རྗེས་སྙེག་རྡུང་རྡེགསྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2021-04-29 09:12ལ་འགྲུབ།

རྗེས་སྙེག་རྡུང་རྡེག

རྗེས་སྙེག་རྡུང་རྡེག
《རྗེས་སྙེག་རྡུང་རྡེག》ནི་སྤྱི་ལོ1963ལོར་འཁྲབ་ཁྲིད་པ་ལུའུ་ཅོའུ་ཡིས་འཁྲབ་ཁྲིད་བྱས་པ་དང་། ལིན་ཧྥིན་དང་ལིན་ཧྲུའུ་ཅིན་གཉིས་ཀྱིས་གཙོ་འཁྲབ་བྱས་པའི་ཟློས་གར་གྱི་གློག་བརྙན་ཞིག་ཡིན། སྤྱི་བདེའི་མི་སྣས་འཇིགས་སྐུལ་བྱ་སྤྱོད་ལ་རྡུང་རྡེག་བཏང་བའི་གཏམ་རྒྱུད་བཤད་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
跟踪追击
ཀུང་སི།
ཀྲུའུ་ཅང་གློག་བརྙན་བཟོ་གྲྭ།
གློག་བརྙན་འཁྲབ་ཡུལ།
ཀྲུང་གོའི་སྐམ་ས་ཆེན་པོ།
འཁྲབ་ཁྲིད་པ།
ལུའུ་ཅོའུ།
འཁྲབ་གཞུང་།
ཉེ་ཅན་ཞིན། ཀྲུའུ་ཞང་ཆོན། ཨན་ཀྲུང་མེན།
རིང་ཚད།
སྐར་མ97
སྟོན་དུས།
སྤྱི་ལོ1963ལོ།
སྐད་རིགས།
རྒྱ་སྐད།
ཚོན་མདངས།
དཀར་ནག
1 ​ནང་དོན་མདོར་བསྡུས།

སྤྱི་ལོ1961ལོའི་ཟླ9བའི་ཚེས20ཉིན་གྱི་ཞོགས་པར། ཧྲེན་ཀྲེན་མཐའ་སྲུང་ཞིབ་བཤེར་ས་ཚིགས་སུ་དོགས་ཡོད་གྱོད་གཞི་ཞིག་བྱུང་། ཞིབ་བཤེར་པས་རྒན་མོ་ཞིག་གི་ལག་འཁྱེར་ཁུག་མའི་ནང་འབར་རྫས་འཚོལ་ཞིབ་ཐུབ། ཡིན་ནའང་ཁོ་མོས་འདི་ཁོ་མོའི་མིན་ཞེས་ཐག་གཅོད་བྱས། སྐབས་དེར། འཁོར་སྒུག་ཁང་དུ་བདག་པོ་མེད་པའི་ལག་ཁུག་གཞན་ཞིག་རྙེད། དེའི་ནང་དུ་རྩེད་ཆས་རླངས་འཁོར་ཆུང་གྲས་སོགས་ཡོད་པས། རྒན་མོས་བཤད་པའི་གནས་ཚུལ་དང་ཡོངས་སུ་མཐུན་མོད། འོན་ཀྱང་དེ་ནི་མྱུལ་མས་ལམ་བར་ནས་ཁོ་མོའི་ལག་ཁུག་བརྗེས་ཏེ། ཁོ་མོར་འབར་གས་དངོས་རྫས་ཁྱེར་ཡོང་དུ་བཅུག་པ་རེད། བྱ་བ་ཕྱིར་མངོན་རྗེས། མྱུལ་མས་ཡང་ནག་ཉེས་ལ་སྐྲག་ནས་ལག་ཁུག་བསྐྱུར་ཏེ། བརྟག་དཔྱད་ཀྱི་ཁུངས་སྣེ་བཅད་པ་རེད། སྤྱི་བདེ་མི་སྣ་ལི་མིན་ཀང་སོགས་ཀྱིས་རྩེད་ཆས་རླངས་འཁོར་ཆུང་གྲས་ནང་འདྲེན་བྱེད་པའི་ཁྲལ་འཇལ་ཤོག་བྱང་གི་ཉར་འཛིན་གྱི་ཁུངས་སྣེར་ གཞིར་བཟུང་ནས། མང་ཚོགས་ཀྱི་རོགས་སྐྱོར་འོག་མྱུལ་ཞིབ་བྱས་མཐར། བཟོ་གྲྭའི་བཟོ་བ་རྒན་པ་ལིན་ཏི་ཞང་གི་ཚ་བོ་ལིན་ཡུང་ཀུའེ་ནི་རྒན་མོའི་ལག་ཁུག་བརྗེ་མཁན་གྱི་མྱུལ་མ་རེད། འདྲི་གཅོད་བྱས་པས་ལིན་ཡུང་ཀུའེ་ཡི་ཉེས་པ་ངོས་ལེན་བྱས། ལིན་ཡུང་ཀུའེ་ཡི་ལས་འགན་ནི་ལིན་ཏེ་ཞང་བརྒྱུད་དེ་རྒྱལ་སྟོན་གྱི་སྔོན་དུ་གློག་ཁང་གཏོར་རྒྱུ་དེ་རེད། རྒྱལ་སྟོན་དུས་ཆེན་གྱི་བདེ་འཇགས་ཀྱི་ཆེད་དུ་སྤྱི་བདེ་མི་སྣ་དང་གསང་ཉུལ་བའི་བར་ཛ་དྲག་གི་འཐབ་རྩོད་བྱུང་བ་དང་། མཐར་ཞུས་དབྱིན་འཛིན་བཟུང་བྱས་པ་དང་། ཆན་ཅ་རེན་གྱིས་ཆུ་འཛུལ་འབྲོ་རྩིས་བྱས་མོད། འོན་ཀྱང་ལི་མིན་ཀང་གི་མིག་འོག་ལས་ཐར་མ་ཐུབ།  གདུག་རྩུབ་ཆེ་བའི་ཨ་རི་དང་ཅང་ཅེ་ཧྲིའི་གསང་མྱུལ་བ་འདི་མཇུག་མཐར་ཁྲིམས་ཀྱི་དྲ་རྒྱར་ལྷུང་བ་དང་། དགྲ་བོའི་ནག་ཉེས་ཀྱི་ལྐོག་གཡོ་ཡང་བསྐྱར་རྩ་བ་ནས་རྡུལ་དུ་བརླགས།

དཔྱད་གཞིའི་ཡིག་ཆ།