ས་འོག་འབར་མདེལ་དམག་འཁྲུགསྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2021-04-29 08:20ལ་འགྲུབ།

ས་འོག་འབར་མདེལ་དམག་འཁྲུག

ས་འོག་འབར་མདེལ་དམག་འཁྲུག
《ས་འོག་འབར་མདེལ་དམག་འཁྲུག》ཅེས་པ་ནི་ཐང་དབྱིང་ཆི་དང་། ཞུས་ཏཱ། ཝུའུ་ཅན་ཧའེ་བཅས་ཀྱིས་འཁྲབ་ཁྲིད་བྱས་ཤིང་། པའེ་ཏ་ཅུན་དང་། ཀྲང་ཁྲང་རུའེ། ཝུའུ་ཅན་ཧའེ་སོགས་ཀྱིས་འཁྲབ་སྟོན་བྱས་པའི་དམག་འཁྲུག་གི་གློག་བརྙན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
地雷战
དབྱིན་ཡིག་གི་མིང་།
Landmine Warfare
རིགས་དབྱེ།
ཟློས་གར། འཇར་འགོག་དམག་འཁྲུག
འཁྲབ་གཞུང་།
རེན་ཞུས་ཏུང་དང་ཞུས་གོ་ཐེང་། ཝང་ཅུན་དབྱི། ཕན་ཡུན་ཧྲན་སོགས།
འཁྲབ་འཁྲིད་པ།
ཐང་དབྱིང་ཆི་དང་། ཞུས་ཏཱ། ཝུའུ་ཅན་ཧའེ་སོགས།
གཙོ་འཁྲབ་པ།
པའེ་ཏ་ཅུན་དང་། ཀྲང་ཁྲང་རུའེ། ཝུའུ་ཅན་ཧའེ་སོགས།
རིང་ཚད།
སྐར་མ75ཡོད།
སྟོན་དུས།
སྤྱི་ལོ1962ལོར།
གློག་བརྙན་འཁྲབ་ཡུལ།
ཀྲུང་གོའི་སྐམ་ས་ཆེན་པོ།
ཚོན་མདངས།
དཀར་ནག
1 ​ནང་དོན་མདོར་བསྡུས།

གློག་བརྙན་འདིའི་ནང་དུ་སྤྱི་ལོ1942ལོའི་འཇར་འགོག་དམག་འཁྲུག་སྐབས་ཀྱི་ཆེས་དཀའ་སྡུག་ཆེ་བའི་ལོ་ཟླའི་ནང་ཅའོ་ཏུང་གི་འཇར་འགོག་གནས་གཞིའི་ས་ཁུལ་དུ་བྱུང་བའི་གནས་ཚུལ་ཏེ། སྐབས་དེར། འཇར་ཇག་གིས་རྒྱུན་ཆད་མེད་པར་རང་རེའི་འཇར་འགོག་གནས་གཞིའི་ས་ཁུལ་ལ་འཇབ་རྒོལ་བྱས་ཤིང་། རང་དམག་གིས་མཐའ་མཚམས་ས་ཁུལ་གྱི་དགྲ་བོའི་འཐབ་རྩོད་ལ་ཤུགས་སྣོན་རྒྱག་ཆེད། ཆེད་དུ་གཙོ་ཤུགས་དམག་དཔུང་ནས་ལས་བྱེད་པ་ཁག་གཅིག་འཐེན་ནས་ས་གནས་ཁག་གི་ཡུལ་དམག་དྲག་དཔུང་སྒྲིག་འཛུགས་དང་དེར་འགོ་ཁྲིད་བྱས་པ་དང་། དུས་མཚུངས་སུ་ཡུལ་དམག་གི་རྐང་འཛིན་པ་ཁག་གཅིག་བསྡུས་ནས་ས་འོག་འབར་མདེལ་སྤྱོད་པའི་ནུས་པ་སློབ་སྦྱོང་བྱས་ཏེ་མི་རྣམས་ལ་འཇར་ཇག་ལ་ས་འོག་འབར་མདེལ་དམག་འཐབ་བྱེད་དགོས་པའི་འབོད་སྐུལ་བཏང་། ཧོང་ཚུན་ནི་སྐབས་དེའི་དགྲ་བོའི་རྟེན་གཞི་གལ་ཆེན་ཞིག་ཡིན། ཧོང་ཚུན་དང་བར་ཐག་ཅུང་རིང་བས་རི་ཁ་གཅིག་གི་བར་དུ་ཀྲའོ་ཅ་ཀྲོང་ཡོད་པ་དང་། དེ་ནི་གནས་གཞིའི་ས་ཁུལ་གྱི་མཐའ་མཚམས་རེད། ཆུས་དྲག་ཆས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལི་ཡིས་ཐད་ཀའི་འགོ་ཁྲིད་འོག་ཀྲའོ་ཅ་ཀྲོང་དང་ཉེ་འགྲམ་གྱི་གྲོང་ཚོ་ཁ་ཤས་སུ་ཡུལ་དམག་བསྡུས་ནས་རྩ་འཛུགས་བྱས་ཤིང་། ས་འོག་འབར་མདེལ་ནི་ཡུལ་དམག་ཆེས་དགའ་བའི་མཚོན་ཆའི་གྲས་ཤིག་ཡིན་ཞིང་། མི་རྣམས་ཀྱིས་དེ་ལ“ལྕགས་ཀྱི་ཆུ་ཀུབ”ཞེས་འབོད་ཀྱི་ཡོད།“ལྕགས་ཀྱི་ཆུ་ཀུབ”ཀྱིས་མི་རྣམས་ལ་རྒྱལ་ཁ་དང་ཡིད་ཆེས་རྒྱུན་ཆད་མེད་པར་སྦྱིན་ཡོད། དམངས་དམག་རྣམས་ཀྱིས་ད་ཡོད་མཚོན་ཆའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཐོག་རང་ཉིད་ཀྱིས་ལག་པ་འགུལ་ནས་རྡོ་འབོམ་བཟོས་ཏེ་ས་འོག་འབར་མདེལ་གྱི་དམག་འཐབ་རྒྱ་ཁྱབ་ཏུ་སྤེལ་ནས་མང་ཚོགས་རང་བཞིན་ལྡན་པའི་དགྲ་བོ་གསོད་པའི་ལས་འགུལ་ཞིག་ཏུ་གྱུར་པ་རེད། དགྲ་བོའི་དགྲ་བོའི་གནས་ཚུལ་དང་། ས་དབྱིབས། གོ་སྐབས། དགྲ་བོའི་འགུལ་སྐྱོད་ཀྱི་ཆོས་ཉིད་བཅས་མི་འདྲ་བར་གཞིགས་ནས་གང་ལ་གང་འཚམ་དང་ཐབས་མཁས་ཀྱི་སྒོ་ནས་ས་འོག་འབར་མདེལ“འཁྲུག་པོར”འགྱུར་བ་བྱ་རྒྱུ་ནི་ས་འོག་འབར་མདེལ་དམག་འཐབ་ཀྱི་གཞི་རྩའི་ཉམས་མྱོང་ཡིན། དགྲ་བོས་ཕམ་ཁ་ཐེངས་འགའ་མྱངས་རྗེས། ཆེད་དུ་ཆིང་ཏའོ་ནས་བཟོ་དམག་དྲངས་ནས་ཡུལ་དམག་གི་ས་འོག་འབར་མདེལ་གཏོར་ནས་ཐེངས་དང་པོར་ཀྲའོ་ཅ་གྲོང་དུ་སླེབས། དགྲ་བོས་འཛེམ་བག་མེད་པར་སྲེག་གསོད་འཕྲོག་གསུམ་བྱས་པས་མང་ཚོགས་ལ་གྱོང་གུན་ཚབས་ཆེན་བཟོས། འོན་ཀྱང་དམངས་དམག་རྣམས་ཀྱིས་ཡིད་ཐང་མ་ཆད་པར་ཁོ་ཚོས་ཞིབ་འཇུག་སྔར་ལས་ལྷག་པར་བྱས་ཏེ་ས་འོག་འབར་མདེལ་གྱི་ལག་རྩལ་ལེགས་བཅོས་བྱས་པ་དང་། འཐབ་འཛིང་ཁྲོད་དགྲ་བོའི་འབར་མདེལ་ཕྱིར་འདོན་པའི་ལྐོག་གཡོ་ཐལ་བའི་རྡུལ་དུ་བརླགས་ཤིང་། དམག་འཁྲུག་ལ་རྒྱལ་ཁ་ཆེན་པོ་བླངས།

