ཡང་བའི་བཟོ་ལས་ཀྱི་ལག་རྩལ་དང་བཟོ་སྐྲུན་ཁྱབ་ཁོངས་སུ་ཤོག་བུ་བཟོ་བའི་བཟོ་སྐྲུན་དང་།མངར་ཆའི་བཟོ་སྐྲུན། རྫས་འགྱུར་བཟོ་སྐྲུན་སོགས་ཕྱོགས་བཞི་ལ་ཁེབས་ཡོད།
ཞིབ་འཇུག་ཁ་ཕྱོགས་གཙོ་བོ་གཤམ་གསལ་ལྟར།
རྩི་ཤིང་གི་ཐོན་ཁུངས་རྫས་འགྱུར་དང་བག་གཏོང་རྫས་འགྱུར་དང་བཟོ་སྐྲུན། ཤོག་བུ་བཟོ་བའི་ལག་རྩལ། བྱེད་ནུས་ཤོག་བུ་བཅས་ཀྱི་གོ་རིམ་སྒྲིག་ཆས་དང་ཚོད་འཛིན། ཤོག་སྐྱོ་བསྒྱུར་བཟོའི་ལག་རྩལ་གསར་པ་དང་སྦགས་བཙོག་ཚོད་འཛིན། པར་འདེབས་ཐུམ་སྒྲིལ་རྒྱུ་ཆ་དང་སྒྲིག་ཆས། པར་འདེབས་བརྙན་རིས་ཐག་གཅོད་དང་ཞིབ་དཔྱད་ཚད་ལེན་ལག་རྩལ།
སྐྱེ་དངོས་ཕྲ་རབ་ཀྱི་བཟོ་སྐྲུན་དང་ལག་རྩལ། སྐྱེ་དངོས་རྫས་འགྱུར་འགྱུར་འབྱུང་གི་བཟོ་སྐྲུན་དང་ལག་རྩལ། སྐྱེ་དངོས་སྨན་བཟོའི་བཟོ་སྐྲུན་དང་ལག་རྩལ། ཁོར་ཡུག་སྐྱེ་དངོས་རྫས་འགྱུར་བཟོ་ལས་དང་ལག་རྩལ།
ཀོ་ཆས་ཕུང་གྲུབ་རིག་པ་དང་སྤྲི་དཀར་རྒྱུ་རྫས་འགྱུར་སྲ་མོ། སྤྲི་དཀར་གྱི་བཅོས་གཤིས་དང་ལས་སྣོན་ལག་རྩལ། ཀོ་བ་དང་ཀོ་ཆས་ཀྱི་རྫས་འགྱུར་གྲུབ་རྫས་འདྲེས་གྲུབ་ཁྲོད་ལྗང་མདོག་ལག་རྩལ་དང་གཞུང་ལུགས། ཀོ་ཆས་གསར་བའི་ཐོན་རྫས་གསར་འབྱེད་དང་མཐའ་སྣེའི་ཐོན་རྫས་ལས་སྣོན་ལག་རྩལ། ཚོད་ལྟའི་ལག་རྩལ། ཡང་བའི་བཟོ་ལས་ཐོན་རྫས་ཀྱི་སྤུས་ཀར་ཞིབ་བཤེར་ཚད་ལེན་བྱེད་པའི་ལག་རྩལ།
ཡང་བའི་བཟོ་ལས་ཀྱི་ལག་རྩལ་དང་བཟོ་སྐྲུན་ཁྱབ་ཁོངས་ཀྱི་ཚན་རིག་ཞིབ་འཇུག་དང་གསར་སྤེལ་བེད་སྤྱོད། བཟོ་སྐྲུན་ཇུས་འགོད་དང་ལག་བསྟར། ལག་རྩལ་འགག་སྒྲོལ་དང་ལག་རྩལ་བསྒྱུར་བཀོད།ལག་རྩལ་གསར་པ་ཁྱབ་སྤེལ་དང་བེད་སྤྱོད། བཟོ་སྐྲུན་འཆར་འགོད་དང་དོ་དམ་སོགས་ཀྱི་ཐད་ཡང་བའི་བཟོ་ལས་ཁྱབ་ཁོངས་ཀྱི་ཐོན་སྐྱེད་དང་ཞིབ་འཇུག་གསར་སྤེལ་དང་འབྲེལ་བ་ཡོད་པའི་ལག་རྩལ་དང་བཟོ་སྐྲུན་གྱི་དོན་དངོས་དང་འབྲེལ་བ་ཡོད་པའི་མཐོ་རིམ་བཟོ་སྐྲུན་ལག་རྩལ་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་དགོས།
