ལིའུ་ཧུའུ་ལན།སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2021-04-27 09:57ལ་འགྲུབ།

ལིའུ་ཧུའུ་ལན།

ལིའུ་ཧུའུ་ལན།
《ལིའུ་ཧུའུ་ལན》ཞེས་པ་ནི་ཧྥེང་པའེ་ལུའུ་ཡིས་འཁྲབ་ཁྲིད་བྱས་པའི་དམག་འཁྲུག་གི་གློག་བརྙན་ཞིག་ཡིན། ཧུའུ་ཙུང་ཝུན་དང་ལུའུ་ཞའོ་ཡ་གཉིས་ཀྱིས་འཁྲབ་སྟོན་བྱས་པ་དང་། གློག་བརྙན་འདིའི་ནང་དུ་ལིའུ་ཧུའུ་ལན་གྱི་སེམས་ནང་དུ་ཆུང་དུས་ནས་འཁོན་འཛིན་གྱི་ས་བོན་བཏབ་ཡོད་པ་དང་། དམར་དམག་སླེབས་ནས་ཞིང་བདག་ལུའི་ཧྲན་ཆིན་གྱི་ཁྱིམ་གྱི་རྒྱུ་ནོར་རྣམས་དབུལ་པོར་བགོས་ཤིང་། བློ་མཐུན་སུན་ལགས་ཀྱིས་གསུངས་པའི་གཏམ་རྒྱུད་ལས་གསར་བརྗེའི་གནས་ལུགས་རྟོགས་པ་བརྗོད་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
刘胡兰
དབྱིན་ཡིག་གི་མིང་།
Liu Hulan
ཀུང་སི།
བྱང་ཤར་གློག་བརྙན་བཟོ་གྲྭ།
གློག་བརྙན་འཁྲབ་ཡུལ།
ཀྲུང་གོའི་སྐམ་ས་ཆེན་པོ།
འཁྲབ་ཁྲིད་པ།
ཧྥེང་པའེ་ལུའུ།
རིགས།
དམག་འཁྲུག
གཙོ་འཁྲབ་པ།
ཧུའུ་ཙུང་ཝུན་དང་ལུའུ་ཞའོ་ཡ།
རིང་ཚད།
སྐར་མ85དང་སྐར་ཆ19
སྟོན་དུས།
སྤྱི་ལོ1950ལོ།
སྐད་རིགས།
རྒྱ་སྐད།
ཚོན་མདངས།
དཀར་ནག
1 ནང་དོན་མདོར་བསྡུས།

