ཚུལ་ཁྲིམས་རྣམ་པ་གསུམ།སྔ་མའི་པར་གཞི་དེ རྡོར་འཚོ།890  ནས 2021-04-25 08:38ལ་འགྲུབ།

ཚུལ་ཁྲིམས་རྣམ་པ་གསུམ།

《བསྟན་འགྱུར་དབུ་མ་ཧ་པ》 《བསྟན་འགྱུར་སེམས་ཙམ་ཟི་པ》 《མདོ་འ་པ》བཅས་ལས་བྱུང་བའི་ཚུལ་ཁྲིམས་རྣམ་པ་གསུམ་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《བསྟན་འགྱུར་དབུ་མ་ཧ་པ》ཤ253ན6《བསྟན་འགྱུར་སེམས་ཙམ་ཟི་པ》ཤ85ན7 《མདོ་འ་པ》ཤ162བ1ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 རྣམ་གྲངས་འདྲེན་པ། 
1_1 ཁག་དང་པོ།

1.ཕྱོགས་གཅིག་པ་ནི། བསླབ་པའི་གཞི་གཅིག་འཛིན་པའོ༎

2.ཕྱོགས་གཅིག་མ་ཡིན་པ་ནི། བསླབ་པའི་གཞི་གཉིས་སམ། གསུམ་འཛིན་པའོ༎

3.མཐོ་རིས་སུ་འགྲོ་བ་ནི། བསླབ་པའི་གཞི་ཚོགས་པར་འཛིན་པའོ༎

1_2 ཁག་གཉིས་པ།

1.ནོར་ལ་སྲེད་པར་བྱས་ནས་ནི། སྟོབས་འགྱེད་པས་འཚོ་བའོ༎

2.ནོར་ལ་སྲེད་པར་མ་བྱས་པ་ནི། ནད་བུ་ཅན་རྣམས་ཀྱིའོ༎

3.ལྷན་ཅིག་སྐྱེས་པ་ནི། མྱ་ངན་ཆེན་པོས་ཐེབས་པ་ཡིན་ཏེ་འདི་ནི་ཆུང་ངོ་༎

1_3 ཁག་གསུམ་པ།

1.བསམ་གཏན་དང་ལྷན་ཅིག་སྤྱོད་པ་ནི། འཇིག་རྟེན་པ་རྣམས་ཀྱི་རྐྱེན་མེད་པའི་བར་གྱིས་འདོད་ཆགས་ལ་སོགས་པ་སྐྱེད་པར་མི་བྱེད་པའོ༎

2.བསམ་གཏན་མ་ཡིན་པ་དང་ལྷན་ཅིག་སྤྱོད་པ་ནི། ཕྱི་རོལ་པ་རྣམས་ཀྱི་བསམ་གཏན་མེད་ཀྱང་དེ་ལྟར་ཚུལ་ཁྲིམས་སུ་འགྱུར་བ་མིན་ནོ༎

3.ལངས་ནས་ལྷན་ཅིག་སྤྱོད་པ་ནི། སྐྱོན་གང་དམིགས་ནས་དེ་དག་དེས་ཡོངས་སུ་སྤོང་བར་བྱེད་པ་ཡིན་ཏེ། ཇི་ལྟར་ཆང་གིས་མྱོས་ནས་མི་གཙང་བ་ཀུན་ཏུ་སྤྱོད་དོ༎ དེས་ཆང་དེ་སོ་སོར་གཅོད་པར་བྱེད་པ་བཞིན་ནོ༎

1_4 ཁག་བཞི་པ།

1.ངན་གཡོ་བྱེད་པས་སྲུང་བ་ནི། ཉོན་མོངས་ཤིང་འབྲས་བུ་ཆུང་བའོ༎

2.ངན་གཡོ་བྱེད་པ་མ་ཡིན་པས་སྲུང་བ་ནི། འབྲས་བུ་ཆེ་བའོ༎

3.ལྷན་ཅིག་སྐྱེས་པ་ནི། སེམས་ལས་བྱུང་བའི་བྱེ་བྲག་གིས་འབྲས་བུ་ཆེ་བའམ། འབྲས་བུ་ཆུང་བར་འགྱུར་བའོ༎

1_5 ཁག་ལྔ་པ།

1.རྐྱེན་གྱིས་འཛིན་པ་ནི། བསླབ་པའི་གཞི་ཚུལ་ཁྲིམས་ཡང་དག་པར་བླངས་ཏེ་དེ་རྐྱེན་རྙེད་ནས་སྲུང་བ་ཡིན་ཏེ། བསླབ་པའི་གཞི་བསྡུས་ནས་འཛིན་པའོ༎ དེ་ཡང་། སེམས་ལས་བྱུང་བའི་བྱེ་བྲག་གིས་འཛིན་ཏེ་འབྲས་བུ་ཆེ་བའོ༎