ཡང་བའི་བཟོ་ལས་ཀྱི་ལག་རྩལ་དང་བཟོ་སྐྲུན་ཁྱབ་ཁོངས་ཀྱི་བཟོ་བཀོད་རབ་འབྱམས་པའི་སློབ་མས་རིག་གཞུང་ཚན་ཁག་དང་ལག་རྩལ་གྱི་རིགས་པའི་གཞུང་ལུགས་དང་ཆེད་ལས་ཀྱི་ཤེས་བྱ་རྒྱ་ཆེན་པོ་ཁོང་དུ་ཆུད་པར་བྱས་ཏེ། ཨར་ལས་ཀྱི་ཁྱབ་ཁོངས་དེ་གའི་རྒྱལ་ཁབ་ཕྱི་ནང་གི་ད་ཡོད་གནས་ཚུལ་དང་འཕེལ་རྒྱས་འགྲོ་ཕྱོགས་ལ་ཕྱོགས་ཡོངས་ནས་ཤེས་རྟོགས་བྱེད་དགོས་པ་དང་། སྔོན་ཐོན་གྱི་ཚན་རིག་ལག་རྩལ་དང་ཚོད་ལྟ་བྱེད་ཐབས་བེད་སྤྱོད་བྱང་ཆུབ་པ་བྱེད་ཐུབ་པ། རང་རྐྱ་འཕེར་བའི་སྒོ་ནས་ཨར་ལས་ལག་རྩལ་ཞིབ་འཇུག་དང་བསྒྱུར་བཀོད། གསར་སྤེལ། བེད་སྤྱོད(ཨར་ལས་ཇུས་འགོད་དང་ཨར་ལས་དོ་དམ་ཚུད་པ)བཅས་བྱེད་པའི་ནུས་པ་ལྡན་དགོས།
ཞིབ་འཇུག་ཟབ་སྦྱོང་གི་སློབ་ཚན་གཙོ་བོ་གཤམ་གསལ་ལྟར། ཆབ་སྲིད་གཞུང་ལུགས་ཀྱི་སློབ་ཚན། ཕྱི་སྐད་སློབ་ཁྲིད་དང་གྲངས་ཀར་དབྱེ་ཞིབ། རྩིས་འཁོར་ཉེར་སྤྱོད་ལག་རྩལ། རྩི་ཤིང་གི་ཚི་སྣའི་རྫས་འགྱུར་གྲུབ་ཚུལ་དང་དེའི་ཞིབ་འཇུག་བྱེད་ཐབས། འདག་རྫས་འགྱུར། འདག་བཟོ་དང་ཤོག་བུ་བཟོ་བའི་བཟོ་རྩལ། སྒྲིག་ཆས་དང་བརྒྱུད་རིམ་གྱི་རྩིས་འཁོར་ལད་ཟློས། མངར་ཆའི་ཚན་རིག་དང་བཟོ་སྐྲུན། དེང་རབས་ཀྱི་མངར་ཆ་བཟོ་བའི་བཟོ་རྩལ་དང་སྒྲིག་ཆས། དེང་རབས་སྐྱེ་དངོས་རྫས་འགྱུར་ལག་རྩལ། སྐྱེ་དངོས་ཕྲ་རབ་རྩབས་རིག་པ། བསྙལ་བཟོ་ལག་རྩལ། སྐྱེ་དངོས་རྫས་འགྱུར་བཟོ་ལས་དང་ཚོད་འཛིན་རགས་བཤད། སྐྱེ་དངོས་འགྱུར་འདེད་བཟོ་སྐྲུན། སྐྱེ་དངོས་འགྱུར་སྐུལ་ལག་རྩལ། ཀོ་བས་དེང་རབས་ལས་སྣོན་གཞུང་ལུགས་དང་ལག་རྩལ། ཀོ་བས་གཙང་སྦྲ་བྱེད་པའི་བཟོ་རྩལ་དང་གཞུང་ལུགས། དེང་རབས་ཀོ་བའི་ཞིབ་དཔྱད་ཚད་ལེན་བྱེད་པའི་ལག་རྩལ། ཀོ་བའི་རྫས་འགྱུར་བཟོས་རྫས་འདྲེས་གྲུབ་དང་བེད་སྤྱོད། ཡང་བའི་བཟོ་ལས་ཀྱི་མཁའ་རླུང་མེད་པའི་སྒྲིག་ཆས་ཀྱི་ཚ་ལས་བརྒྱུད་རིམ། ཡང་བའི་བཟོ་ལས་ཁེ་ལས་དོ་དམ་དང་ཐོན་རྫས་ཀྱི་སྤུས་ཚད་ཚོད་འཛིན་སོགས་ཡོད། ཁྱབ་ཁོངས་དེ་ཐོན་རྫས་དང་འབྲེལ་བ་ཡོད་པའི་ཐོན་རྫས་བྱ་ཡུལ་གྱི་ཧེ་བག་ཆེ་བས་ཞིབ་འཇུག་བྱ་ཡུལ་ལ་གཞིགས་ནས་སློབ་ཚན་མང་དུ་གཏོང་ཆོག་གི་ཡོད་པ་རེད།
