོན་བྱ་དགོས།

ཁྲིམས་འཛིན་རྒྱུགས་ལེན་ཁང་གི་འགན་ནུས་ལག་བསྟར་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་རྒྱུགས་ལེན་བྱ་བའི་འཆར་འགོད་ཞིབ་འཇུག་དང་གཏན་འབེབས་བྱེད་པའི་འགན་འཁུར་བ་དང་། ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་རྒྱུགས་ལེན་བྱ་བའི་རྒྱུགས་ལེན་བྱ་བར་མཛུབ་སྟོན་བྱེད་པར་རྩ་འཛུགས་བྱས་ཏེ། རྒྱུགས་ལེན་བྱ་བར་ལྟ་སྐུལ་བྱེད་པ་དང་། འབྲེལ་ཡོད་གསོ་སྦྱོང་ལས་དོན་ལ་མཛུབ་ཁྲིད་དང་ཚད་ལྡན་དུ་གཏོང་བ། ཁྲིམས་འཛིན་རྒྱུགས་ལེན་ལས་དོན་གྱི་ཆ་འཕྲིན་ཅན་འཛུགས་སྐྱོང་བྱས་ནས་གྲོང་ཁྱེར(ཀྲོའུ)གྱི་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ཀྱིས་ཁྲིམས་འཛིན་རྒྱུགས་ལེན་ལས་དོན་སྒྲིག་འཛུགས་བྱེད་པར་མཛུབ་ཁྲིད་བྱེད་དགོས།

ལས་བྱེད་པ་རྒན་པའི་ཁྲུའུ། ཐིང་ལས་ཁུངས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པའི་དོ་དམ་ཞབས་ཞུའི་བྱ་བའི་འགན་འཁུར་བ་དང་། ཐད་གཏོགས་ལས་ཁུངས་ཀྱི་ལས་བྱེད་པ་རྒན་པའི་བྱ་བར་མཛུབ་སྟོན་བྱ་དགོས།

ལས་ཁུངས་ཀྱི་ཏང་ཨུ། ལས་ཁུངས་དང་ཐད་གཏོགས་ལས་ཁུངས་ཀྱི་ཏང་དང་མང་ཚོགས་ཀྱི་ལས་ཀའི་འགན་འཁུར་དགོས།

3 འགོ་ཁྲིད།

ལིའུ་ཁྲོན་ནི་ཏང་ཙུའུ་ཧྲུའུ་ཅི་དང་ཐིང་ཀྲང་ཡིན།

ཧྥེང་ཀང་ནི་ཏང་ཙུའུ་ཡི་ཁོངས་མི་དང་། ཐིང་ཀྲང་གཞོན་པ། ཞིང་ཆེན་བཙོན་ཁང་དོ་དམ་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅི་དང་ཅུའུ་ཀྲང་ཡིན།

ཕང་ཅ་ནི་ཏང་ཙུའུ་ཡི་ཁོངས་མི་དང་ཐིང་ཀྲང་གཞོན་པ།

ལིན་སུང་དང་ཏེང་ཅན་ནི་ཐིང་ཀྲང་གཞོན་པ།

ཞུས་ཧྲུའུ་ཧུང་ནི་ཏང་ཙུའུ་ཡི་ཁོངས་མི་དང་ཆབ་སྲིད་པུའུ་ཡི་ཀྲུའུ་རེན།

ཝང་ཅན་ཀུང་ནི་ཏང་ཙུའུ་ཡི་ཁོངས་མི་དང་ཐིང་དུ་བཅའ་སྡོད་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་གི་ཙུའུ་ཀྲང་།

ཀྲའོ་ཞུས་ཏུང་དང་ཧྥན་ཧྲུའུ་མའོ་ནི་སྐོར་ཞིབ་པ་རིམ་པ་དང་པོ།

ཀྲའོ་ཁྲེང་ཅེ་ནི་སྐོར་ཞིབ་པ་རིམ་པ་གཉིས་པ།

4 ལམ་ལུགས།

ཁྲིམས་འཛིན་ཐིང་ནི་ལས་ཁུངས་ཀྱི་ལམ་ལུགས་ཤིག་ཡིན།

ཡིག་ཆ་ཁུ་བསྡུ་དང་གཞུང་ཡིག་འབྲི་བའི་ལས་དོན་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར།

ཏང་གི་སྐབས་བཅོ་ལྔ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བསྟར་བ་དང་། ལས་ཁུངས་ཀྱི་ལས་ཀའི་སྤྱོད་ཚུལ་ལེགས་བཅོས་དང་། ཐིང་ལས་ཁུངས་ཀྱི་གཞུང་ཡིག་འབྲི་བའི་ལས་ཀ་ཚད་ལྡན་དུ་གཏོང་བ། ཡིག་ཆ་དང་གསར་འགྱུར་མདོར་བསྡུས་ཁུ་བསྡུ་ཤུགས་ཆེན་བྱེད་པ། ཡིག་ཆ་དང་གསར་འགྱུར་མདོར་བསྡུས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་བཅས་ཀྱི་ཆེད་དུ་གཤམ་གསལ་བསམ་འཆར་དམིགས་སུ་བཀར་ནས་བཏོན་པ་སྟེ།

གཅིག 《རྒྱལ་ཁབ་སྲིད་འཛིན་ལས་ཁུངས་ཀྱི་གཞུང་ཡིག་ཐག་གཅོད་བྱ་ཐབས》 ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་གཞུང་ཡིག་འབྲི་བའི་ལས་ཀ་བྱེད་སྐབས་དངོས་ཐོག་བདེན་འཚོལ་དང་། སྙིང་བསྡུས་ནུས་ཆེའི་རྩ་དོན་མཐའ་འཁྱོངས་བྱས་ནས་ལས་ཁུངས་ཀྱིས་དཔར་འགྲེམས་བྱས་པའི་ཡིག་ཆ་དང་གསར་འགྱུར་མདོར་བསྡུས་ཁུ་བསྡུ་ཤུགས་ཆེན་བྱས་ཏེ་གཞུང་ཡིག་གི་སྤུས་ཚད་མཐོ་རུ་གཏོང་དགོས།

གཉིས། གཞུང་ཡིག་འབྲི་དགོས་ངེས་ཡིན་དགོས་ལ་ཕན་འབྲས་དངོས་ལ་དོ་སྣང་བྱ་དགོས། སྤྲད་ཀྱང་ཆོག་ལ་མ་སྤྲད་ཀྱང་ཆོག་པའི་ཡིག་ཆ་གཏན་ནས་འགྲེམས་སྤེལ་མི་བྱ་ལ། ཆ་འཕྲིན་ཐབས་ལམ་དང་དྲ་རྒྱ་བརྒྱུད་སྤྲོད་བྱས་ནས་ཐག་གཅོད་བྱེད་ཐུབ་པའི་རིགས་ལ་ཤོག་བུའི་ཡིག་ཆ་མི་སྤྲོད་པ་དང་། བརྙན་སྐྱེལ་ལམ་གློག་འཕྲིན་བཏང་ཟིན་པའི་རིགས་ལ་རྩ་དོན་ཐོག་བསྐྱར་དུ་ཡིག་ཆ་དཔར་འགྲེམས་མི་བྱ། གལ་ཆེའི་ཚོགས་འདུ་ལས་འགོ་ཁྲིད་ཀྱི་གསུང་བཤད་སྤྱིར་བཏང་དུ་ཡིག་ཆ་འགྲེམས་སྤེལ་མི་བྱ་ལ། ཡིག་ཆ་རྩ་དོན་ཐོག་ཡིག་འབྲུ3000ལས་བརྒལ་མི་ཆོག

གསུམ། ཡིག་ཆ་དང་ནང་དོན་མཐུན་སྦྱོར་ཡོང་བའི་ལས་ཀ་ལེགས་པར་བསྒྲུབ་དགོས། གཞུང་ཡིག་བཟོ་སྐབས་ཁྲུའུ(ཁང་དང་ཅུའུ)གཞན་དག་གི་འགན་དབང་ཁྱབ་ཁོངས་དང་འབྲེལ་བ་ཡོད་པའི་དོན་དག་ཡིན་ཕྱིར། གཙོ་གཉེར་སྡེ་ཁག་གིས་སྔོན་ལ་འབྲེལ་ཡོད་ཁྲུའུ(ཁང་དང་ཅུའུ)དང་གྲོས་མོལ་བྱས་ཏེ་བསམ་འཆར་གཅིག་མཐུན་བྱུང་རྗེས་གཞི་ནས་གཞུང་ཡིག་འབྲི་དགོས། གལ་ཏེ་སྔར་བཞིན་མི་མཐུན་པ་བྱུང་ན། གཙོ་གཉེར་སྡེ་ཁག་གིས་ཕྱོགས་སོ་སོའི་བསམ་འཆར་གསལ་བོར་བཀོད་ནས་ཐིང་གི་འགོ་ཁྲིད་ལ་ཞིབ་བཤེར་གནང་བར་འབུལ་དགོས།

བཞི། ཐིང་ལས་ཁུངས་ཀྱིས་ཡིག་ཆ་གཏོང་བར་ཚོད་འཛིན་ནན་པོ་བྱ་དགོས། ཞིང་ཆེན་ཐིང་གི་ཁྲུའུ་ཁག་གིས་ཁྲུའུ་ཡི་མིང་ཐོག་ནས་གྲོང་ཁྱེར་དང་ཀྲོའུ་ཁྲིམས་འཛིན་ཅུའུ་ཁག་ལ་ཐད་ཀར་གཞུང་ཡིག་འབྲི་མི་ཆོག ཁྲུའུ་ཁག་གི་ལས་སྒོའི་བཀོད་སྒྲིག་དང་། གཏན་འབེབས། བརྡ་ཐོ་སོགས་ཐིང་གིས་ཡིག་ཆ་འགྲེམས་སྤེལ་བྱེད་པའམ་ཡང་ན་གཞུང་ལས་ཁང་གི་ཡིག་ཆར་བརྟེན་ནས་གཤམ་སྤྲོད་བྱེད་དགོས།

ལྔ། གསར་འགྱུར་གནད་བསྡུས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས། གསར་འགྱུར་མདོར་བསྡུས་ཀྱི་ནང་དོན་ནི་བཤད་རྒྱུ་ཡོད་པ་དང་། དངོས་ཐོག་བདེན་འཚོལ་བྱེད་དགོས་ཤིང་། དཔེ་མཚོན་རང་བཞིན་མི་ལྡན་པ་དང་སློབ་སྟོན་གྱི་དོན་སྙིང་ཆེན་པོ་མེད་ལ། བཏོན་ཆོག་ལ་མ་བཏོན་ཀྱང་ཆོག་པའི་གསར་འགྱུར་མདོར་བསྡུས་གཏན་ནས་འདོན་མི་རུང་།

