ཏང་གི་ཚོགས་ཆེན་ཐེངས་བཅུ་དྲུག་པས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་གྱི་བྱ་གཞག་བསྐྱར་དར་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་བཀོད་སྒྲིག་ལ་དམིགས་ཏེ། དཔལ་འབྱོར་དང་ཆབ་སྲིད། ཚན་རིག་སློབ་གསོ། རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བའི་ཕྱོགས་བཞིའི་ཐད་ནས་སྤྱི་ཚོགས་རིང་ལུགས་ཀྱི་འབྱོར་འབྲིང་གི་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བརྗིད་ཉམས་ཆེ་བའི་དམིགས་འབེན་བཏོན་པ་རེད།
སྙན་ཞུའི་ནང་སྤྱི་ཚོགས་རིང་ལུགས་ཀྱི་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པར་ངེས་པར་དུ“མི་རིགས་ཡོངས་ཀྱི་བསམ་བློ་ཀུན་སྤྱོད་ཀྱི་བྱང་ཚད་དང་། ཚན་རྩལ་རིག་གནས་ཀྱི་བྱང་ཚད། བདེ་ཐང་གི་སྤུས་ཚད་བཅས་མངོན་གསལ་དོད་པོས་མཐོ་རུ་བཏང་ནས་དེང་རབས་ཀྱི་རྒྱལ་དམངས་སློབ་གསོའི་མ་ལག་དང་། ཚན་རྩལ་དང་རིག་གནས་གསར་གཏོད་མ་ལག དམངས་ཡོངས་ཀྱི་ལུས་སྦྱོང་དང་སྨན་བཅོས་མ་ལག་བཅས་འཐུས་སྒོ་ཚང་ཙམ་ཞིག་ཆགས་པ་བྱེད་དགོས་ཞེས་ཁ་གསལ་བཏོན་ཡོད། མི་དམངས་ལ་སློབ་གསོ་ལེགས་པོ་དང་ལེན་བྱེད་པའི་གོ་སྐབས་ཡོད་པ་དང་། མཐོ་རིམ་སློབ་འབྲིང་དུས་རིམ་གྱི་སློབ་གསོ་གཞི་རྩའི་ཆ་ནས་ཁྱབ་གདལ་བཏང་སྟེ་ཡིག་རྨོངས་བསལ་དགོས་ལ། དམངས་ཡོངས་ཀྱིས་སློབ་སྦྱོང་བྱེད་པ་དང་ཚེ་གང་པོར་སློབ་སྦྱོང་བྱེད་པའི་སློབ་སྦྱོང་ཅན་གྱི་སྤྱི་ཚོགས་སུ་འགྱུར་བར་བྱས་ཏེ་མི་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ཚོགས་ཆེན་ཐེངས་བཅུ་དྲུག་པའི་ཐོག་འདི་ལྟ་བུའི་ཤོག་ངོས་ཆེན་པོའི་ཐོག་ནས་ཚན་རྩལ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་སྤྱིའི་དམིགས་འབེན་ཁྲོད་ཀྱི་སློབ་གསོའི་གོ་གནས་རྒྱས་བཤད་བྱེད་ཐུབ་པ་འདིས་ཏང་ཀྲུང་དབྱང་གི་འགོ་ཁྲིད་ཐུན་མོང་གིས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་། ཚན་རྩལ་དང་སློབ་གསོ་ལ་དེ་སྔའི་ལོ་རྒྱུས་ཀྱི་དུས་སྐབས་གང་ཞིག་ལས་ཀྱང་གལ་འགངས་ཆེ་བའི་འཐབ་ཇུས་ཀྱི་གོ་གནས་ལྡན་པ་གསལ་བཤད་བྱས་ཡོད།
སློབ་གསོ་པུའུ་ཡི“ས་གཤིས་གཏེར་རྫས་རིག་གཞུང་ཚན་ཁག་སློབ་ཁྲིད་སློབ་སྟོན་ཨུ་ཡོན་ལྷན་ཁང་གི་ས་གཤིས་བཟོ་བཀོད་ཡན་ལག་མཐུན་ཚོགས”ཀྱིས་སྤྱི་ལོ2004ལོའི་ཟླ9པར་ཝུའུ་ཧན་གྲོས་ཚོགས་ཐོག གྲོས་བསྡུར་གང་ལེགས་བྱས་པ་བརྒྱུད། སློབ་གསོ་པུའུ་ཡིས་སྤྲད་པའི་སྤྱིར་བཏང་གི་ཆེད་ལས་དཀར་ཆག་ཁྲོད་ཀྱི་བཟོ་རིག་ས་གཤིས་ཆེད་ལས་དེ“ཐོན་ཁུངས་རྩད་ཞིབ་བཟོ་སྐྲུན”དང་“རྩད་ཞིབ་ལག་རྩལ་བཟོ་སྐྲུན”ཆེད་ལས2དང་ཁྲིད་སྟོན་རང་བཞིན་གྱི་དཀར་ཆག་ཁྲོད་བཟོ་རིག་ས་གཤིས་ཆེད་ལས་དེ“ས་གཤིས་བཟོ་སྐྲུན”ཆེད་ལས་ཁྲོད་གཅིག་གྱུར་བྱས་ཡོད། དེ་བས། ས་གཤིས་ཐོན་ཁུངས་དང་ས་གཤིས་བཟོ་སྐྲུན་ཆེད་ལས་ཞེས་པའི་མིང་འདི་བཀོལ་ནས་སྔོན་གྱི་ས་གཤིས་བཟོ་བཀོད་ཀྱི་ཆེད་ལས་ཀྱི་ཚབ་བྱེད་པའི་གྲོས་གཞི་བཏོན།
རིག་གཞུང་ཚན་ཁག་འཕེལ་རྒྱས་ཀྱི་བསམ་ཕྱོགས། ཚན་རིག་གི་དམིགས་འབེན་སྔར་བས་མདོར་བསྡུས་དང་སྦྱོང་བརྡར། ཁྱོན་ཡོངས་ནས་ཚོགས་པའི་འཛུགས་སྐྲུན་ལ་ཤུགས་སྣོན། ཚོད་ལྟ་ཞིབ་འཇུག་གི་ཆ་རྐྱེན་འཛུགས་སྐྲུན། རྒྱལ་སྤྱིའི་མཉམ་ལས་དང་ཟུང་འབྲེལ་བྱས་ཏེ། ཚན་ཞིབ་སློབ་ཁྲིད་གལ་ཆེ་མཉམ་བརྩི་སོགས་ཀྱི་བྱེད་ཐབས་བརྒྱུད། རིག་གཞུང་ཚན་ཁག་གི་སྐྱེ་ཁམས་གྲུབ་ཚུལ་བཟང་པོ་འཛུགས་པ་དང་། རིག་གཞུང་ཚན་ཁག་གི་ལྟེ་བའི་འགྲན་རྩོད་བྱེད་ནུས་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ། རིག་གཞུང་ཚན་ཁག་འཛུགས་སྐྱོང་དང་དོ་དམ་ལ་ཤུགས་སྣོན་རྒྱག་པ། རིག་གཞུང་གི་ངང་ཚུལ་བཟང་པོ་བསྐྲུན་པ། ཐོག་མ་ཉིད་ཀྱི་གསར་གཏོད་གྲུབ་འབྲས་ཞིབ་འཇུག་གསར་སྤེལ་བྱེད་པར་སྐུལ་འདེད་གཏོང་བ། རིག་གཞུང་ཚན་ཁག་འདིར་རྒྱལ་ཁབ་ཀྱི་ཚན་རིག་ཞིབ་འཇུག་རྣམ་གྲངས་དང་བཟོ་སྐྲུན་གལ་ཆེན་སྒྲིག་འཛུགས་དང་། སྒྲུབ་འགན་འཁུར་བ། དེར་ཞུགས་པ་བཅས་བྱེད་པའི་ནུས་པ་ཆེ་རུ་གཏོང་བ། རིག་གཞུང་ཚན་ཁག་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ནས་རིམ་གྲས་མཐོ་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་སྤུས་ཚད་འགན་སྲུང་བྱ་དགོས།
སྤྱི་ལོ1952ལོར་རྒྱལ་ཁབ་སློབ་གསོ་པུའུ་ཡིས་རྒྱལ་དམངས་དཔལ་འབྱོར་འཕེལ་རྒྱས་ཀྱི་དགོས་མཁོ་ལྟར། རྒྱལ་ནང་གི་སློབ་ཆེན་དང་ཆེད་སྦྱོང་སློབ་གླིང་སོ་སོའི་འབྲེལ་ཡོད་ཆེད་ལས་ལ་ལེགས་སྒྲིག་བྱས་ཏེ། ས་གཤིས་རིགས་ཀྱི་ཆེད་ལས་ཡོད་པའི་སློབ་གྲྭ་སྐོར་ཞིག་བཙུགས། ས་གཤིས་རིགས་ཀྱི་ཆེད་ལས་དབྱེ་བ་ཅུང་ཞིབ་ཅིང།རྗེས་ཕྱོགས་ཀྱི་འཕེལ་རྒྱས་གོ་རིམ་ཁྲོད་དུ་ཡང་སྔ་གཞུག་ཏུ་ཆེད་ལས་གསར་བ་འགའ་བཙུགས།
དུས་རབས20པའི་ལོ་རབས90པའི་ནང་བཟོ་རིག་རིགས་ཀྱི་ས་གཤིས་དང་འབྲེལ་ཡོད་ཀྱི་ཆེད་ལས་ཀྱང10ལྷག་ཡོད། སྤྱི་ལོ1998ལོར་རྒྱལ་ཁབ་སློབ་གསོ་ཨུ་ཡོན་ལྷན་ཁང་གིས་སྤྲད་པའི་ཁྲིད་སྟོན་རང་བཞིན་གྱི་དཀར་ཆག་ནང་། བཟོ་རིག་གི་ས་གཤིས་རིགས་ཀྱི་ཆེད་ལས་ཚང་མ་ཆེད་ལས་ཆེན་པོ་ཞིག་ཏུ་ཟླ་སྒྲིལ་བྱས་པ་སྟེ། ས་གཤིས་ཐོན་ཁུངས་དང་ས་གཤིས་བཟོ་སྐྲུན་ཡིན།
སྤྱི་ལོ1952ལོར་རྒྱལ་ཁབ་སློབ་གསོ་པུའུ་ཡིས་རྒྱལ་དམངས་དཔལ་འབྱོར་འཕེལ་རྒྱས་ཀྱི་དགོས་མཁོར་གཞིགས་ནས། རྒྱལ་ནང་གི་སློབ་ཆེན་དང་ཆེད་སྦྱོང་སློབ་གླིང་སོ་སོས་ས་གཤིས་རིགས་ཀྱི་ཆེད་ལས་ཡོད་པའི་སློབ་གྲྭ་འབོར་ཆེན་ཞིག་རྩ་འཛུགས་བྱས་ཤིང་། ས་གཤིས་རིགས་ཀྱི་ཆེད་ལས་དབྱེ་བ་ཅུང་ཞིབ་ཚགས་ཡིན་ལ། སྔ་གཞུག་ཏུ་ཡང་ཆེད་ལས་གསར་བ་འགའ་བཙུགས།
