འཁེལ་འཐག་ཚན་རིག་དང་བཟོ་སྐྲུན།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2021-04-25 17:21ལ་འགྲུབ།

འཁེལ་འཐག་ཚན་རིག་དང་བཟོ་སྐྲུན།

འཁེལ་འཐག་ཚན་རིག་དང་བཟོ་སྐྲུན།
འཁེལ་འཐག་ཚན་རིག་དང་བཟོ་སྐྲུན་ནང་འཁེལ་འཐག་དང་འཁེལ་འཐག་རྒྱུ་ཆ། འཁེལ་འཐག་ཐོན་རྫས་ཇུས་འགོད། འཁེལ་འཐག་རྫས་འགྱུར་དང་ཚོས་རྒྱག་དག་ཐེར་སོགས་རིག་གཞུང་ཚན་ཁག་མང་པོ་ཚུད་ཡོད་ཅིང་། གཙོ་བོ་འཕྲུལ་ཆས་དང་དངོས་ཁམས། རྫས་འགྱུར་སོགས་ཚན་རྩལ་མཐོ་བའི་བྱེད་ཐབས་ལ་བརྟེན་ནས་ཁྱབ་ཁོངས་ཁག་དང་བྱེད་ནུས་སྣ་ཚོགས་ཀྱི་བླང་བྱ་དང་མཐུན་པའི་འཁེལ་འཐག་ཐོན་རྫས་ལས་སྣོན་དང་ནུས་པར་གདེང་འཇོག་བྱེད་པར་ཞིབ་འཇུག་བྱེད་ཀྱིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
纺织科学与工程
གཞི་རྩའི་གནས་ཚུལ།
རྒྱལ་ཁབ་ཀྱི་གཙོ་གནད་རིག་ཚན།
ཉེར་སྤྱོད་རིག་ཚན།
འཁེལ་འཐག་རྒྱུ་ཆ་དང་འཁེལ་འཐག་ཐོན་རྫས་ཇུས་འགོད། འཁེལ་འཐག་རྫས་འགྱུར་དང་ཚོས་སྒྱུར་བཟོ་སྐྲུན།
1 གནས་ཚུལ་ངོ་སྤྲོད།

རིམ་པ་དང་པོའི་རིག་ཚན།  0816 འཁེལ་འཐག་ཚན་རིག་དང་བཟོ་སྐྲུན།

རིམ་པ་གཉིས་པའི་རིག་ཚན། 081601 འཁེལ་འཐག་བཟོ་སྐྲུན།

རྒྱལ་ཁབ་ཀྱི་རིག་ཚན་གཙོ་བོ(འཁེལ་འཐག་ཚན་རིག་དང་བཟོ་སྐྲུན)ཏུང་ཧྭ་སློབ་ཆེན། 

རྒྱལ་ཁབ་ཀྱི་གཙོ་གནད་རིག་ཚན(འཁེལ་འཐག་བཟོ་སྐྲུན)ཐེན་ཅིན་བཟོ་ལས་སློབ་ཆེན་དང་སུའུ་ཀྲོའུ་སློབ་ཆེན། 

2 རིག་ཚན་འབྲེལ་ཡོད་གནས་ཚུལ།

ད་ལྟ་འབུམ་རམས་པའི་སློབ་དཔོན34ཡོད་ལ། ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་ཀྱི་འགག་སྒྲོལ་དང་། རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་ཐེབས་རྩ། བཅིངས་འགྲོལ་དམག་གི་སྤྱི་ཁྱབ་བཀོད་འདོམས་པའི་དམག་འཐབ། ཞིང་ཆེན་དང་པུའུ་རིམ་པའི་ཚན་རྩལ་འགག་སྒྲོལ། རྒྱལ་ཁབ་ཀྱི་གསར་གཏོད་སོགས་རྣམ་གྲངས་མང་པོ་སྒྲུབ་པར་འགན་འཁུར་བཞིན་ཡོད་ལ། རྒྱལ་ཁབ་ཀྱི་ཁེ་བེད་བདག་ཐོབ་ཁག38ཐོབ་པ་དང་རྒྱལ་ཁབ་དང་། ཞིང་ཆེན། པུའུ། གྲོང་ཁྱེར་བཅས་ཀྱི་རིམ་པ་དང་པོ་དང་གཉིས་པ། གསུམ་པ་བཅས་ཀྱི་ཚན་ཞིབ་དང་སློབ་ཁྲིད་གྲུབ་འབྲས་བྱ་དགའ་ཁག40ལྷག་ཙམ་ཐོབ་ཡོད་པ་རེད། དེའི་ནང་ཞིང་ཆེན་དང་གྲོང་ཁྱེར་གྱི་ཚན་རྩལ་གྲུབ་འབྲས་རིམ་པ་དང་པོ་དང་གཉིས་པའི་བྱ་དགའ་ཁག4དང་རྒྱལ་ཁབ་ཀྱི་ཚན་རྩལ་ཡར་ཐོན་བྱ་དགའ་རིམ་པ་གཉིས་པ་ཁག3 ཞིང་ཆེན་དང་པུའུ་རིམ་པའི་ཚན་རྩལ་གྲུབ་འབྲས་རིམ་པ་དང་པོ་དང་གཉིས་པའི་བྱ་དགའ་ཁག6 རྒྱལ་ཁབ་རིམ་པའི་སློབ་ཁྲིད་གྲུབ་འབྲས་ཀྱི་བྱ་དགའ་རིམ་པ་དང་པོ་དང་། རྒྱལ་ཁབ་རིམ་པའི་རྩེར་སོན་སློབ་ཚན་ཁག3 ཧྲང་ཧའེ་གྲོང་ཁྱེར་གྱི་མཐོ་རིམ་སློབ་གྲྭའི་སློབ་ཁྲིད་གྲུབ་འབྲས་ཀྱི་བྱ་དགའ་རིམ་པ་དང་པོ་ཁག2 ཧྲང་ཧའེ་གྲོང་ཁྱེར་གྱི་རྩེར་སོན་སློབ་ཚན་ཁག5བཅས་ཡོད། ལོ་རེར་དཔྱད་རྩོམ200ལྷག་སྤེལ།  འབུམ་རམས་པའི་དཔྱད་རྩོམ11 ཧྲང་ཧའེ་གྲོང་ཁྱེར་གྱི་འབུམ་རམས་པའི་དཔྱད་རྩོམ་ཕུལ་བྱུང་ནང་བཅུག་པ་དང་འབུམ་རམས་པའི་དཔྱད་རྩོམ5རྒྱལ་ཡོངས་ཀྱི་འབུམ་རམས་པའི་དཔྱད་རྩོམ་བརྒྱའི་ནང་བདམས་པ་རེད། ད་བར་འབུམ་རམས་པ120ལྷག་ཙམ་གསོ་སྐྱོང་བྱས་ཡོད་ཅིང་།  མིག་སྔར་སློབ་གྲྭར་འབུམ་རམས་པའི་ཞིབ་འཇུག་སློབ་མ200ཙམ་ཡོད་ལ། ལོ་མང་པོའི་རིང་ལ་རིག་གཞུང་ཚན་ཁག་འཛུགས་སྐྲུན་བྱས་པ་བརྒྱུད། འཁེལ་འཐག་སློབ་གླིང་དུ་རང་རང་གི་ཁྱད་ཆོས་ཡོད་ལ། ཕན་ཚུན་སིམ་འཛུལ་དང་ཕན་ཚུན་རྒྱབ་རྟེན་བཅོལ་བའི་རིག་ཚན་མང་པོ་གྲུབ་ཅིང་། རིག་ཚན་འདིས་སྤྱི་ལོ1986ལོར་འབུམ་རམས་པའི་བསླབ་གནས་སྤྲོད་དབང་ཐོབ་པ་དང་། སྤྱི་ལོ1987ལོར་རྒྱལ་ཁབ་ཀྱི་གཙོ་གནད་རིག་ཚན་ལ་བདམས། སྤྀཡ་ལོ1996ལོར་ཧྲང་ཧའེ་གྲོང་ཁྱེར་གྱི་གཙོ་གནད་རིག་ཚན་ལ་བདམས། སྤྱི་ལོ2002ལོར་ཡང་བསྐྱར་རྒྱལ་ཁབ་ཀྱི་གཙོ་གནད་རིག་ཚན་ལ་གཏན་འཁེལ་བྱས། དེ་ནི་ང་ཚོའི་སློབ་གྲྭའི“འཁེལ་འཐག་ཚན་རིག་དང་བཟོ་སྐྲུན”འབུམ་རམས་ཐོབ་ཟིན་སྐོར་སྐྱོད་ས་ཚིགས་དང“211ལས་གཞིའི”འཛུགས་སྐྲུན་གྱི་གཙོ་གནད་རིག་ཚན་གྲས་ཤིག་ཡིན། ད་ལྟ་སློབ་སྦྱོང་བྱེད་བཞིན་པའི་འབུམ་རམས་སློབ་མ་དང་འབུམ་རམས་ཐོབ་རྗེས་ཀྱི་སློབ་མ་ཁྱོན་མི60ལྷག་ཡོད།