དྲུག ཡིག་ཆར་ཞིབ་མཆན་འགོད་པའི་གནད་འགག་ལས་ཀར་ཤུགས་སྣོན་དགོས། ཐིང་གིས་ཡིག་ཆ་གཏོང་བ་དང་། གཞུང་ལས་ཁང་གིས་ཡིག་ཆ་གཏོང་རྒྱུ་དེ་གཞུང་ལས་ཁང་གིས་གཅིག་གྱུར་ཐོག་མ་ཡིག་ལ་ཞིབ་དཔྱད་བྱེད་དགོས། སྔོན་ལ་ཞིབ་བཤེར་བྱས་རྗེས་མིང་རྟགས་འགོད་པར་སྐྱེལ་བའི་གཞུང་ལས་གོ་རིམ་རྒྱུན་འཁྱོངས་བྱས་ཏེ། གཞུང་ཡིག་དང་གློག་འཕྲིན་གཞུང་ལས་ཁང་གིས་མ་ཡིག་ལ་ཞིབ་བཤེར་བྱས་རྗེས། གཞུང་ལས་ཁང་གི་ཀྲུའུ་རེན་ནམ་ཡང་ན་མངགས་བཅོལ་བྱས་པའི་ཀྲུའུ་རེན་གཞོན་པས་མིང་རྟགས་བཀོད་དེ་ཐིང་གི་འགོ་ཁྲིད་ཀྱི་ཞིབ་བཤེར་ཆོག་མཆན་གནང་རྗེས་གཞི་ནས་འགྲེམས་སྤེལ་བྱེད་དགོས། ཐིང་ཏང་ཨུའི་ཡིག་ཆ་དེ་ཏང་ཨུའི་དྲུང་ཡིག་གིས་མ་ཡིག་ལ་ཞིབ་བཤེར་བྱེད་པའི་འགན་འཁུར་དགོས། ཁྲིམས་སྲོལ་དང་། སྒྲིག་སྲོལ་སོགས་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་རིགས་སྔོན་ལ་ཁྲིམས་ལུགས་ཁྲུའུ་ལ་བསྐྱལ་ནས་བཅའ་ཁྲིམས་དང་སྲིད་ཇུས་ལ་ཞིབ་བཤེར་བྱས་རྗེས་གཞུང་ལས་ཁང་དུ་བསྐྱལ་ནས་མ་ཡིག་ཞིབ་བཤེར་བྱེད་དགོས། ཡིག་ཆའི་ཡི་གེ་དང་ནང་དོན་ལ་ངོ་བོའི་རང་བཞིན་གྱི་བཟོ་བཅོས་རྒྱག་དགོས་པ་དང་ཡིག་ཆ་གཏོང་མི་དགོས་ཚེ། གཞུང་ལས་ཁང་གིས་འབྲེལ་ཡོད་ཁྲུའུ(ཁང་དང་ཅུའུ)དང་གྲོས་མོལ་བྱས་ནས་བསྐྱར་དུ་བཟོ་བཅོས་བྱེད་དགོས་པའམ་ཡང་ན་བསམ་འཆར་དང་གྲོས་འགོ་བཏོན་ནས་འབྲེལ་ཡོད་སྡེ་ཁག་ལ་ཕྱིར་སློག་ནས་སྒྲུབ་ཏུ་འཇུག་དགོས།

བདུན། དགོས་མཁོར་གཞིགས་ནས་ཡིག་ཆ་དང་གསར་འགྱུར་གནད་བསྡུས་པར་སྐྲུན་བྱས་གྲངས་ལ་ཚོད་འཛིན་ནན་པོ་བྱེད་དགོས། ཆོག་མཆན་མ་ཐོབ་པར་ཡིག་ཆ་དང་གསར་འགྱུར་མདོར་བསྡུས་གཏོང་ཁོངས་རྒྱ་ཆེ་རུ་བཏང་མི་ཆོག་པ་དང་དཔར་འདེབས་གྲངས་འབོར་མང་དུ་བཏང་མི་ཆོག ཁྲུའུ(ཁང་དང་ཅུའུ)ཁག་གིས་ཐད་ཀར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་ལ་གནས་ཚུལ་མདོར་བསྡུས་འདོན་སྤྲོད་བྱས་མི་ཆོག

བརྒྱད། ཡིག་ཆ་དང་གསར་འགྱུར་མདོར་བསྡུས་ཐག་གཅོད་དང་པར་འདེབས་བྱེད་ཚད་མགྱོགས་སུ་བཏང་ནས་ཡིག་ཆ་དང་གསར་འགྱུར་གནད་བསྡུས་ཀྱི་གོ་ཆོད་རང་བཞིན་ཆེ་རུ་གཏོང་དགོས། ཐིང་གི་འགོ་ཁྲིད་ལ་ཞིབ་བཤེར་ཆོག་མཆན་འགོད་པར་འབུལ་བ་དང་གཞུང་ལས་ཁང་ལ་ཞིབ་བཤེར་བྱེད་པར་བསྐྱལ་བའི་གཞུང་ཡིག་ལ་ཞིབ་བཤེར་ཆོག་མཆན་འགོད་པ་དང་། མ་ཡིག་ལ་ཞིབ་བཤེར་བྱེད་པའི་དུས་ཚོད་འབྲི་དགོས་ལ། གཞུང་ལས་ཁང་གིས་བྲེལ་འཚུབ་ཆེ་བའི་ཡིག་ཆ་ལ་དུས་ཐོག་ཏུ་ཞིབ་བཤེར་བྱས་ཏེ་འགྲེམས་སྤེལ་བྱེད་དགོས་པ་དང་། ཡིག་ཆ་སྒྲུབ་པའི་མྱུར་ཚད་དང་གོ་ཆོད་རང་བཞིན་ཇེ་མཐོར་གཏོང་དགོས།

དགུ། གཞུང་ལས་ཁང་གིས་གཞུང་ཡིག་ཐག་གཅོད་ལ་ལྟ་སྐུལ་བྱེད་པའི་འགན་འཁྲི་བསྒྲུབ་དགོས་ལ། གཞུང་ལས་ཁང་ནི་ཐིང་ལས་ཁུངས་ཀྱི་གཞུང་ཡིག་ཐག་གཅོད་བྱེད་པའི་འགན་ནུས་སྡེ་ཁག་ཡིན། ལས་ཁུངས་ཀྱི་གཞུང་ཡིག་ཐག་གཅོད་བྱེད་པར་ལྟ་སྐུལ་དང་ཞིབ་བཤེར་བྱེད་པའི་ལས་ཀར་ཤུགས་སྣོན་ཏེ་གཞུང་ཡིག་ཐག་གཅོད་བྱེད་རིང་གི་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་བྱས་ནས་ཐིང་ཏང་ཨུ་དང་ཐིང་གི་འགོ་ཁྲིད་ལ་དུས་ཐོག་ཏུ་ཐིང་ལས་ཁུངས་ཀྱི་གཞུང་ཡིག་ཐག་གཅོད་ལས་ཀ་ལེགས་བཅོས་དང་དེར་ཤུགས་སྣོན་བྱས་ཏེ་བསམ་འཆར་དང་གྲོས་འགོ་འདོན་དགོས་པ་དང་། ཐིང་གི་འགོ་ཁྲིད་ལ་རོགས་རམ་བྱས་ནས་ལས་ཁུངས་ཀྱི་ལས་ཀའི་ལས་ཆོད་ཆེ་རུ་གཏོང་བ་དང་གཞུང་ཡིག་ཐག་གཅོད་ལས་ཀ་ལེགས་པར་བསྒྲུབ་དགོས།