ཚན་རིག་སྤྱི་ཚོགས་རིང་ལུགས་ཀྱི་རིག་པའི་གཞུང་ལུགས་དང་རང་བྱུང་རྩོད་སྒྲུབ་རིག་པ། ཕྱི་རྒྱལ་གྱི་སྐད་ཡིག རྩིས་འཁོར་ལག་རྩལ་དང་བེད་སྤྱོད། གྲངས་ཐང་དབྱེ་ཞིབ་སོགས་ཡིན།
འདག་རྫས་འགྱུར། རྩི་ཤིང་གི་ཚི་སྣའི་རྫས་འགྱུར་གྲུབ་ཚུལ་དང་དེའི་ཞིབ་འཇུག་བྱེད་ཐབས། ཤོག་འདམ་སྐྱེལ་བ། ཤོག་བུ་ལས་སྣོན་བྱེད་པའི་རྩ་བའི་རིག་པ་དང་ལག་རྩལ། ཤོག་འདམ་བཟོ་བྱེད་ཀྱི་འཕྲུལ་ཆས། ཤོག་འདམ་བཟོ་སྐབས་ཀྱི་རྩིས་རིག་གི་དཔེ་དབྱིབས་དང་རྩིས་འཁོར་གྱི་ལད་ཟློས། བག་གཏོང་ཤོག་བུ་བཟོ་བའི་སྐྱེ་དངོས་ལག་རྩལ། གཤེར་ཕུང་ཤུགས་རིག་པ། མཐོ་རིམ་ཚོན་མདངས་རིག་པ། མཐོ་རིམ་ལས་ཁུངས་རིག་པ། འགྱིག་གཟུགས་དང་ཕྱི་ངོས་རྫས་འགྱུར། མངར་ཆ་ཚན་རིག་དང་བཟོ་སྐྲུན། བརྒྱུད་སྤྲོད་བརྒྱུད་རིམ་གྱི་རྩ་བའི་རིག་པ། དེང་རབས་ཀྱི་སྐྱེ་དངོས་རྫས་འགྱུར་ལག་རྩལ། སྐྱེ་དངོས་ཕྲ་རབ་ལུས་ཁམས་དང་རྒྱུད་འཛིན་བཟོ་སྐྲུན། ཀོ་ཆས་ཀྱི་ཕྲ་མཐོང་གྲུབ་ཆ། དེ་བཞིན་སྤྲི་དཀར་རྫས་འགྱུར་སྲ་མོ། ཡང་བའི་བཟོ་ལས་ཀྱི་སྒྲིག་ཆས་དང་ཚོད་འཛིན། ཀོ་ཆས་ཀྱི་ཇུས་འགོད་དང་ལས་སྣོན་ལག་རྩལ་དང་རྩ་བའི་རིགས་པ་སོགས་ཡོད།
ཤོག་བུའི་གྲུབ་ཚུལ་དང་ངོ་བོ། ཤོག་དཀར་སྒྱུར་བའི་རིག་པ་དང་ལག་རྩལ། བརྒྱུད་སྤྲོད་བརྒྱུད་རིམ་གྱི་རྩ་བའི་རིག་པ་དང་། འདུས་ཚད་མཐོ་ཞིང་འདག་རྫས་བཟོ་བ། བརྙན་རིས་ཐག་གཅོད་ལག་རྩལ། ཐན་ཆུའི་འདྲེས་སྦྱོར་དངོས་རྫས་རྫས་འགྱུར། སྐྱེ་དངོས་རྫས་འགྱུར་དང་ལག་རྩལ། མངར་ཆ་མང་བའི་ཞིབ་དཔྱད་ཚད་ལེན་གྱི་ལག་རྩལ་གསར་པ། འགྱུར་འབྱུང་སྒྲིག་ཆས་དང་དཔྱད་ཆས། སྐྱེ་དངོས་དབྱེ་འབྱེད་བྱེད་རིམ་དང་དེའི་རྩིས་འཁོར་གྱི་ལད་ཟློས་དང་། ཞུ་ཁུ་ཤེལ་གཟུགས་ལག་རྩལ། ཞུ་ཁུ་གཞུང་ལུགས་ཀྱི་རྨང་གཞི། ཞུ་ཁུ་ཡི་གློག་སྡུད