གླང་ཏིག་པ།སྔ་མའི་པར་གཞི་དེ ཨ་ཅ་ཁུ་པེ།  ནས 2021-04-23 08:35ལ་འགྲུབ།

གླང་ཏིག་པ།

ལོ་རེ་བཞིན་སྐྱེས་པའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག
1 ལོ་ཙཱ།

རྒྱ་ཡིག 夏枯草

དབྱིན་ཡིག self-heal

2 རྒྱས་འགྲེལ།

1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། སྔོ་ཞིག 夏枯草。唇形科草本植物名。

2.སྨོན་ལམ་ཚིག་མཛོད་ཆེན་མོ་ལས། ལོ་རེ་བཞིན་སྐྱེས་པའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་ཁྲ་ལ་ཨ་ར་འདྲ་བའི་རྩ་ཕྲན་ཡོད་པ་དང༌། སྡོང་པོ་སྔོ་སྐྱ་ཕྲ་ལ། ཁོང་སྟོང་གྲུ་བཞི་དབྱིབས་ཅན་གྱི་སྟོད་ཆ་ཡན་ག་གསུམ་བཞི་ཙམ་གྱེས་པ་ལོ་མ་སྔོ་ལྗང་སྒོང་དབྱིབས་ཅན་རྩེ་རྣོ་བའི་མཐར་ཉག་ག་སོག་ལེ་ཁ་འདྲ་བ་ཡོད་པ་ཚིགས་མཚམས་ནས་གཉིས་རེ་ཁ་སྤྲོད་ཀྱི་ཚུལ་དུ་སྐྱེ་བ། སྔོ་སྨུག་མཆུ་དབྱིབས་མེ་ཏོག་སྙེ་དབྱིབས་ཡལ་ག་དང་སྡོང་པོའི་རྩེར་འཆར་བ་བཅས། བོད་ཡུལ་ལུང་ཁག་གི་རིའི་ཁུག་དང་རི་མ་ལྡེབ་བྱེ་མ་ཤས་ཆེ་བའི་སར་མང་བ། བོད་ཟླ་དྲུག་པའི་ནང་ལོ་སྟོང་མེ་ཏོག་བཅས་པ་བཏུས་ཏེ་གཙང་མ་ཁྲུས་རྗེས་སྔོ་ཆོལ་རྨ་ཕབ་ཐོག་བསིལ་བར་སྐམ་ནས་སྨན་དུ་སྤྱོད་རྒྱུ། རོ་ཁ་ལ་བསྐ་བ།  ཞུ་རྗེས་ཁ་བ། ནུས་པ་བསིལ་བས་མཁྲིས་པའི་ནད་རྣམས་སེལ་བ་ཡིན།