ཁྲིམས་འཛིན་ཐིང་གི་ལས་ཁུངས་ལམ་ལུགས་ཅིག་ཤོས།

གྲོས་ཚོགས་དོ་དམ་བྱེད་ཐབས།

ཏང་གི་སྐབས་བཅོ་ལྔ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང 《ཏང་གི་ཀུན་སྤྱོད་ལེགས་སྒྱུར་དེ་ལ་ཤུགས་སྣོན་བྱེད་པའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཆོད་དོན》གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་ཆེད། 《ཀྲུང་གུང་ཅི་ལིན་ཞིང་ཆེན་ཁྲིམས་འཛིན་ཐིང་ཨུ་ཡོན་ལྷན་ཁང་གིས་ཐིང་ལས་ཁུངས་ཀྱི་སྤྱོད་ཚུལ་འཛུགས་སྐྲུན་གྱི་བསམ་འཆར་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་དགོས》 ཀྱི་བླང་བྱ་ལྟར་བྱེད་ཐབས་འདི་དམིགས་བསལ་དུ་བཟོས་པ་ཡིན།

གཅིག གཞི་རྩའི་བླང་བྱ།

(གཅིག) ཚོགས་སྲོལ་ལ་འགྱུར་ལྡོག་གཏོང་རྒྱུ་ནི་ཐིང་ལས་ཁུངས་ཀྱི་སྤྱོད་ཚུལ་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་ནང་དོན་གལ་ཆེན་ཞིག་ཡིན་པ་དང་། ལས་ཁུངས་ཀྱི་ལས་ཀའི་ལས་ཆོད་ཆེ་རུ་གཏོང་བ་དང་རྣམ་པ་བཟང་བོ་འཛུགས་པའི་གཞི་རྩའི་བླང་བྱ་ཞིག་ཡིན་པས། ཁྲུའུ་ཁག (ཁང་དང་ཅུའུ) དང་ལས་ཁུངས་ཁག་གིས་ངེས་པར་དུ་ཚད་མཐོའི་མཐོང་ཆེན་བྱས་ནས་རྩ་འཛུགས་ཀྱི་སྒྲིག་ཁྲིམས་ནན་པོ་བཟོས་ཏེ་ཚོགས་སྲོལ་ཐད་གནས་པའི་གནད་དོན་ཐག་གཅོད་བྱ་དགོས།

(གཉིས) ཉིང་བསྡུ་དང་། ལས་ཆོད་ཆེ་བ། གྲོན་ཆུང་བཅས་ཀྱི་རྩ་དོན་ལག་ལེན་མཐར་ཕྱིན་བྱས་ཏེ་རང་རེའི་ཐིང་གི་གྲོས་ཚོགས་ཀྱི་གྲངས་འབོར་དང་གཞི་ཁྱོན། ཚད་གཞི་བཅས་མཐའ་གཅིག་ཏུ་ཉུང་འཕྲི་བྱས་ནས་གྲོས་ཚོགས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་། ཚོགས་འདུ་ཉུང་ཙམ་འཚོག་པ་དང་ཚོགས་འདུ་ཐུང་ངུ་འཚོག་རྒྱུ་དར་སྤེལ་གཏོང་དགོས་ལ། འཚོགས་ཆོག་ལ་མ་འཚོགས་ཀྱང་ཆོག་པའི་ཚོགས་འདུ་གཏན་ནས་འཚོག་མི་རུང་། ཟླ་སྒྲིལ་གཏོང་ཐུབ་པའི་གྲོས་ཚོགས་ཟླ་སྒྲིལ་གང་ཐུབ་གཏོང་དགོས། ཡུག་འབྲེལ་ཚོགས་འདུས་གནད་དོན་ཐག་གཅོད་ཐུབ་པའི་རིགས་ཞིང་ཆེན་ཡོངས་ཀྱི་རང་བཞིན་ལྡན་པའི་གྲོས་ཚོགས་འཚོག་མི་དགོས་པ་དང་། ཁ་པར་གྲོས་ཚོགས་སམ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པ་སྤྱོད་ཐུབ་ན། མི་སྣ་གཅིག་སྡུད་ཀྱིས་ཚོགས་འདུ་འཚོག་མི་དགོས། ངེས་པར་དུ་གཅིག་སྡུད་ཀྱིས་འཚོག་དགོས་པའི་ཚོགས་འདུ་ནི་རྩ་དོན་ཐོག་གྲོང་ཁྱེར(ཆུས)ཁོ་ནར་འཚོག་དགོས། ཐིང་གིས་འཚོགས་པའི་གྲོས་ཚོགས་ཉིན་གཉིས་ལས་མི་བརྒལ་བ་དང་། ཁྲུའུ་ཡིས་འཚོགས་པའི་གྲོས་ཚོགས་ཉིན་གཅིག་ལས་བརྒལ་མི་ཆོག ཚོགས་འདུའི་རྩ་དོན་ཐོག་གཏམ་བཤད་གཅིག་བྱེད་པ་ལ་གཏམ་བཤད་ཆུ་ཚོད་གཅིག་ལས་མི་བརྒལ་བར་གྲོས་བསྡུར་དང་གཏམ་བཤད་བྱེད་སྐབས་དུས་བཀག་ནང་བྱེད་དགོས།