3 ཞིབ་འཇུག་ཁ་ཕྱོགས།
3_1 རང་བྱུང་ཚི་སྣ།

རང་བྱུང་གི་རྩི་ཤིང་རང་བཞིན་གྱི་ཚི་སྣ་སྣ་ཚོགས་བེད་སྤྱོད་རྒྱུ་དམིགས་ཡུལ་དུ་བཟུང་ནས་འབྲེལ་ཡོད་ཀྱི་བཟོ་རྩལ་དང་ལག་རྩལ། སྒྲིག་ཆས་བཅས་ཞིབ་འཇུག་དང་འབྲེལ་ཡོད་ཀྱི་ཐོན་རྫས་གསར་པ་གསར་སྤེལ་བ་དགོས། 

(1)ཚི་སྣ་སྣ་ཚོགས་གསར་སྤེལ་དང་ཕྱོགས་བསྡུས་བེད་སྤྱོད། 

(2)སོག་མ་ཚི་སྣ་གསར་སྤེལ་དང་ཕྱོགས་བསྡུས་བེད་སྤྱོད། 

3_2 འཁེལ་འཐག་རྒྱུ་ཆ།

(1)གཤིས་ནུས་མཐོ་བའི་ཚི་སྣའི་རྩ་གསུམ་འདྲེས་སྦྱོར་རྒྱུ་ཆ་བཟོ་བ་དང་གཤིས་ནུས་དབྱེ་ཞིབ། བེད་སྤྱོད། 

(2)ཁོར་ཡུག་མཛའ་མཐུན་གྱི་འདྲེས་སྦྱོར་རྒྱུ་ཆ་བཟོ་བ་དང་གཤིས་ནུས་དབྱེ་ཞིབ། བེད་སྤྱོད། 

(3)ནཱ་སྨི་ཡིས་འདྲེས་སྦྱོར་རྒྱུ་ཆའི་བཟོ་སྐྲུན་དང་གཤིས་ནུས་དབྱེ་ཞིབ། བེད་སྤྱོད་བཅས་ལ་ཤུགས་སྣོན་རྒྱག་དགོས། 

(4)འཁེལ་འཐག་འདྲེས་སྦྱོར་རྒྱུ་ཆའི་ལས་སྣོན་ལག་རྩལ་གསར་སྤེལ།(བཟོ་རྩལ་ཞིབ་འཇུག་དང་ཞིབ་དཔྱད་སྒྲིག་ཆས་གསར་སྤེལ) 