ལིའུ་ཧུའུ་ལན་ནི་ཧྲན་ཞི་ཞིང་ཆེན་ཝུན་ཧྲུའེ་རྫོང་ཡུན་ཀྲོའུ་ཞི་གྲོང་ཚོ་རུ་སྐྱེས། ལོག་སྤྱོད་ཀྱི་བཀས་བཀོད་རྒྱུད་འཛིན་དམག་ཤེད་ཅན་ཡན་ཞི་ཧྲན་གྱིས་དབང་སྒྱུར་བའི་མུན་ནག་གི་དུས་རབས་སུ། ས་བདག་དབང་ཤེད་ཅན་གྱིས་ཞིང་བར་གདུག་རྩུབ་ཀྱིས་བཤུ་གཞོག་བྱས་ཤིང་། ལིའུ་ཧུའུ་ལན་གྱི་སེམས་སུ་ཆུང་དུས་ནས་འཁོན་འཛིན་གྱི་ས་བོན་བཏབ་པ་རེད། དམར་དམག་སླེབས་བྱུང་བས་ཞིང་བདག་ལུའི་ཧྲན་ཆིན་གྱི་ཁྱིམ་གྱི་རྒྱུ་ནོར་རྣམས་དབུལ་པོར་བགོས་པ་རེད། ལིའུ་ཧུའུ་ལན་གྱིས་དམར་དམག་གི་འཐབ་འཛིང་པ་བློ་མཐུན་སུན་ལགས་ཀྱིས་གསུངས་པའི་གཏམ་རྒྱུད་ཀྱི་ནང་ནས་གསར་བརྗེའི་གནས་ལུགས་ཤེས་པ་དང་། ལིའུ་ཧུའུ་ལན་རིམ་གྱིས་ནར་སོན། ཁྱིམ་ཚང་གི་འཚོ་བའི་ཆེད། ཁོ་མོ་དང་ཁྱིམ་མཚེས་ཚང་གི་བྱིས་པ་ཞའོ་ཆིང་གིས་མཉམ་དུ་རིར་སོང་ནས་སོལ་བ་སྐྱེལ། དེ་ནས་ཁོ་གཉིས་ལ་རིམ་གྱིས་བརྩེ་དུང་ཆགས། འཇར་པན་འདྲེ་དམག་གིས་ཝུན་ཧྲུའེ་རྫོང་བཙན་བཟུང་བྱས་པ་དང་། ཞིང་བདག་ལུའི་ཧྲན་ཆིན་ཡང་སྡེ་དཔོན་ལ་བསྐོས། བློ་མཐུན་སུན་ལགས་ཕྱིར་ཕེབས་ནས་ཞིང་པ་རྣམས་ཀྱི་འགོ་ཁྲིད་དེ་ཚོགས་པ་བཙུགས། ལིའུ་ཧུའུ་ལན་གྱིས་བུད་མེད་ཚོགས་པའི་འགོ་ཁྲིད་ཀྱི་འགན་བཞེས། ཞའོ་ཆིན་དམག་ནང་དུ་ཞུགས་གྲབས་བྱས། ལིའུ་ཧུའུ་ལན་གྱིས་ཏང་གི་འགོ་ཁྲིད་འོག་མང་ཚོགས་རྩ་འཛུགས་བྱས་ནས་དགྲ་བོ་རྡུལ་དུ་བརླགས། ཏང་རྩ་འཛུགས་ཀྱིས་ཁོ་མོ་ཀྲུང་གོ་གུང་ཁྲན་ཏང་ནང་དུ་བསྡུ་ལེན་བྱས། སྤྱི་ལོ1945ལོར་འཇར་པན་གྱིས་མགོ་བཏགས་རྗེས། ཅང་ཅེ་ཧྲིས་ཡང་བསྐྱར་ནང་འཁྲུག་བསླངས་ཤིང་། ཞའོ་ཆིན་གྱི་དམག་དཔུང་བཅིངས་འགྲོལ་དམག་འཁྲུག་གི་གཡུལ་སར་བསྐྱོད། ལིའུ་ཧུའུ་ལན་གྱིས་བུད་མེད་ཚོགས་པའི་གཅེན་གཅུང་ཁྲིད་དེ་འཚམས་འདྲིའི་དངོས་པོ་བསྐྱལ་ནས་རྨས་མ་མྱུར་སྐྱོབ་དང་གནས་སྤོ་བྱས་ཏེ་གཡུལ་སར་རོགས་སྐྱོར་བྱས། སྡེ་བར་ཕྱིར་ལོག་རྗེས། མོས་ཀྲི་པུའུ་ཧྲུའུ་ཅི་ཧྲི་ཏེ་ཧུའེ་དང་ཡུལ་མི་བཅུ་ཕྲག་ལྷག་ལོག་སྤྱོད་ཕྱོགས་ཁག་གིས་བཟུང་བའི་གནས་ཚུལ་ཐོས་རྗེས། དཔའ་ངར་ཆེན་པོས་སྲོག་སྐྱོབ་ལས་འགུལ་དུ་ཞུགས་ནས་ཁོ་ཚོ་སྐྱོབ་ཐུབ་པར་བྱས། ཡིན་ནའང་། ལམ་བར་དུ་ལིའུ་ཧུའུ་ལན་སྟབས་མ་ལེགས་པར་འཛིན་བཟུང་བྱས་པ་རེད། ཅང་གི་ཇག་དམག་དང་ས་བདག་ལུའུ་ཧྲན་ཆིན་གྱིས་ལིའུ་ཧུའུ་ལན་ལ་ཆད་པ་ནན་མོ་བཅད་ནས་ངོས་ལེན་བྱེད་དུ་བཅུག་པར། ལིའུ་ཧུའུ་ལན་གྱིས་དཔའ་ངར་ཞུམ་མེད་ཀྱིས་གུང་ཁྲན་ཏང་ཡོན་གྱི་བླ་མེད་གཤིས་རྒྱུད་དང་ཞུམ་མེད་ཀྱི་གསར་བརྗེའི་སྙིང་སྟོབས་བཟུང་བས། མཐར་ལིའུ་ཧུའུ་ལན་དགྲ་བོའི་གཏུབ་གྲིའི་འོག་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་བ་རེད། ཀྲུའུ་ཞི་མའོ་ཙེ་ཏུང་གིས་ལིའུ་ཧུའུ་ལན་ལ་ཕྱག་བྲིས་གནང་སྟེ“འཁྲུངས་པ་རླབས་ཆེན་དང་། གྲོངས་པའི་གཟི་བརྗིད་ཡིན”ཞེས་གསུངས།

དཔྱད་གཞིའི་ཡིག་ཆ།