(གསུམ) ཚོགས་འདུར་ཞིབ་མཆན་འགོད་པའི་ལམ་ལུགས་ནན་དུ་གཏོང་དགོས། ལོ་རེའི་ཟླ12པའི་ཟླ་དཀྱིལ་གྱི་སྔོན་ལ་ཁྲུའུ(ཁང་དང་ཅུའུ)ཁག་གིས་སྡེ་ཁག་དེ་གའི་ལོ་རྗེས་མར་འཚོག་རྩིས་ཡོད་པའི་ཚོགས་འདུའི་འཆར་གཞི་ཡིག་ཐོག་ནས་གཞུང་ལས་ཁང་ལ་ཕྱོགས་བསྡུས་བྱེད་པར་སྐྱེལ་དགོས་པ་དང་། གཞུང་ལས་ཁང་དང་རྩིས་གཉེར་ཁྲུའུ་ཡིས་འབྲེལ་ཡོད་གཏན་འབེབས་ལྟར་ཐག་གཅོད་བྱས་ཏེ། དེ་ནས་ཁག་བགོས་དོ་དམ་ཐིང་གི་འགོ་ཁྲིད་ལ་སྙན་སེང་ཞུས་ནས་ཐིང་ཀྲང་གི་གཞུང་ལས་ཚོགས་འདུར་ཞིབ་བཤེར་ཆོག་མཆན་འགོད་དུ་འཇུག་དགོས། གཞུང་ལས་ཁང་དང་པོའི་ཡིག་ཆ་ཐིང་གི་ལོ་འཁོར་ཚོགས་འདུའི་འཆར་གཞི་འགྲེམས་སྤེལ་བྱས་ནས་སྡེ་ཁག་སོ་སོས་ལག་བསྟར་ནན་པོ་བྱེད་དགོས།

(བཞི)ཐིང་ལས་ཁུངས་ཀྱི་ཁང་སོ་སོས་སྐོང་ཚོགས་བྱས་པའི་ཟས་སྡོད་འགྲོ་གྲོན་གྱི་ཚོགས་འདུ་དེ་དམིགས་འཛུགས་ལམ་ལུགས་ལག་བསྟར་བྱས་ཏེ་ཐིང་གཞུང་ལས་ཁང་དང་ནོར་དོན་ཁྲུའུ་ཡིས་ས་གནས་གཏན་འཁེལ་དང་གཅིག་གྱུར་ཐོག་བསྡོམས་རྩིས་རྒྱག་དགོས།

(ལྔ)ཚོགས་འདུའི་སྤུས་ཚད་མཐོ་རུ་གཏོང་དགོས། ཚོགས་འདུ་འཚོག་སྐབས་གྲོས་དོན་གསལ་བོ་དང་། གྲ་སྒྲིག་ཚགས་དམ། གནད་དོན་ཐག་གཅོད་བཅས་བྱེད་དགོས། ཚོགས་འདུའི་ཡིག་ཆ་དང་འགོ་ཁྲིད་ཀྱི་གཏམ་བཤད་དེ་གྲ་སྒྲིག་ཚོགས་འདུའི་ལས་འགན་གཙོ་བོར་བརྩིས་ནས་ལྟ་སྟངས་ནན་ཏན་དུ་འཛིན་པ་དང་། ཞིབ་འཇུག་གང་ལེགས། གྲ་སྒྲིག་ཞིབ་ཚགས་བཅས་བྱ་དགོས། དམིགས་བསལ་གྱི་གནས་ཚུལ་ལས་སྐབས་འཕྲལ་དུ་དཔྱད་ཆས་བཏང་ནས་ཚོགས་འདུ་མི་འཚོགས།

གཉིས། ཚོགས་འདུའི་རྣམ་གྲངས།

ཚོགས་འདུའི་རིགས་གཙོ་བོ་ནི་ཐིང་ཏང་ཨུ་ཡི་ཚོགས་འདུ་དང་། ཐིང་གི་ལས་དོན་ཚོགས་འདུ། ཐིང་ཀྲང་གཞུང་དོན་ཚོགས་འདུ། ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་དོན་ཚོགས་འདུ། ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་དོན་གྱི་ཆེད་དོན་ཚོགས་འདུ(བཞུགས་མོལ་ཚོགས་འདུ)དང་ཆེད་ལས་ཚོགས་འདུ་གཞན་དག་བཅས་ཚུད་ཡོད།

(གཅིག)ཐིང་གི་ཏང་གི་ལས་དོན་ཚོགས་འདུ། ཏང་ཨུའི་ཧྲུའུ་ཅི་དང་ཏང་ཨུའི་ཁོངས་མི་ལས་གྲུབ་པ་དང་། ཏང་ཨུའི་ཧྲུའུ་ཅིའམ་ཏང་ཨུའི་ཧྲུའུ་ཅིས་མངགས་བཅོལ་བྱས་པའི་བློ་མཐུན་གྱིས་གཙོ་སྐྱོང་བྱ་དགོས། ཏང་ཨུའི་ཚོགས་འདུར་ཏང་ཨུའི་ཁོངས་མི་ཕྱེད་ཀ་ཡན་ཞུགས་དགོས་པ་དང་། ལས་བྱེད་པ་བསྐོ་འཐེན་གྱི་དོན་དག་ཞིབ་འཇུག་དང་ཐག་གཅོད་བྱེད་པར་ཏང་ཨུའི་ཁོངས་མི་གསུམ་ཆ་གཉིས་ཡན་ཞུགས་དགོས།

(གཉིས)ཐིང་གི་ལས་དོན་གྲོས་ཚོགས། ཐིང་ཀྲང་དང་ཐིང་ཀྲང་གཞོན་པ། ཆབ་སྲིད་པུའུ་ཡི་ཀྲུའུ་རེན། སྒྲིག་ཁྲིམས་ཞིབ་བཤེར་ཧྲུའུ་ཅི་བཅས་ལས་གྲུབ་པ་དང། ཐིང་ཀྲང་ངམ་ཐིང་ཀྲང་གིས་མངགས་བཅོལ་བྱས་པའི་ཐིང་ཀྲང་གཞོན་པས་གཙོ་སྐྱོང་བྱེད་དགོས་ལ། ཐིང་ལས་ཁུངས་ཀྱི་ཁྲུའུ་ཁག(ཁང་དང་ཅུའུ)དང་འབྲེལ་ཡོད་ཐད་གཏོགས་ཚན་པའི་འགན་འཁུར་བ་གཙོ་བོ་དག་ཞུགས་དགོས།