(5)འཁེལ་འཐག་མིན་པའི་རྒྱུ་ཆའི་གྲུབ་ཚུལ་དང་བཟོ་རྩལ། གཤིས་ནུས་བཅས་ལ་ཞིབ་འཇུག 

(6)ཞི་གློག་གིས་དར་སྐུད་འཁེལ་བའི་བཟོ་རྩལ།

3_3 ཚི་སྣའི་རྒྱུ་ཆ།

(1)ཚི་སྣ་རྒྱུ་ཆར་གདེང་འཇོག་དང་ཡང་བསྐྱར་བཀོལ་སྤྱོད་བྱེད་པའི་ཚད་གཞི། 

(2)འཁེལ་འཐག་ཚི་སྣའི་རྒྱུ་ཆ་དོར་བའི་ཞིབ་དཔྱད་ཚད་ལེན་དང་དཔྱད་དཔོག རིགས་འབྱེད་ལག་རྩལ། 

(3)ཚི་སྣའི་བེད་མེད་དངོས་རྫས་ཀྱི་བསྐྱར་སྐྱེད་ཐོན་རྫས་རིགས། 

(4)བེད་མེད་དངོས་རྫས་ལ་བརྟེན་པའི་ཐོན་ལས་ཀྱི་ཚི་སྣའི་འདྲེས་སྦྱོར་རྒྱུ་ཆའི་བྱེད་ནུས་ཚོད་ལེན། རྩིས་འཁོར་ལད་ཟློས་ལག་རྩལ། 

(5)འཁེལ་འཐག་རྒྱུ་ཆའི་འཁོར་སྐྱོད་དཔལ་འབྱོར་ལག་རྩལ་དབྱེ་ཞིབ་དང་ཆ་འཕྲིན་དྲ་བ། 

(6)མཐའ་མཚམས་ཀྱི་རང་བྱུང་ཚི་སྣའི་རྒྱུ་ཆ་བེད་སྤྱོད་བྱེད་པའི་ལག་རྩལ། 

3_4 འཁེལ་འཐག་གཤིས་བསྒྱུར། 

(1)འཁེལ་འཐག་ཚི་སྣ་དང་འཁེལ་འཐག་ཐོན་རྫས་སྣ་ཚོགས་ཀྱི་ངོ་བོ་བསྒྱུར་བའི་ཞིབ་འཇུག  དཔེར་ན། གྱེས་རྡུལ་མཚུངས་པའི་གཟུགས་ཀྱི་ལག་རྩལ་བེད་སྤྱད་དེ་ཏི་ལུན་དང་ཀའོ་ཆང་གི་ཚད་མཐོའི་སྨོ་འདུས་དབྱི་ཞི་སོགས་རྫས་འགྱུར་ཚི་སྣའི་སྒྱུར་བཅོས་རང་བཞིན་བྱས་ཏེ། དེའི་འཇིབ་འབྱར་གཤིས་ནུས་དང་འབྲེལ་མཐུད་གཤིས་ནུས་མཐོར་འདེགས་གཏོང་བ་སོགས་ལྟ་བུ། 

(2)སྨུག་ཕྱི་འོད་མཐུད་ལག་རྩལ། སོ་རྩའི་ཚི་སྣའི་ཚོས་རྒྱག་གཤིས་ནུས་དང་བྱེད་ནུས། རིག་ནུས་འཁེལ་འཐག་ཐོན་རྫས། 

(3)ལག་རྩལ་བཀོལ་ནས་དྲོད་གསོག་དྲོད་སྒྲིག་ཚི་སྣ་བཟོ་བ། དངོས་རྫས་ཁ་ཤས་ཀྱི་ཆུ་ལ་གཞིགས་ནས་སྣུམ་དང་གཉེར་མ་འགོག་ལ་ཚ་བ་མི་རྒྱག་པ་སོགས་ཀྱི་གཤིས་ནུས་ལ་བཟོ་བཅོས་རང་བཞིན་གྱི་ཞིབ་འཇུག 