་ཐག་གཅོད་ལག་རྩལ། སྒྲའི་རྫས་འགྱུར་དང་དེའི་བེད་སྤྱོད། ཐན་ཆུའི་འདྲེས་སྦྱོར་དངོས་རྫས་རིག་པ་དང་། མངར་ཆ་ཐོན་སྐྱེད་བྱེད་རིམ་གྱི་ཚ་ནུས་བེད་སྤྱོད། ཀ་ར་བཟོ་བའི་བཟོ་རྩལ་ཞིབ་འཇུག་བྱེད་ཐབས་གསར་པ། ཀ་ར་ཐོན་སྐྱེད་དང་ཁོར་ཡུག་སྲུང་སྐྱོང་། སྐྱེ་དངོས་ཕྲ་རབ་རིག་པ། མདོག་ཤལ་དབྱེ་ཕྲལ་ལག་རྩལ། སྐྱེ་དངོས་རྫས་འགྱུར་གྱི་བཟོ་སྐྲུན་དང་ཚོད་འཛིན་རགས་བཤད། སྐྱེ་དངོས་འགྱུར་འབྱུང་ཆས་བཟོ་སྐྲུན། སྐྱེ་དངོས་སྨན་བཟོ་ལག་རྩལ། སྐྱེ་དངོས་རྫས་འགྱུར་ལོགས་འབྱེད་བཟོ་སྐྲུན། སྐྱེ་དངོས་ཐོན་ཁུངས་བཟོ་སྐྲུན། ཁོར་ཡུག་གི་སྐྱེ་དངོས་ལག་རྩལ། སྲོག་ཆགས་དང་རྩི་ཤིང་གི་ཕྲ་ཕུང་གསོ་སྐྱོང་རིག་པ། སྐྱེ་དངོས་འགྱུར་སྐུལ་ལག་རྩལ་དང་དེང་རབས་ཀྱི་བཟོ་སྣོན་རིགས་པའི་གཞུང་ལུགས་དང་ལག་རྩལ། ཀོ་ཆས་གཙང་སྦྲའི་བཟོ་རྩལ་དང་གཞུང་ལུགས། ཀོ་ཆས་ཀྱི་དེང་རབས་ཚོད་ལྟའི་ལག་རྩལ། ཀོ་ཆས་ཀྱི་འདྲེས་སྦྱོར་དང་བེད་སྤྱོད། ཡང་བའི་བཟོ་ལས་ཀྱི་སྒྲིག་ཆས་དང་སྟོང་སངས་ལག་རྩལ། ཡང་བའི་བཟོ་ལས་ཀྱི་རང་འགུལ་ཚོད་འཛིན་རྩ་བའི་རིག་པ་དང་ཇུས་འགོད།ཡང་བའི་བཟོ་ལས་ཀྱི་ལག་རྩལ་ཁྲོད་ཀྱི་དབང་རྩའི་དྲ་རྒྱ་དང་མིས་བཟོས་རིག་ནུས་བཅས་ཡིན་ལ། གོང་གསལ་གྱི་སློབ་ཚན་དག་ཤེས་ཡོན་གྱི་མིང་གདགས་སློབ་ཚན་དང་ཤེས་ཡོན་གྱི་མིང་གདགས་མིན་པའི་སློབ་ཚན་དུ་གཏན་ཁེལ་བྱས་ཆོག གཞན་ཡང་གསོ་སྐྱོང་ཚན་པ་ཁག་གིས་ད་དུང་ཚན་པ་དེ་གའི་ཁྱད་ཆོས་དང་ཁེ་ལས་ཀྱི་དགོས་མཁོར་གཞིགས་ནས་སློབ་ཚན་གཞན་དག་འོས་འཚམ་ངང་མང་དུ་བཏང་ན་འགྲིག།
ཡང་བའི་བཟོ་ལས་ཀྱི་ལག་རྩལ་དང་བཟོ་སྐྲུན་ནི་རྒྱལ་དམངས་དཔལ་འབྱོར་དང་མི་དམངས་ཀྱི་འཚོ་བ་དང་འབྲེལ་བ་ཡོད་པའི་ཁྱབ་ཁོངས་གལ་ཆེན་ཞིག་ཡིན་ལ། བཟོ་སྐྲུན་དེའི་ཁྱབ་ཁོངས་སུ་ཤོག་འདམ་དང་ཤོག་བུ་བཟོ་བའི་བཟོ་སྐྲུན། མངར་ཆ་བཟོ་བའི་བཟོ་སྐྲུན། ཀོ་བའི་རྫས་འགྱུར་དང་བཟོ་སྐྲུན་སོགས་རིག་གཞུང་ཚན་ཁག་མང་པོ་སྣོལ་སྡེབ་དང་ཕྱོགས་བསྡུས་བྱས་པ་ཚུད་ཡོད། དུས་རབས་གསར་པར་ཡང་བའི་བཟོ་ལས་ཀྱི་ལག་རྩལ་དང་བཟོ་སྐྲུན་གྱིས་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་བ། སྤྱི་ཚོགས་དང་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བ་དང་མཐུན་སྦྱོར་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བ། དེ་བཞིན་ཀྲུང་གོ་སྟོབས་འབྱོར་མངའ་ཐང་རྒྱས་པ་ཡོང་བ་བཅས་ཀྱི་ཐད་ནུས་པ་གལ་ཆེན་ཐོན་ཡོད།
ཡང་བའི་བཟོ་ལས་ཀྱི་ལག་རྩལ་དང་བཟོ་སྐྲུན་ཁྱབ་ཁོངས་ཀྱི་བཟོ་སྐྲུན་རབ་འབྱམས་པའི་དཔྱད་རྩོམ་གྱི་བརྗོད་གཞི་ནི་ཐོན་སྐྱེད་ཀྱི་དོན་དངོས་སམ་བཟོ་སྐྲུན་གྱི་རྒྱབ་ལྗོངས་དང་བཀོལ་སྤྱོད་ཀྱི་རིན་ཐང་ཁ་གསལ་ལྡན་པ་ལས་བྱུང་བ་ཡིན་དགོས་ལ། ལག་རྩལ་གྱི་དཀའ་ཁག་དང་བྱ་བའི་ཚད་ངེས་ཅན་ཞིག་ཡོད་དགོས་པ་དང་། བྱེ་བྲག་ཏུ་ཡང་བའི་བཟོ་ལས་ཀྱི་བཟོ་བཀོད་ཇུས་འགོད་དང་ལག་བསྟར། འདག་རྫས་བཟོ་བ་དང་ཤོག་བུ་བཟོ་བའི་བཟོ་སྐྲུན། ཀ་ར་བཟོ་བའི་བཟོ་སྐྲུན །བསྙལ་བའི་བཟོ་སྐྲུན། ཀོ་བའི་རྫས་འགྱུར་དང་བཟོ་སྐྲུན་སོགས་ཕྱོགས་ཀྱི་བཟོ་བཀོད་དང་ཞིབ་འཇུག་གསར་སྤེལ་སོགས་ཡོད། ཡང་བའི་བཟོ་ལས་ཁྱབ་ཁོངས་ཀྱི་འབྲེལ་ཡོད་ལག་རྩལ་འགག་སྒྲོལ། ལག་རྩལ་བསྒྱུར་བཀོད། ལག་རྩལ་ཁྱབ་སྤེལ་དང་བེད་སྤྱོད། ཡང་བའི་བཟོ་ལས་ཁྱབ་ཁོངས་ཀྱི་བཟོ་རྩལ་གསར་པ་དང་རྒྱུ་ཆ་གསར་པ། ཐོན་རྫས་གསར་པ། སྒྲིག་ཆས་གསར་པ་བཅས་ཞིབ་འཇུག་དང་གསར་བཟོ་དང་གསར་སྤེལ་བྱ་རྒྱུ། རྒྱལ་ཁབ་ཕྱི་ནང་གི་སྔོན་ཐོན་ལག་རྩལ་ནང་འདྲེན་དང་ཁོང་དུ་ཆུད་པ། བསྡུ་ལེན། བེད་སྤྱོད་བཅས་བྱེད་ཅིང་། ཅུང་ཆ་ཚང་བའི་བཟོ་སྐྲུན་ལག་རྩལ་གྱི་རྣམ་གྲངས་སམ་དོ་དམ་རྣམ་གྲངས་ཀྱི་འཆར་འགོད་དང་ཞིབ་འཇུག བཟོ་སྐྲུན་རྒྱབ་ལྗོངས་སམ་ཡང་ན་བཟོ་སྐྲུན་བཀོལ་སྤྱོད་ཀྱི་མདུན་ལམ་ལྡན་པའི་རྨང་གཞིའི་རང་བཞིན་གྱི་ཞིབ་འཇུག་རྣམ་གྲངས་སམ་ཡང་ན་གྲ་སྒྲིག་ཞིབ་འཇུག་གི་ཆེད་དོན་བཅས་ཚུད་ཡོད།