2.རྐྱེན་མེད་པས་འཛིན་པ་ནི། གང་རྐྱེན་མེད་པ་དེས་སྲུང་བའོ༎ དེ་ཡང་། དེ་རྣམ་པར་མ་ཤེས་ཏེ་འབྲས་བུ་ཆུང་བའོ༎

3.བྱ་བ་མ་ཡིན་པ་ཞེས་བྱ་བ་ནི། རིགས་ཆེན་པོར་སྐྱེས་པ་རྣམས་ཀྱི་བྱ་བ་མ་ཡིན་པ་སྡིག་པ་མི་བྱེད་པའོ༎ དེ་ཡང་། བྱ་བ་མ་ཡིན་པས་བྱས་པ་ནི་འཇིག་རྟེན་འདིར་ལེགས་པར་བྱེད་པ་ཡིན་ཏེ། འབྲས་བུ་ཆེ་བའམ། སླར་ཆུང་བར་འགྱུར་རོ༎

1_6 ཁག་དྲུག་པ།

1.བླ་མས་འཇིགས་པ་ནི། གང་བླ་མས་འཇིགས་ནས་ཚུལ་ཁྲིམས་ལེན་པ་དེ་ནི་ཆུང་བའོ༎

2.བླ་མ་མ་ཡིན་པས་འཇིགས་པ་ནི། གང་བླ་མ་མ་ཡིན་པས་འཇིགས་ནས་ལེན་པ་དེ་ནི་འབྲིང་ཡིན་ནོ༎

3.ངན་སོང་དུ་འགྲོ་བས་འཇིགས་པ་ནི། གང་ངན་སོང་དུ་འགྲོ་བས་འཇིགས་ནས་ལེན་པ་དེ་ནི་ཆེན་པོ་ཡིན་ནོ༎

1_7 ཁག་བདུན་པ།

1.བདག་ཉིད་ཚུལ་ཁྲིམས་ལྡན་པར་བྱེད་པ།

2.གཞན་ཚུལ་ཁྲིམས་ལ་འཇོག་པར་བྱེད་པ།

3.གཞན་ལ་བཏང་སྙོམས་སུ་གནས་པའོ༎

1_8 ཁག་བརྒྱད་པ།

1.གགས་དང་བཅས་པ་ནི། གང་ཚུལ་ཁྲིམས་དང་ལྡན་ལ། ཕྱིས་ཚུལ་ཁྲིམས་འཆལ་པ་མ་ཡིན་ཏེ། གགས་དང་བཅས་པའི་ཚུལ་ཁྲིམས་ནི་དེ་ཡིན་ནོ༎

2.གགས་མེད་པ་ནི། རྟག་པར་ཚེ་རབས་སུ་ཐོག་མ་དང་། བར་མ་དང་། ཐ་མའི་ཚེ་རབས་སུ་ཐོག་མ་དང་། བར་མ་དང་། ཐ་མའི་མཐར་ཚུལ་ཁྲིམས་དང་ལྡན་པ་ཉིད་ཡིན་ནོ༎

3.གགས་ཐམས་ཅད་ནི། ལྟ་བ་ལོག་པས་སྲོག་གཅོད་པ་ལ་སོགས་པའི་མཆོད་སྦྱིན་བྱེད་པའི་ཚུལ་ཁྲིམས་ཡིན་ནོ༎

1_9 ཁག་དགུ་པ།

འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོ་ལས་བྱུང་བ་ཁག་གཅིག་སྟེ།

1.མི་དགེ་བ་ལས་ལྡོག་པའི་ཚུལ་ཁྲིམས།

2.དགེ་བ་ལ་འཇུག་པའི་ཚུལ་ཁྲིམས།

3.སེམས་ཅན་གྱི་དོན་ལ་འཇུག་པའི་ཚུལ་ཁྲིམས་སོ༎

1_10 ཁག་བཅུ་པ།

རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་ཁག་གཅིག་སྟེ།

1.མི་དགེ་བ་ལས་ལྡོག་པའི་ཚུལ་ཁྲིམས།

2.དགེ་བ་འཇུག་པའི་ཚུལ་ཁྲིམས།

3.སེམས་ཅན་གྱི་དོན་ལ་འཇུག་པའི་ཚུལ་ཁྲིམས་སོ༎

1_11 ཁག་བཅུ་གཅིག

འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་ཁག་གཅིག་སྟེ།

1.སེམས་པའི་ཚུལ་ཁྲིམས།

2.སྡོམ་པའི་ཚུལ་ཁྲིམས།

3.མི་འདའ་བའི་ཚུལ་ཁྲིམས་སོ༎