(4)སྐྱེ་དངོས་གཤིས་འགྱུར་ལག་རྩལ་ཞིབ་འཇུག 

3_5 ཚོས་རྒྱག་ལག་རྩལ།

(1)ཚི་སྣའི་བཏགས་རྫས་ཀྱི་དྲོད་ཚད་དམའ་བའི་གྱེས་རྡུལ་མཚུངས་པའི་གཟུགས་ཀྱི་སྔོན་དུ་ཐག་གཅོད་བྱེད་པའི་ལག་རྩལ་ལ་ཞིབ་འཇུག་དང་། གྱེས་རྡུལ་མཚུངས་པའི་གཟུགས་ཀྱི་གཤིས་ཀར་དབྱེ་ཞིབ་བྱས་ཏེ། ཚོས་རྒྱག་པའི་གཤིས་ནུས་མཐོར་འདེགས་གཏོང་དགོས། 

(2)ཚོས་རྒྱག་པའི་རྐྱེན་རྩ་གསལ་སྟོན་དང་རྒྱུ་གཉིས་དང་གསུམ་ཕན་ཚུན་དོ་མཉམ་པའི་མ་ལག་དང་ཚོས་རྒྱག་པའི་གཤིས་ནུས་བར་གྱི་འབྲེལ་བར་དབྱེ་ཞིབ། ཚོས་རྒྱག་པའི་དཔེ་དབྱིབས་འཛུགས་པ་དང་ཆ་ཚང་བའི་ཚོས་རྒྱག་པའི་རིགས་པའི་གཞུང་ལུགས་ཀྱི་མ་ལག་འཛུགས་པ། 

(3)འགྱུར་མཚམསCO2ལས་བརྒལ་བའི་ཚོས་རྒྱག་ལ་འཚམ་པའི་ཆེད་སྤྱོད་ཚོས་རྒྱུ་དང་བཟོ་སྐྲུན་ཅན་གྱི་ཚོས་རྒྱག་སྒྲིག་ཆས་ལ་ཞིབ་འཇུག་བྱེད་པ་དང་། ཐོར་བའི་ཚི་སྣ་དང་གྱོན་གོས།གྲུབ་མང་བའི་ཚི་སྣའི་རྒྱུ་ཆ་སོགས་སྐྱེ་ཁམས་འཁལ་འཐག་ཐོན་རྫས་གསར་སྤེལ་བྱེད་དགོས། 

3_6 སྐྱེ་དངོས་ལག་རྩལ།

(1)དམིགས་བསལ་གྱི་བྱེད་ནུས་ལྡན་པའི་འབུ་ཕྲའི་རིགས་འདུལ་གསོ་བྱེད་པ་དང་། སྐྱེ་དངོས་ཕྲ་རབ་ཀྱི་རྙིང་ཚབ་གསར་བྱེད་ཀྱི་ཐབས་ལམ་ལ་དབྱེ་ཞིབ་བྱེད་པ། འཁེལ་ཐག་སྐྱེ་དངོས་རྩབས་ཀྱི་རྒྱུད་རྒྱུ་རྒྱུད་བཤུས་དང་མཚོན་ཐབས་ལ་ཞིབ་འཇུག་བྱེད་པ། 

(2)འཁེལ་འཐག་སྐྱེ་དངོས་ཀྱི་ནུས་པའི་རྐྱེན་རྩར་ཞིབ་འཇུག་བྱས་ཏེ། ཕྲ་ཕུང་འགྱུར་སྐུལ་གྱི་སྐྱེ་དངོས་འཕོ་འགྱུར་དང་། རྒྱན་དང་འདྲེས་གྲུབ་གྱི་ཆོས་ཉིད། གཏན་འཇགས་ཅན་གྱི་ཕྲ་ཕུང་དང་གཏན་འཇགས་ཅན་གྱི་འགྱུར་འབྱུང་མ་ལག་གི་རྐྱེན་སྲོལ། 