(གསུམ)ཐིང་གི་གཞུང་ལས་ཚོགས་འདུ། ཐིང་ཀྲང་དང་ཐིང་ཀྲང་གཞོན་པ། ཆབ་སྲིད་པུའུ་ཡི་ཀྲུའུ་རེན། སྒྲིག་ཁྲིམས་ཞིབ་བཤེར་ཧྲུའུ་ཅི་བཅས་ལས་གྲུབ་པ་དང་། ཐིང་ཀྲང་ངམ་ཐིང་ཀྲང་གིས་མངགས་བཅོལ་བྱས་པའི་ཐིང་ཀྲང་གཞོན་པས་གཙོ་སྐྱོང་བྱེད་དགོས་ལ། ཚོགས་འདུའི་ནང་དོན་ལ་གཞིགས་ནས་འབྲེལ་ཡོད་ཁྲུའུ(ཁང་དང་ཅུའུ)དང་དེ་བཞིན་འབྲེལ་ཡོད་ཐད་གཏོགས་སྡེ་ཚན་གྱི་འགན་འཁུར་བ་གཙོ་བོ་ཟུར་ཞུགས་གནང་དགོས།

(བཞི)ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་བྱ་བའི་གྲོས་ཚོགས། ཐིང་ཀྲང་ངམ་ཐིང་ཀྲང་གིས་མངགས་བཅོལ་བྱས་པའི་ཐིང་ཀྲང་གཞོན་པས་གཙོ་སྐྱོང་བྱེད་དགོས། ཐིང་གཞུང་དོན་ཁང་གི་ཀྲུའུ་རེན་དང་། ཞིང་ཆེན་བཙོན་ཁང་དོ་དམ་ཅུའུ་ཡི་ཏང་ཨུ་ཁོངས་མི། གྲོང་ཁྱེར་དང་ཀྲོའུ་ཁག་གི་ཁྲིམས་འཛིན་ཅུའུ་ཀྲང་དང་གཞུང་ལས་ཁང་གི་ཀྲུའུ་རེན། ཐིང་ལས་ཁུངས་ཀྱི་ཁྲུའུ་ཁག(ཁང་དང་ཅུའུ)ཞིང་ཆེན་ཐད་གཏོགས་བཙོན་ཁང་། ངལ་རྩོལ་སློབ་གསོ་ཁང་དང་དེ་བཞིན་ཐིང་ཐད་གཏོགས་ཚན་པའི་འགན་འཁུར་བ་གཙོ་བོ་དང་འབྲེལ་ཡོད་མི་སྣ་བཅས་ཞུགས་ཡོད་པ་རེད། ཚོགས་འདུ་ལོ་རེར་ཐེངས་རེ་འཚོགས་པ་དང་། སྤྱིར་བཏང་ལོ་རེའི་ལོ་འགོར་འཚོགས་ཀྱིན་ཡོད་ལ། དགོས་མཁོ་ལྟར་སྔ་སྣུར་རམ་ཕྱིར་འགྱངས་ཀྱིས་འཚོགས་ཀྱང་ཆོག

(ལྔ)ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་ཅུའུ་ཀྲང་གི་བཞུགས་མོལ་ཚོགས་འདུ། ཐིང་ཀྲང་ངམ་ཐིང་ཀྲང་གིས་མངགས་བཅོལ་བྱས་པའི་ཐིང་ཀྲང་གཞོན་པས་གཙོ་སྐྱོང་བྱེད་དགོས། གྲོང་ཁྱེར་དང་ཀྲོའུ་ཁག་གི་ཁྲིམས་འཛིན་ཅུའུ་ཀྲང་ངམ་ཡང་ན་མངགས་བཅོལ་བྱས་པའི་ཅུའུ་ཀྲང་གཞོན་པ་དང་། ཐིང་ལས་ཁུངས་ཀྱི་འབྲེལ་ཡོད་ཁྲུའུ(ཁང་དང་ཅུའུ)ཡི་འགན་འཁུར་བ། འབྲེལ་ཡོད་ཐད་གཏོགས་ཚན་པའི་འགན་འཁུར་བ་དང་དེ་བཞིན་འབྲེལ་ཡོད་མི་སྣ་ཞུགས་ཡོད་པ་རེད། ཚོགས་འདུ་ལོ་རེར་ཐེངས་རེ་འཚོག་པ་དང་། སྤྱིར་བཏང་ལོ་རེའི་ལོ་དཀྱིལ་དུ་འཚོག་པ་ཡིན་ཞིང་། གནས་ཚུལ་གྱི་དགོས་མཁོར་གཞིགས་ནས་དུས་བཅད་ཀྱི་སྔོན་ནམ་ཡང་ན་ཕྱིས་སུ་སྐོང་འཚོག་བྱས་ཀྱང་ཆོག

(དྲུག) ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་བྱ་བའི་ཆེད་དོན་གྲོས་ཚོགས། ཐིང་ཀྲང་ངམ་ཐིང་ཀྲང་གིས་མངགས་བཅོལ་བྱས་པའི་ཐིང་ཀྲང་གཞོན་པས་གཙོ་སྐྱོང་བྱེད་དགོས། ཐིང་ལས་ཁུངས་ཀྱི་འབྲེལ་ཡོད་ཁྲུའུ(ཁང་དང་ཅུའུ)ཡི་འགན་འཁུར་བ་དང་། གྲོང་ཁྱེར་དང་ཀྲོའུ་ཁག་གི་ཁྲིམས་འཛིན་ཅུའུ་ཀྲང་ངམ་ཡང་ན་ཅུའུ་ཀྲང་གཞོན་པ་དང་འབྲེལ་ཡོད་ཐད་གཏོགས་ཚན་པའི་འགན་འཁུར་བ་དང་དེ་བཞིན་འབྲེལ་ཡོད་མི་སྣ་ཞུགས་དགོས་ལ། ཚོགས་འདུ་ལོ་འཁོར་གྱི་ཚོགས་འདུའི་འཆར་གཞི་ལྟར་འཚོགས་པ་རེད།

