ཚུལ་འཆོས་པ་རྣམ་པ་གསུམ།སྔ་མའི་པར་གཞི་དེ རྡོར་འཚོ།890  ནས 2021-04-25 08:38ལ་འགྲུབ།

ཚུལ་འཆོས་པ་རྣམ་པ་གསུམ།

རྣམ་པར་བཤད་པའི་རིགས་པ་ལས་བྱུང་བའི་ཚུལ་འཆོས་པ་རྣམ་པ་གསུམ་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《བསྟན་འགྱུར་སེམས་ཙམ་ཤི་པ》ཤ76ན6ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 རྣམ་གྲངས་འདྲེན་པ།

རྣམ་པར་བཤད་པའི་རིགས་པ་ལས་བྱུང་བ་སྟེ།

1.རྙེད་པ་དང་བཀུར་སྟི་འདོད་པ་ཉིད་ཀྱིས་གཞན་ལ་ཡོན་ཏན་ཡིད་ཆེས་པར་བྱ་བའི་བསམ་པས་སྤྱོད་ལམ་ལེགས་པར་གནས་པ།

2.ཡུལ་དབེན་པར་གནས་པ།

3.རྙེད་པ་ཁྱད་པར་ཅན་མི་ལེན་པ་ཉིད་ཀྱིས་དང་། ངན་པ་དང་། གྱ་ནོམ་པ་བསྟེན་པ་དང་མི་བསྟེན་པ་ཉིད་ཀྱིས་ཡོ་བྱད་བསྙུངས་པ་ཀུན་ཏུ་སྟོན་པའོ༎