(3)སྐྱེ་དངོས་རྩབས་ཀྱི་བསྐྱར་སྡེབ་ཇུས་གཞི་ལེགས་སྒྱུར་བྱས་ཏེ། འཁེལ་འཐག་ཆེད་སྤྱོད་རྩབས་ཀྱི་ལས་སྣོན་སྨན་རྫས་དང་འབོར་ཆེན་བསྙལ་བའི་ཐོན་རྫས་ཐོན་སྐྱེད་སྲིན་འབུ། ཐོན་རྫས་ཞིབ་སྦྱང་དང་ལེགས་སྒྲིག བཟོ་རྩལ། ཚི་སྣ་དང་འཁལ་འཐག་ཐོན་རྫས་ཀྱི་གཤིས་ནུས་མཐོར་འདེགས་བྱེད་ཐུབ། 

(4)སྐྱེ་དངོས་ཀྱི་འདྲེས་སྦྱོར་ལག་རྩལ་བེད་སྤྱད་ནས་སྨན་བཅོས་དང་ཞིང་སྤྱོད། དམངས་སྤྱོད་བཅས་ཀྱི་དབྱེ་ཕྲལ་ཐུབ་པའི་རྒྱུ་ཆ་གསར་པ་གསར་སྤེལ་བྱས་ཏེ་འཁེལ་འཐག་རྒྱུ་ཆ་བེད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་དགོས། 

3_7 ལྗང་མདོག་འཁེལ་འཐག

ཞིབ་འཇུག་འདིའི་ནང་དུ་ཕན་ནུས་ཆེ་བའི་མདོག་བསྒྱུར་རོགས་རྫས་དང་ཁོར་ཡུག་སྲུང་སྐྱོང་ཅན་གྱི་མདོག་བསྒྱུར་རོགས་རྫས་འདུས། དེ་དང་མཉམ་དུ། ཅཱ་ཆོན་མེད་པ་དང(GEO)མི་འདུས་པ། སྐྱེ་དངོས་འབྱེད་ཐུབ་པ། དུག་མེད་པ། ཉེན་ཁ་མེད། ཐཱན་ཉུང་ཅན་བཅས་ཡིན།

3_8 སྐྱེ་ཁམས་ལག་རྩལ།

ཞིབ་འཇུག་འདིའི་ནང་གཙོ་བོ་ཆུ་མེད་པའམ་ཡང་ན་ཆུ་ཉུང་ཚོས་རྒྱག ཚོས་མེད་མདོག་གསར། སྨྱུག་ཕྱིའི་འོད་འབྲེལ་ཚོས་གསེར། རྩི་ཤིང་ཚོས་ལེན་དང་ཚོས་རྒྱག་སོགས་ཕན་ནུས་ཆེ་བའི་ནུས་ཁུངས་གྲོན་ཆུང་གི་ཚོས་རྒྱག་དང་གཙང་སྒྱུར་གྱི་ཚོས་རྒྱག་ལག་རྩལ་ཚུད་ཡོད། 

(1)ཆུ་མེད་པའམ་ཆུ་ཉུང་ཚོས་བསྒྱུར། འགྱུར་མཚམས་ཀྱི་དབྱང་གཉིས་ཐན་རྫས་ཚོས་རྒྱག་པའི་ལག་རྩལ། ཚོས་རྒྱག་པའི་ལག་རྩལ། 

(2)ཚོས་མེད་མདོག་གསལ། སྤྲི་དཀར་ཚི་སྣའི་ཚོས་མེད་མདོག་མངོན་ལག་རྩལ། 

(3)རྩི་ཤིང་གི་ཚོས་རྒྱག་སྟངས་ཞིབ་འཇུག་དང་། རྩི་ཤིང་གི་རང་བྱུང་ཚོས་ལེན། གྲུབ་ཚུལ་དབྱེ་ཞིབ། ཚོས་རྒྱག་བཟོ་རྩལ་བཅས་ཡིན། 

(4)ཕན་ནུས་ཆེ་ཞིང་ནུས་ཁུངས་གྲོན་ཆུང་གི་ཚོས་རྒྱག་པ། སྨུག་ཕྱིའི་ཐིག་འཕྲོས་ནས་ཚོས་རྒྱག་དང་། ཐུང་རིམ་ཚོས་རྒྱག་པའི་བཟོ་རྩལ། དམར་ཕྱིའི་ཐིག་གི་རི་མོ་པར་འདེབས་ཐོག་ཚོས་རྒྱག་ཐབས་བཅས་ཡིན། 