(བདུན)ཆེད་ལས་ལས་དོན་གྱི་བཞུགས་མོལ་ཚོགས་འདུ། ཐིང་ཀྲང་གཞོན་པའམ་མངག་བཅོལ་དང་ལེན་བྱེད་མཁན་ཁྲུའུ(ཁང་དང་ཅུའུ)དང་འབྲེལ་ཡོད་ཐད་གཏོགས་སྡེ་ཚན་གྱི་མི་སྣ་ཞུགས་དགོས་ལ། ཚོགས་འདུ་ལོ་འཁོར་གྱི་ཚོགས་འདུའི་འཆར་གཞི་ལྟར་འཚོགས་པ་རེད།

གསུམ། ཐིང་གི་ཏང་ཨུའི་གྲོས་ཚོགས་དང་། ཐིང་གི་ལས་དོན་གྲོས་ཚོགས། ཐིང་ཀྲང་གི་གཞུང་ལས་གྲོས་ཚོགས་བཅས་ཀྱི་གྲ་སྒྲིག་དང་སྐོང་འཚོག་བྱེད་པའི་སྐོར།

(གཅིག)གྲོས་དོན་གཏན་འཁེལ་བྱེད་པ། ཏང་ཨུའི་ཧྲུའུ་ཅི་དང་ཏང་ཨུའི་ཁོངས་མིའམ་ཐིན་ཀྲང་དང་ཐིན་ཀྲང་གཞོན་པས་གྲོས་འགོ་བཏོན་ཞིང་ཏང་ཨུའི་ཧྲུའུ་ཅིས་གཏན་འཁེལ་བྱ་དགོས།

(གཉིས) དཔྱད་གཞིའི་ཡིག་རིགས་གྲ་སྒྲིག་བྱེད་པ། གྲོས་ཚོགས་ཐོག་གྲོས་བསྡུར་བྱ་དགོས་པའི་གྲོས་དོན་གྱི་དཔྱད་ཡིག་རྣམས་སྤུས་ཀའི་འགག་སྒོ་དམ་སྲུང་བྱ་དགོས། གནས་ཚུལ་སྙན་ཞུའི་རིགས་སུ་གཏོགས་པའི་ཡིག་ཆའི་རིགས་ལ་འབྲེལ་ཡོད་རྒྱབ་ལྗོངས་ཀྱི་གནས་ཚུལ་དང་ཞིབ་འཇུག་བྱ་དགོས་པའི་གནད་དོན་རྒྱས་བཤད་གསལ་པོ་བྱ་དགོས་པ་དང་། གྲོས་དོན་འདོན་སྤྲོད་བྱེད་མཁན་སྡེ་ཚན་གྱིས་ཚོགས་འདུ་མ་འཚོགས་གོང་ལ་དཔྱད་གཞི་ཚོགས་ཞུགས་མི་སྣར་སྐྱེལ་སྤྲོད་བྱ་དགོས་པ་དང་། གྲོས་དོན་འདོན་སྤྲོད་བྱེད་མཁན་སྡེ་ཚན་གྱིས་གྲོས་བསྡུར་བྱེད་པའི་གྲོས་དོན་ལ་གྲ་སྒྲིག་བྱ་དགོས་ཤིང་། འགན་འཁུར་པ་གཙོ་བོས་བླང་བྱ་ལྟར་ཚོགས་འདུར་སྙན་སེང་ཞུས་ནས་འབྲེལ་ཡོད་གནད་དོན་གསལ་བཤད་བྱ་དགོས།

(གསུམ)ཚོགས་འདུའི་བརྡ་ཐོ། གཞུང་ལས་ཁང་གིས་ཐིང་འགོ་ཁྲིད་ཀྱི་ཚོགས་འདུ་སྐོང་ཚོགས་བྱེད་པའི་སྐོར་གྱི་མཛུབ་སྟོན་གཞིར་བཟུང་སྟེ་ཐིང་ཏང་ཨུ་ཡི་དྲུང་ཡིག་གིས་ཚོགས་འདུའི་དུས་ཚོད་དང་། ས་གནས། ཟུར་ཞུགས་མི་སྣ་བཅས་དོན་འཁྱོལ་བྱེད་དགོས་པ་མ་ཟད་ཚོགས་འདུའི་མི་སྣར་བརྡ་ཐོ་གཏོང་བའི་འགན་འཁུར་དགོས།

ཐིང་གི་ཏང་ཨུ་ཡོན་ལྷན་ཁང་དང་། ཐིང་གི་ལས་དོན་གྲོས་ཚོགས། ཐིང་གི་གཞུང་ལས་གྲོས་ཚོགས་བཅས་ནི་ཏང་ཨུའི་དྲུང་ཡིག་དང་གཞུང་ལས་ཁང་གི་ཀྲུའུ་རེན་གྱིས་མངགས་བཅོལ་བྱས་པའི་བློ་མཐུན་གྱིས་འགན་ཁུར་ནས་ཟིན་ཐོ་འགོད་པ་དང་། གྲོས་ཚོགས་གལ་ཆེན་ལ་ཚོགས་འདུའི་གྲོས་ཆོད་དམ་ཟིན་བྲིས་གནད་བསྡུས་ཀྱི་གྲུབ་པ་དང་། ཚོགས་འདུའི་གྲོས་ཆོད་དམ་ཟིན་བྲིས་གནད་བསྡུས་དེ་ཏང་ཨུའི་དྲུང་ཡིག་གིས་འཆར་ཟིན་བཀོད་དེ་གཞུང་ལས་ཁང་གི་ཀྲུའུ་རེན་གྱིས་ཞིབ་བཤེར་བྱས་པ་བརྒྱུད་ཏང་ཨུའི་ཧྲུའུ་ཅི་དང་ཐིང་ཀྲང་གིས་ཆོག་མཆན་བཀོད་ནས་སྤྲོད་དགོས།

