ཧུའུ་ཀྲུང་ཆུས་མི་དམངས་ཁྲིམས་ཁང་།སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2021-04-27 10:12ལ་འགྲུབ།

ཧུའུ་ཀྲུང་ཆུས་མི་དམངས་ཁྲིམས་ཁང་།

ཧུའུ་ཀྲུང་ཆུས་མི་དམངས་ཁྲིམས་ཁང་།
ཧུའུ་ཀྲུང་ཆུས་མི་དམངས་ཁྲིམས་ཁང་ལ་དེ་སྔོན་ཧུའུ་ཀྲུང་ཆུས་མི་དམངས་ཁྲིམས་ར་ཟེར་བ་དང་། སྤྱི་ལོ1978ལོའི་ཟླ8པར་དངོས་སུ་སྒོ་བྱང་བཀལ་བ་རེད། ས་དེ་གའི་སྲིད་འཛིན་ས་ཁོངས་ནི་ཧུའུ་ཀྲུང་ཆུས་ཧུའུ་ཀྲུང་གྲོང་རྡལ་ཡིན་པ་དང་། དེའི་ཁོངས་གཏོགས་སུ་ཧུའུ་ཀྲུང་གྲོང་རྡལ་དང་།ཧོ་ཡོན་གྲོང་རྡལ། ཧུང་ཝུའེ་གྲོང་རྡལ། པི་ཧྲུའེ་གྲོང་རྡལ་བཅས་ཡོད་པ་དང་། ཁོངས་གཏོགས་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ 7419.99དང་མི་འབོར་ཁྲི4ཡོད་པ་རེད། ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་སྲིད་ཁྲིམས་ཀྱི་ཆེད་དམིགས་སྒྲིག་ཁོངས་མི་གྲངས32ཡོད་པ་དང་། ད་ལྟ་ལས་བྱེད་པ་དང་ཉེན་རྟོག་པ23ཡོད་པའི་ནང་ཁྲིམས་དཔོན12དང་། འདྲི་གཅོད་ལས་རོགས་མི་སྣ9དང་སྲིད་འཛིན་མི་སྣ2བཅས་ཡོད། དངོས་གཞིའི་ཚན་ཁག་ཡན་གྱི་བསླབ་རིམ་ལྡན་པའི་མི་སྣས80%ཟིན་པ་དང་བུད་མེད་ལས་བྱེད་ཉེན་རྟོག་པས20%ཟིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
呼中区人民法院
སྦྲག་ཨང་།
165036
ཁོངས་གཏོགས།
ཏཱ་ཞིང་ཨན་ལིང་ས་ཁུལ་གྱི་ཧུའུ་ཀྲུང་ཆུས་ཀྱི་ཧུའུ་ཀྲུང་གྲོང་རྡལ།
འབྲེལ་གཏུག་ཁ་པར།
045-3438915
བཙུགས་ལོ།
སྤྱི་ལོ1978ལོའི་ཟླ་8པ།
གནས་ཡུལ།
ཏཱ་ཞིང་ཨན་ལིང་ས་ཁུལ་གྱི་ཧུའུ་ཀྲུང་གྲོང་རྡལ་ཀྲུང་ཞིན་སྲང་ལམ་ཆེ་བའི་ཨང་རྟགས44པ།
ཡོན་ཀྲང་།
ལི་ཙི་ཕེང་།
1 ངོ་སྤྲོད།

