ཧྲ་ཅ་པིན།སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2021-04-29 10:07ལ་འགྲུབ།

ཧྲ་ཅ་པིན།

ཧྲ་ཅ་པིན།
《ཧྲ་ཅ་པིན》ཞེས་པ་ནི་པེ་ཅིང་ཟློས་གར་ཚོགས་པས་བཏོན་པ་དང་། ཝང་ཙེང་ཆི་དང་། དབྱང་ཡུས་མིན། ཞའོ་ཅ། ཞུའེ་ཨེན་ཧོའུ་བཅས་ཀྱིས་བརྩམས་ཤིང་། ཟློས་གར་འདི་ནི་ཧྲང་ཧའེ་གྲོང་ཁྱེར་མི་དམངས་ཟློས་གར་ཚོགས་པ་ཡིས་བརྩམས་པའི་དེང་རབས་ཀྱི་ཧྲང་ཧའེ་ཟློས་གར་ཞིག་བཅོས་སྒྲིག་བྱས་པའི་ཟློས་གར་གྱི་འཁྲབ་ཚན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
沙家浜
ཀུང་སི།
པེ་ཅིང་ཟློས་གར་ཚོགས་པ།
འཁྲབ་གཞུང་།
ཝང་ཙེང་ཆི།
འཁྲབ་ཁྲིད་པ།
ཞའོ་ཅ།
1 ནང་དོན་མདོར་བསྡུས།

འཇར་འགོག་དམག་འཁྲུག་གི་སྐབས་སུ། ཞིན་སི་ཅུན་གྱི་དམག་དཔུང་ཞིག་གི་རྨས་མ18མཛུབ་སྟོན་པ་ཀུའོ་ཅན་ཀོང་གི་སྣེ་ཁྲིད་འོག་ཧྲ་ཅ་པིང་ཡོང་ནས་རྨ་ཁ་གསོས། ཁོ་ཚོ་དང་ས་དེའི་མང་ཚོགས་བར་ལ་མཛའ་བརྩེ་ཟབ་མོ་ཞིག་ཆགས། འཇར་དམག་གིས་རྨས་མ་དེ་དག་འཚོལ་ཕྱིར། ཧྲ་ཅ་པིན་ས་ཁུལ་དུ་སྨྱོ་ཧམ་ཆེན་པོས་གཙང་ཕྱགས་བྱས། ཏང་རྩ་འཛུགས་ཀྱིས་དགྲ་དམག་གི་ངར་ཤུགས་ལས་གཡོལ་ཆེད་རྨས་མ་ཡང་ཁྲིན་མཚེའུ་རུ་གནས་སྤོ་བཀོད་སྒྲིག་བྱས་པས་དགྲ་བོར་ཅི་ཡང་མ་ཐོབ། ཧྲ་ཅ་པིན་དུ་བཅའ་སྡོད་བྱས་ནས་ལྐོག་ཏུ་རྨས་མའི་གནས་ཚུལ་རྩད་ཆོད་པ་རེད། ཧྲ་ཅ་པིན་དགྲ་བོས་དུས་ཡུན་རིང་བོར་བཟུང་བ་དང་། ཨ་ཆིན་སྲི་མོས་ཀྲུང་གུང་ཅང་དབྱིན་རྫོང་ཨུ་ཡི་ཆོག་མཆན་ལྟར། ཧྲ་སི་ལུང་མངགས་ནས་རྨས་མ་ཧུང་ཧྲི་སྡེ་བར་སྤོར་དུ་བཅུག་པ་དང་། ཧྲ་སི་ལུང་ཡང་ཞིན་སི་ཅུན་དུ་ཞུགས། དགྲ་བོས་རྨས་མ་རྙེད་པར་མང་ཚོགས་ལཚ་འདྲི་བྱས་ནས་འདྲི་ཞིབ་བྱས་མོད། ལན་མ་བཏབ་པས། དགྲ་བོས་མང་ཚོགས་ཁ་ཤས་བསད་པ་རེད། ཟླ་འགའ་འགོར་རྗེས། རྨས་མ་དྲག་སོང་ལ། ཀུའོ་ཅན་ཀོང་གིས་ཧུའུ་ཁྲོན་ཁུའེ་གཉེན་སྟོན་བྱེད་པའི་སྐབས་དང་བསྟུན་ནས། ཞིན་སི་ཅུན་གྱི་འཐབ་མོ་བ་རྣམས་ཁྲིད་ནས་འཕྲལ་རྒོལ་གྲལ་བསྒྲིགས་ཤིང་། གློ་བུར་དུ་གཉེན་སྟོན་ལ་ཞུགས་ནས་དགྲ་བོ་ཡོད་ཚད་ཚར་བཅད་པའི་གཏམ་རྒྱུད་བརྗོད་ཡོད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཧྲ་ཅ་པིན། ཟློས་གར། གསར་བརྗེ།