བཞི། ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་བྱ་བའི་གྲོས་ཚོགས། ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་ཅུའུ་ཀྲང་གི་བཞུགས་མོལ་ཚོགས་འདུ། ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་ཆེད་དོན་བྱ་བའི་ཚོགས་འདུ (བཞུགས་མོལ་ཚོགས་འདུ) དེ་ལས་གཞན་ཆེད་ལས་གྲོས་ཚོགས་བཅས་ཀྱི་གྲ་སྒྲིག་དང་སྐོང་འཚོགས་བྱ་དགོས།

(གཅིག)གྲོས་དོན་གཏན་འཁེལ་བྱེད་པ། ཐིང་ཀྲང་ངམ་ཐིང་ཀྲང་གཞོན་པ་དང་འབྲེལ་ཡོད་ཁྲུའུ(ཁང་དང་ཅུའུ)ཡིས་གྲོས་འགོ་བཏོན་ནས་ཐིང་ཀྲང་ངམ་མངགས་བཅོལ་བྱ་ཡུལ་ཐིང་ཀྲང་གཞོན་པས་གཏན་འཁེལ་བྱ་དགོས །

(གཉིས) གྲོས་ཚོགས་འཚོག་རྒྱུའི་གྲ་སྒྲིག་བྱ་དགོས། ཚོགས་འདུ་མ་འཚོགས་གོང་ཡིག་ཐོག་སྙན་ཞུ་དང་ཞིབ་མཆན་འགོད་པའི་འགྲོ་ལུགས་ལག་བསྟར་ནན་པོ་བྱེད་དགོས། ཐིང་གི་མིང་ཐོག་ནས་འཚོགས་པའི་ཚོགས་འདུ་གང་ཞིག་ཡིན་ཕྱིན་སྤྱིར་བཏང་གི་གནས་ཚུལ་འོག་གཙོ་གཉེར་སྡེ་ཁག་གིས་ཚོགས་འདུ་མ་འཚོགས་གོང་གི་ཟླ་ཕྱེད་ནང་ཚོགས་འདུའི་ཡིག་ཆ་གཙོ་བོ(འགོ་ཁྲིད་ཀྱི་གསུང་བཤད་མ་ཟིན་དང་། ལས་ཀའི་བསམ་འཆར། ཆོད་དོན་སོགས་ཚུད)ཏང་གི་ཨུ་ཡོན་ལྷན་ཁང་ངམ་ཐིང་ཀྲང་གཞུང་ལས་ཚོགས་འདུར་གྲོས་བསྡུར་བྱེད་པར་ཕུལ་དགོས།

(གསུམ)ཚོགས་འདུའི་བརྡ་ཐོ། གཞུང་ལས་ཁང་གིས་ཐིང་འགོ་ཁྲིད་ཀྱི་ཚོགས་འདུ་སྐོང་ཚོགས་བྱེད་པའི་སྐོར་གྱི་མཛུབ་སྟོན་གཞིར་བཟུང་ནས་གཞུང་ལས་ཁང་གིས་ཐིང་གི་ཡིག་ཆ་བཏང་བའམ་གློག་འཕྲིན་གྱི་རྣམ་པའི་ཐོག་ནས་ཚོགས་ཞུགས་ཚན་པ་ཁག་ལ་བརྡ་ཐོ་གཏོང་དགོས།

(བཞི) ཚོགས་དོན་གྱི་ལས་བགོས། ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་དོན་ཚོགས་འདུ་དང་ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་ཅུའུ་ཀྲང་གི་ཚོགས་འདུའི་ལས་དོན་དེ་ལས་བགོས་འགན་གཉེར་གཞུང་ལས་ཁང་གི་ལས་དོན་གྱི་ཐིང་ཀྲང་གཞོན་པས་སྤྱིའི་འགན་འཁུར་དགོས་པ་དང་གཞུང་ལས་ཁང་གིས་ཞིབ་ཕྲའི་འགན་འཁུར་དགོས། དཔེར་ན་ཚོགས་འདུ་དེ་ཞིང་ཆེན་ལྟེ་གནས་གྲོང་ཁྱེར་གྱི་ཕྱི་ནས་འཚོགས་ཤིང་། ས་གནས་དེ་གའི་ཁྲིམས་འཛིན་ཅུའུ་ཡིས་ཚོགས་འདུའི་ལས་དོན་ལ་བཀོད་སྒྲིག་བྱེད་རོགས་བྱས་ཡོད།

ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་ཆེད་དོན་ཚོགས་འདུ(བཞུགས་མོལ་ཚོགས་འདུ)དང་ཆེད་ལས་ཚོགས་འདུ་གཞན་དག་གི་ཚོགས་དོན་ལས་དོན་དེ་ལས་བགོས་འགན་གཉེར་གྱི་ཐིང་ཀྲང་གཞོན་པས་སྤྱིའི་རྩ་དོན་གྱི་འགན་འཁུར་དགོས་པ་དང་། གཙོ་སྒྲུབ་ཁྲུའུ(ཁང་དང་ཅུའུ)ཡིས་ཚོགས་དོན་ལས་དོན་བཀོད་སྒྲིག་བྱེད་པར་གཞོགས་འདེགས་བྱེད་དགོས།

ནོར་སྲིད་རྩིས་གཉེར་ཁྲུའུ་ཡི་ཚོགས་འདུའི་སྔོན་རྩིས་ལ་ཞིབ་བཤེར་ཆོག་མཆན་འགོད་པའི་འགན་འཁུར་བ་དང་ནོར་དོན་ངེས་རྩིས་སོགས་ཀྱི་ལས་ཀ་བྱེད་པའི་འགན་འཁུར་བ་དང་། ལས་ཁུངས་ཞབས་ཞུ་ལྟེ་གནས་ཀྱིས་རླངས་འཁོར་བསུ་སྐྱེལ་སོགས་ཀྱི་ལས་དོན་བཀོད་སྒྲིག་བྱེད་པའི་འགན་འཁུར་དགོས།


དཔྱད་གཞིའི་ཡིག་ཆ།