2 བརྙན་ཡོལ་རྒྱབ་ཀྱི་སྒྲིག་སྦྱོར།

གློག་བརྙན་དེ་ཧྲན་ཏུང་ཧའེ་དབྱང་རྫོང་གི་མི་དམངས་མང་ཚོགས་ཀྱིས་རང་བཟོ་བྱས་པའི་འབར་རྫས་ཀྱིས་ས་འོག་འབར་མདེལ་བཟོས་ནས་འཇར་ཇག་ལ་འགོག་རྒོལ་བྱས་པའི་གཏམ་རྒྱུད་གསར་རྩོམ་བྱས་ཤིང་། གློག་བརྙན་དེའི་ནང་གི་ཀྲའོ་ཧུའུ་ཡི་མ་དཔེ་ནི་འཇར་འགོག་དཔའ་བོ་རྒན་གྲས་ཡུས་ཧྭ་ཧུའུ་ཡིན་པ་དང་། ཡུས་ལན་གྱི་མ་དཔེ་ནི་ཡུལ་དམག་དཔའ་བོ་སུན་ཡུས་མིན་ཡིན།

3 གློག་བརྙན་གདེང་འཇོག

གློག་བརྙན་འདི་ནི་དམག་དོན་སློབ་ཁྲིད་གློག་བརྙན་ཞིག་ཡིན་པས། གློག་བརྙན་འདི་གློག་བརྙན་སྒྱུ་རྩལ་གྱི་ཕྱོགས་ནས་བཤད་ན་ཞན་ཆ་ཅུང་མང་ཡང་། རྒྱུ་ཆའི་རང་བཞིན་གྱི་ཕྱོགས་ནས་བཤད་ན་རིན་ཐང་ཧ་ཅང་ཆེན་པོ་ཡོད། གློག་བརྙན་འཁྲབ་ཚན་གྱི་སྒྲིག་འཛུགས་གསོན་ཉམས་དོད་པ་དང་མི་སེམས་འགུལ་བ། འཁྲབ་ཁྲིད་པས་ཧོང་ཚུན་ཡུལ་དམག་གིས་ཟིལ་ཤུགས་ཆེ་བའི་ས་འོག་འབར་མདེལ་དམག་འཐབ་ཁྲོད་ནུས་ཤུགས་ཡོད་རྒུ་འདོན་པའི་ལོ་རྒྱུས་ཀྱི་དོན་དངོས་དཔྱད་གཞིར་བྱས་ནས་བབ་ཆགས་ལ་སྟབས་བསྟུན་གྱི་ཐག་གཅོད་བྱས་ཡོད། ཡུལ་དམག་དཔའ་བོའི་དཔའ་ངར་དང་། བློ་གྲོས། དཔའ་ངར་ཞུམ་མེད་ངང་འཇར་ཇག་གི་གཡོ་སྒྱུ་དང་། གདུག་རྩུབ་ཆེ་བ་བཅས་ཀྱི་ཁ་གཏད་དུ་ལངས་པ་མ་ཟད། དམག་འཐབ་ཡང་ཡང་བྱས་པའི་ཁྲོད་རང་སོ་སོའི་སྣང་བརྙན་གྱི་ཁྱད་ཆོས་མངོན་པར་བྱས་ཡོད། གློག་བརྙན་དེས་ཅའོ་ཏུང་གྲོང་གསེབ་ཀྱི་ས་གནས་རྣམ་པ་ཅུང་ལེགས་པའི་སྒོ་ནས་མངོན་པར་བྱས་པས་མཛེས་དཔྱོད་ཀྱི་རིན་ཐང་ངེས་ཅན་ཞིག་སྦྱིན་ཡོད་པ་མ་ཟད། མི་དམངས་དམག་འཁྲུག་གི་བསམ་བློ་མཚོན་པར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད།(ཀྲུང་གོ་དྲ་བ་དང་ཐེང་ཞུན་རོལ་རྩེད་ཀྱི་དཔྱད་བརྗོད)

དཔྱད་གཞིའི་ཡིག་ཆ།