ཧུའུ་ཀྲུང་ཆུས་མི་དམངས་ཁྲིམས་ཁང་དེ་སྤྱི་ལོ1978ལོའི་ཟླ8པར་བཙུགས་ལ། ས་དེ་གའི་སྲིད་འཛིན་ས་ཁོངས་ནི་ཧུའུ་ཀྲུང་ཆུས་ཧུའུ་ཀྲུང་གྲོང་རྡལ་ཡིན་པ་དང་། དེའི་ཁོངས་གཏོགས་སུ་ཧུའུ་ཀྲུང་གྲོང་རྡལ་དང་། ཧོ་ཡོན་གྲོང་རྡལ། ཧུང་ཝུའེ་གྲོང་རྡལ། པི་ཧྲུའེ་གྲོང་རྡལ་བཅས་ཡོད་པ་དང་ཁོངས་གཏོགས་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ7419.99དང་མི་འབོར་ཁྲི4ཡོད་པ་རེད། ནང་ཁུལ་དུ་བཙུགས་པའི་ལས་ཁུངས་ལ་གཞུང་ལས་ཁང(ཁྲིམས་འཛིན་ཉེན་རྟོག་རུ་ཆེན་གྱི་བརྟེན་བཅོལ)དང་། ཆབ་སྲིད་ལས་དོན་ཚན་ཁག(ཞིབ་འཇུག་ཁང་གི་བརྟེན་བཅོལ)གྱོད་དོན་ཐོ་འགོད་ཀྱི་ཁྲིམས་ར། ཉེས་དོན་འདྲི་གཅོད་ཀྱི་ཁྲིམས་ར། དམངས་དོན་འདྲི་གཅོད་ཀྱི་ཁྲིམས་ར། སྲིད་འཛིན་གྱི་ཁྲིམས་ར(སྐྱིན་གསབ་གཞུང་ལས་ཁང་དང་བརྟེན་བཅོལ་རྟེན)ལག་བསྟར་ཅུའུ། སྒྲིག་བཤེར་ལྟ་ཞིབ་ཁང་། འདྲི་གཅོད་ལྟ་སྐུལ་ཁང་། པི་ཧྲུའེ་ཁྲིམས་ར། ཧུའུ་ཡོན་ཁྲིམས་ར་བཅས་ཡོད།

ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་སྲིད་ཁྲིམས་ཀྱི་ཆེད་དམིགས་སྒྲིག་ཁོངས་ལ་མི་གྲངས32ཡོད་པ་དང་། ད་ལྟ་ལས་བྱེད་ཉེན་རྟོག་པ23ཡོད་པའི་ནང་ཁྲིམས་དཔོན12དང་། འདྲི་གཅོད་ལས་རོགས་མི་སྣ9དང་སྲིད་འཛིན་མི་སྣ་2བཅས་ཡོད། དངོས་གཞིའི་ཚན་ཁག་ཡན་གྱི་བསླབ་རིམ་ལྡན་པའི་མི་སྣས80%ཟིན་པ་དང་བུད་མེད་ལས་བྱེད་ཉེན་རྟོག་པས20%ཟིན་ཡོད།

2 སྒྲིག་གཞི།

ཧུའུ་ཀྲུང་ཆུས་མི་དམངས་ཁྲིམས་ཁང་གི་ནང་བཙུགས་པའི་ལས་ཁུངས་ལ་གཞུང་ལས་ཁང(ཁྲིམས་འཛིན་ཉེན་རྟོག་རུ་ཆེན་གྱི་བརྟེན་བཅོལ)དང་། ཆབ་སྲིད་ལས་དོན་ཚན་ཁག(ཞིབ་འཇུག་ཁང་གི་བརྟེན་བཅོལ)གྱོད་དོན་འཛུགས་པའི་ཁྲིམས་ར། ཉེས་དོན་གྱི་འདྲི་གཅོད་ཁྲིམས་ར། དམངས་དོན་གྱི་འདྲི་གཅོད་ཁྲིམས་ར། སྲིད་འཛིན་གྱི་ཁྲིམས་ར(སྐྱིན་གསབ་གཞུང་ལས་ཁང་གི་བརྟེན་བཅོལ་རྟེན)ལག་བསྟར་ཅུའུ། སྒྲིག་བཤེར་ལྟ་ཞིབ་ཁང་། འདྲི་གཅོད་ལྟ་སྐུལ་ཁང་། པི་ཧྲུའེ་ཁྲིམས་ར། ཧུའུ་ཡོན་ཁྲིམས་ར་བཅས་ཡོད།

