ཞིན་ལིན་ཆུས་མི་དམངས་ཁྲིམས་ཁང་།སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2021-04-27 10:15ལ་འགྲུབ།

ཞིན་ལིན་ཆུས་མི་དམངས་ཁྲིམས་ཁང་།

ཞིན་ལིན་ཆུས་མི་དམངས་ཁྲིམས་ཁང་།
ཞིན་ལིན་ཆུས་མི་དམངས་ཁྲིམས་ཁང་ནི་སྤྱི་ལོ1979ལོའི་ཟླ1པོར་བཙུགས་པ་དང་། དེ་སྔོན་ཞིན་ལིན་ཆུས་མི་དམངས་ཁྲིམས་ར་ཟེར་བ་དང་། ཁྲིམས་ཁང་གི་འདྲི་གཅོད་གཞུང་ལས་ཐོག་ཁང་དེ་ཞིན་ལིན་ཆུས་ཞིན་ལིན་གྲོང་རྡལ་གྱི་མི་དམངས་ལམ་དུ་ཡོད་ལ། དེར་ལས་བྱེད་ཉེན་རྟོག་པ31ཡོད་པ་དང་དངོས་གཞིའི་ཚན་ཁག་གི་བསླབ་རིམ་ལྡན་པའི་མི་གྲངས་ནི་བསྡོམས་འབོར་གྱི་བརྒྱ་ཆའི80.6ཟིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
新林区人民法院
སྦྲག་ཨང་།
165023
ཁོངས་གཏོགས།
ཏ་ཞིང་ཨན་ལིང་ས་ཁུལ་གྱི་ཞིན་ལིན་ཆུས།
འབྲེལ་གཏུག་ཁ་པར།
0457 3181295
གནས་ཡུལ།
ཞིན་ལིན་ཆུས་ཞིན་ལིན་གྲོང་རྡལ་གྱི་མི་དམངས་ལམ།
བཙུགས་ལོ།
སྤྱི་ལོ1979ལོའི་ཟླ1པོ།
ཡོན་ཀྲང་།
ལིའུ་ཅུན།
1 ངོ་སྤྲོད།

ཞིན་ལིན་ཆུས་མི་དམངས་ཁྲིམས་ཁང་ནི་སྤྱི་ལོ1979ལོའི་ཟླ1པོར་བཙུགས་པ་དང་། དེ་སྔོན་ཞིན་ལིན་ཆུས་མི་དམངས་ཁྲིམས་ར་ཟེར་བ་དང་། ཁྲིམས་ཁང་གི་འདྲི་གཅོད་གཞུང་ལས་ཐོག་ཁང་དེ་ཞིན་ལིན་ཆུས་ཞིན་ལིན་གྲོང་རྡལ་གྱི་མི་དམངས་ལམ་དུ་ཡོད་ལ། དེ་རུ་ལས་བྱེད་ཉེན་རྟོག31ཡོད་པ་དང་དངོས་གཞིའི་ཚན་ཁག་གི་བསླབ་རིམ་ལྡན་པའི་མི་གྲངས་ནི་བསྡོམས་འབོར་གྱི80.6%ཟིན་ཡོད། ད་ལྟ་ཁྲིམས་འཛིན་མི་སྣ15དང་། ཁྲིམས་འཛིན་ཉེན་རྟོག་པ5དང་འདྲི་གཅོད་ལས་རོགས་མི་སྣ་གཞན་དག་བཅས11ཡོད།

2 སྒྲིག་གཞི།

ཞིན་ལིན་ཆུས་ཁྲིམས་ཁང་ལ་ད་ལྟ་གཞུང་ལས་ཁང་དང་། ཆབ་སྲིད་ལས་དོན་ཚན་ཁག སྒྲིག་བཤེར་ཚོགས་ཆུང་། གྱོད་དོན་ཐོ་འགོད་ཁང་། དམངས་དོན་ཚོང་དོན་འདྲི་གཅོད་ཁང་། ཉེས་དོན་འདྲི་གཅོད་ཁྲིམས་ར། སྲིད་འཛིན་འདྲི་གཅོད་ཁྲིམས་ར།ལག་བསྟར་ཅུའུ(ཁྲིམས་འཛིན་ཉེན་རྟོག་རུ་ཁག་དང་མཉམ་དུ་གཞུང་དོན་སྒྲུབ་པ)འདྲི་གཅོད་ལྟ་སྐུལ་ཁང་། ཚུའེ་ཀང་གིས་མངགས་བཏང་ཁྲིམས་ར་བཅས་ཡོད།

3 འཛུགས་སྐྲུན།

ཉེ་བའི་ལོ་ཤས་རིང་ལ་ཞིན་ལིན་ཆུས་ཁྲིམས་ཁང་གིས་ལོ་རེར་ཆ་སྙོམས་གྱོད་གཞི200ཡན་བསྒྲུབས་པ་དང་། ལོ་མང་པོར་ཞིན་ལིན་ཆུས་ཁྲིམས་ཁང་གིས་སྤྱི་ཚོགས་ཀྱི་འགལ་བ་སེལ་བར་སྐུལ་འདེད་གཏིང་ཟབ་བཏང་བ་དང་། དྲ་མིག་ཅན་གྱི་ཞབས་ཞུའི་ལས་དོན་བརྒྱུད་ཁོངས་གཏོགས་ཁུལ་ཡོངས་སུ་ཁྱབ་པའི་དྲ་མིག་ཅན་གྱི་འགལ་བ་སེལ་བའི་མ་ལག་བཙུགས་པ་དང་། ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པས་རྒྱུན་ལྡན་གྱི་མི་དམངས་འགལ་བ་སེལ་མཁན་དང་མི་དམངས་འདྲི་གཅོད་མཁན་དག་གི་མཉམ་དུ་འགལ་བ་སེལ་བ་དང་རྩོད་གླེང་མེད་པར་བྱས་ཏེ།  ཞུ་གཏུག་མ་བྱས་གོང་གི་ཡང་དག་པའི་འགལ་བ་སེལ་བའི་རྐྱེན་སྲོལ་འཛུགས་པ་ཡིན།

4 གཟི་བརྗིད་མཚན་སྙན།

ལོ་འདི་དག་གི་རིང་ལ་ཞིན་ལིན་ཆུས་ཁྲིམས་ཁང་ལ་སྔ་རྗེས་སུ་ཞིང་ཆེན་དང་ས་གནས་ཀྱི་གཟེངས་བསྟོད་ཐེངས་མང་ཐོབ་པ་དང་། ཡང་སྔ་རྗེས་སུ“རྒྱལ་ཡོངས་ཀྱི་གྱོད་དོན་ཐོ་འགོད་དང་ཡིག་བསྐུར་ངོ་བཅར་སྒེའུ་ཁུང་གི་སྔོན་ཐོན་མཉམ་སྡེབ”དང་། “ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ” “ལྗོངས་ཡོངས་ཀྱི་ཕུལ་བྱུང་ཁྲིམས་ཁང”སོགས་ཀྱི་གཟེངས་རྟགས་ཐོབ་ཡོད།



དཔྱད་གཞིའི་ཡིག་ཆ།