ཚད་མེད་བཞི་བསྒོམ་པ་རྣམ་པ་གསུམ།སྔ་མའི་པར་གཞི་དེ རྡོར་འཚོ།890  ནས 2021-04-25 08:38ལ་འགྲུབ།

ཚད་མེད་བཞི་བསྒོམ་པ་རྣམ་པ་གསུམ།

རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བའི་ཚད་མེད་བཞི་བསྒོམ་པ་རྣམ་པ་གསུམ་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《བསྟན་འགྱུར་སེམས་ཙམ་ཝི་པ》ཤ128བ5ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 རྣམ་གྲངས་འདྲེན་པ།

རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ། ཚད་མེད་པ་བཞི་ནི་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཏེ།

1.སེམས་ཅན་ལ་དམིགས་པ་ནི། བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པ་དང་། སྡུག་བསྔལ་བ་དང་བྲལ་བ་དང་། སྡུག་བསྔལ་བ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པ་དང་ལྡན་པའི་ཚོགས་གསུམ་དུ་རྣམ་པར་གཞག་ནས། སེམས་ཅན་བདེ་བ་འདོད་པ་རྣམས་ཀྱི་དབང་དུ་བྱས་ཏེ། བདེ་བ་སྒྲུབ་པའི་ལྷག་པའི་བསམ་པ་དང་ལྡན་པའི་བྱམས་པའི་སེམས་ཀྱིས་ཕྱོགས་བཅུར་ཁྱབ་པར་བྱས་ནས། སེམས་ཅན་ལ་མོས་པས་གནས་པ་དེ་ནི་དེའི་སེམས་ཅན་ལ་དམིགས་པའི་བྱམས་པ་ཡིན་པར་རིག་པར་བྱའོ༎

2.ཆོས་ལ་དམིགས་པ་ནི། ཆོས་ཙམ་དུ་འདུ་ཤེས་པ་དང་ལྡན་པ་དང་། ཆོས་ཙམ་སེམས་ཅན་དུ་འདོགས་པར་བསམ་པ་ཐག་པ་ནས་མཐོང་སྟེ། བྱམས་པ་དེ་ཉིད་སྒོམ་པར་བྱེད་པ་དེ་ནི་དེའི་ཆོས་ལ་དམིགས་པའི་བྱམས་པ་ཡིན་པར་རིག་པར་བྱའོ༎

3.དམིགས་པ་མེད་པ་ནི། ཆོས་སུ་རྣམ་པར་མི་རྟོག་པ་ཡང་མེད་པར་བྱམས་པ་དེ་ཉིད་སྒོམ་པར་བྱེད་པ་དེ་ནི་དེའི་དམིགས་པ་མེད་པའི་བྱམས་པ་ཡིན་པར་རིག་པར་བྱའོ༎

སེམས་ཅན་ལ་དམིགས་པ་དང་། ཆོས་ལ་དམིགས་པ་དང་། དམིགས་པ་མེད་པའི་བྱམས་བྱམསཔ་ཇི་ལྟ་བ་བཞིན་དུ་སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཀྱང་དེ་དང་འདྲ་བར་རིག་པར་བྱའོ༎