3 འཛུགས་སྐྲུན།

ཧུའུ་ཀྲུང་ཆུས་མི་དམངས་ཁྲིམས་ཁང་གི་ད་ལྟའི་གཞུང་ལས་ཁང་དེ་སྤྱི་ལོ1994ལོའི་ཟླ10པར་བཙུགས་པ་དང་། སྤྱི་ལོ2006ལོ་དང་སྤྱི་ལོ2010ལོར་ཁྱོན་ཡོངས་ནས་ཉམས་གསོ་བྱས་ཏེ་རྣམ་པ་གསར་དུ་བཏང་ལ། གཞུང་ལས་སྒྲིག་ཆས་ཆ་ཚང་བ་དང་རྒྱ་ཁྱོན་ལ་སྨི་ངོས་གྲུ་བཞི་མ2500ཟིན་པ་དང་ཧུའུ་ཀྲུང་ཆུས་ཧུའུ་ཀྲུང་གྲོང་རྡལ་ཀྲུང་ཞིན་སྲང་ལམ་ཆེ་བའི་ཨང་རྟགས44པར་ཡོད། དེ་ལ་གཞུང་ལས་ཁང16དང་། འདྲི་གཅོད་ཁྲིམས་ར་ཆེ་ཆུང1དང་འདུམ་འགྲིག་ཁང་དང་སྣེ་ལེན་ཁང4ཡོད་ལ། ཐོག་ཁང་དང་པོར་གྱོད་གཞི་གཏུག་བཤེར་ཞབས་ཞུའི་ལྟེ་གནས་ཁང་བཙུགས་ཏེ་དོ་བདག་ལ་ཕྱོགས་ཡོངས་དང་། སྟབས་བདེ། ཚད་ལྡན་བཅས་ཀྱི་གཅིག་འཐུས་རྣམ་པའི་ཞབས་ཞུ་མཁོ་འདོན་བྱས་ཡོད། ལོ་མང་རིང་ལ་ཧུའུ་ཀྲུང་ཆུས་ཁྲིམས་ཁང་གིས“ཁྲིམས་འཛིན་དམངས་ཆེད་དང་ཁྲིམས་འཛིན་དྲང་གཞག་བྱེད་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས“ཁྲིམས་འཛིན་གྱོད་གཞི་ཁྲོད་མི་དམངས་མང་ཚོགས་ལ་དྲང་སྙོམས་དྲང་བདེན་ཚོར་ཐུབ་པ་བྱེད་དགོས”ཞེས་པ་དམིགས་ཚད་དུ་བྱས་ནས་འདྲི་གཅོད་འགན་ནུས་འདོན་སྤེལ་གང་ལེགས་དང་། ཁྲིམས་ཁང་གི་སྒྱུར་བཅོས་དང་རིག་གནས་འཛུགས་སྐྱོང་གཏིང་ཟབ་ཏུ་བཏང་བ། འདྲི་གཅོད་ལས་དོན་ལ་གྲུབ་འབྲས་ཐོབ་པ། དཔུང་ཁག་དོ་དམ་ལ་ཡར་རྒྱས་བྱུང་བ། རྨང་གཞིའི་འཛུགས་སྐྲུན་འགག་སྒྲོལ་ལས་ཐར་བ་བཅས་བྱས་ཏེ་ཧུའུ་ཀྲུང་ཆུས་དཔལ་འབྱོར་དང་སྤྱི་ཚོགས་སྔར་ལས་ལེགས་ཤིང་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་ཁྲིམས་འཛིན་གྱི་འགན་ལེན་བྱས་ཡོད།

4 གཟི་བརྗིད་མཚན་སྙན།

ཧུའུ་ཀྲུང་ཆུས་མི་དམངས་ཁྲིམས་ཁང་ནི་ཞིང་ཆེན་རིམ་པའི་ཤེས་ཡོན་ལས་ཁུངས་ཤིག་ཡིན་པ་དང་མི་སྒེར་དང་ཐུན་མོང་ལ་གཟི་བརྗིད་རིམ་པ་གསུམ་པའི་བྱས་རྗེས་ཐེངས20ལྷག་ཙམ་ཐོབ་པ་དང་། སྤྱི་ལོ2013ལོར་ས་ཁུལ་ཡོངས་ཀྱི་ཁྲིམས་ཁང་ཁོངས་གཏོགས་ཀྱི་ཕྱོགས་བསྡུས་ཨང་རིམ་གཉིས་པ་ཡིན་པ་དང་། འབྲིང་རིམ་མི་དམངས་ཁྲིམས་ཁང་སྤྱི་ལོ2014ལོའི་ཁྲིམས་ཁང་རིག་གནས་འཛུགས་སྐྱོང་གི་དཔེ་སྟོན་ཁྲིམས་ཁང་ལ་བདམས་ཐོན་བྱུང་།


དཔྱད་གཞིའི་ཡིག་ཆ།