(5)ཚོས་རྒྱག་པའི་བཟོ་རྩལ། རི་མོ་པར་འདེབས་ལག་རྩལ། གྱེས་རྡུལ་མཚུངས་པའི་ཚི་སྣའི་ཕྱི་ངོས་བཅོས་པའི་ལག་རྩལ། 

3_9 བྱེད་ལས་རང་བཞིན་གྱི་འཁལ་འཐག་ཐོན་རྫས། 

གསར་དར་དང་ལྗང་མདོག་གི་བྱེད་ལས་རང་བཞིན་གྱི་ལེགས་སྒྲིག་རྫས་དང་ཚི་སྣའི་རང་བཞིན་གྱི་ལག་རྩལ་བེད་སྤྱད་ནས་ལུས་ཁམས་བདེ་སྲུང་དང་བདེ་སྐྱིད། འཕྲོད་བསྟེན། འགོག་སྲུང་སོགས་ཀྱི་ནུས་པ་ལྡན་པའི་མིའི་རིགས་དང་ཁོར་ཡུག་མཛའ་མཐུན་རྣམ་པའི་འཁལ་འཐག་ཐོན་རྫས་གསར་སྤེལ་བྱེད་དགོས། 

3_10 ​སྙིགས་ཆུ་བསྐྱར་སྤྱོད།

(1)འཁེལ་འཐག་སྙིགས་ཆུ་ཐག་གཅོད་རྒྱུ་ཆ་དང་ལག་རྩལ། འཇིབ་འབྱར་ཐབས་སོགས་ཀྱིས་ཆུ་སྙིགས་ནང་ཚོས་འགྱུར་རྒྱུ་ཆ་དང་ལྕི་བའི་ལྕགས་རིགས་ཀྱི་ཐག་གཅོད་དང་ཕྱིར་བསྡུ་བྱ་བ།  འཇིབ་བྱེད་ཞིབ་འཇུག་བྱས་ནས་འདྲེས་གྲུབ་བྱེད་ཐབས་བཀོལ་དགོས། 

(2)འཁེལ་འཐག་སྙིགས་རྫས་ཀྱི་སྦགས་བཙོག་ཚོད་འཛིན་དང་ཐོན་ཁུངས་ཅན་དུ་བསྒྱུར་ནས་བེད་སྤྱོད་བྱེད་པའི་ལག་རྩལ། བེད་མེད་དངོས་པོ་ཕྱིར་འབུད་མི་བྱེད་པའམ་ཕྱིར་འབུད་ཉུང་ཙམ་བྱེད་པའི་བྱེད་ཐབས་གསར་བ། བཟོ་རྩལ་གསར་པ་བཅས་ལ་ཞིབ་འཇུག་བྱེད་པ། 

4 རིག་ཚན་ཨང་རིམ།

0058 ཐེན་ཅིན་བཟོ་ལས་སློབ་ཆེན། 

A+ 

10255 ཏུང་ཧྭ་སློབ་ཆེན། 

10285  སུའུ་ཀྲུའུ་སློབ་ཆེན། 

B+ 

10295 འབྲི་ཆུའི་ལྷོ་རྒྱུད་སློབ་ཆེན། 

10338 ཀྲེ་ཅང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན། 

10495 ཝུའུ་ཧན་འཁེལ་འཐག་སློབ་ཆེན། 

B- 

10709 ཞི་ཨན་བཟོ་སྐྲུན་སློབ་ཆེན། 

C+ 

11065 ཆིང་ཏའོ་སློབ་ཆེན། 

10152 ཏ་ལེན་བཟོ་ལས་སློབ་ཆེན། 

10465 ཀྲུང་ཡོན་བཟོ་ལས་སློབ་གླིང་། 

10610 སི་ཁྲོན་སློབ་ཆེན། 

དཔྱད་གཞིའི་ཡིག་ཆ།