དུས་རབས20པའི་ལོ་རབས90པར་བསླེབས་དུས། རང་རྒྱལ་དུ་ས་གཤིས་རིགས་ཀྱི་ཆེད་ལས་ལྡན་པའི་སློབ་གྲྭ61ཡོད་པ་དང་པུའུ་ཨུ15དང་། ལས་རིགས་ཀུང་སི8དང་ཞིང་ཆེན་དང་གྲོང་ཁྱེར་གྱི་སྲིད་གཞུང་བཅས་ཀྱི་ཁོངས་སུ་གཏོགས། དེའི་ཁྲོད་དུ་བཟོ་རིག་རིགས་ཀྱི་ས་གཤིས་ཆེད་ལས15ཡས་མས་ཡོད།
སྤྱི་ལོལ1993ལོར་རྒྱལ་ཁབ་སློབ་གསོ་ཨུ་ཡོན་ལྷན་ཁང་གིས《མཐོ་རིམ་སློབ་གྲྭ་དཀྱུས་མའི་དངོས་གཞི་ཚན་ཁག་གི་ཆེད་ལས་དཀར་ཆག་དང་ཆེད་ལས་ངོ་སྤྲོད་མདོར་བསྡུས》ཞེས་པ་ཁྱབ་བསྒྲགས་བྱས་པ་དང་། བཟོ་རིག་རིགས་ཀྱི་ས་གཤིས་དང་འབྲེལ་ཡོད་ཀྱི་ཆེད་ལས་ཀྱང10ལྷག་ཡོད། གཙོ་བོ་གཏེར་ཁ་ས་གཤིས་རྩད་ཞིབ་དང་། ཆུ་དཔྱད་ས་གཤིས་དང་བཟོ་བཀོད་ས་གཤིས། སའི་གོ་ལའི་དངོས་ལུགས་བཀོལ་སྤྱོད། སའི་གོ་ལའི་རྫས་འགྱུར། རྩད་ཞིབ་བཟོ་སྐྲུན། རྡོ་སྣུམ་བཟོ་སྐྲུན། རྡོ་སྣུམ་དང་རང་བྱུང་སོལ་རླངས་ས་གཤིས་རྩད་ཞིབ་སོགས་ཀྱི་ཆེད་ལས་ཡོད།
ཀྲུང་གོས་ས་གཤིས་བཟོ་སྐྲུན་ཆེད་ལས་ཀྱི་སློབ་གྲྭ་ཆེན་མོ་འཛུགས་གཉེར་བྱས་ཡོད་ཅིང་། ཀྲུང་ནན་སློབ་ཆེན། ལྷོ་ནུབ་ཚན་རྩལ་སློབ་ཆེན། ཞི་ཨན་ཚན་རྩལ་སློབ་ཆེན། ཁྲང་ཨན་སློབ་ཆེན། ཨན་ཧུའེ་རང་བྱུང་རིག་པ་དང་བཟོ་སྐྲུན་སློབ་ཆེན། ཧྲན་ཏུང་ཚན་རྩལ་སློབ་ཆེན། ཧོ་ནན་རང་བྱུང་རིག་པ་དང་བཟོ་སྐྲུན་སློབ་ཆེན། ཧོ་ཧའེ་སློབ་ཆེན། ཧྭ་བྱང་ཆུ་བེད་ཆུ་གློག་སློབ་ཆེན། ཀྲུང་གོའི་གཏེར་ལས་སློབ་ཆེན། ལྷོ་ནུབ་འགྲིམ་འགྲུལ་སློབ་ཆེན། ཁྲུང་ཆིང་འགྲིམ་འགྲུལ་སློབ་ཆེན། ཀྲུང་གོའི་རྡོ་སྣུམ་སློབ་ཆེན། ཧོ་པེ་ས་གཤིས་སློབ་ཆེན། ཐུང་ཅི་སློབ་ཆེན། ནན་ཅིང་སློབ་ཆེན། ལན་ཀྲོའུ་སློབ་ཆེན་སོགས་ཡོད།
ནན་ཏན་གྱིས་བཤད་ན། ཕྱི་རྒྱལ་གྱི་མཐོ་རིམ་སློབ་གྲྭ་ཆེན་མོའི་ནང་དུ་ས་གཤིས་ཐོན་ཁུངས་དང་ས་གཤིས་བཟོ་བཀོད་ཀྱི་ཆེད་ལས་མེད་པ་དང་། ས་གཤིས་བཟོ་ལས་སྡེ་ཁག་གི་སློབ་གསོ་ནི་སྤྱིར་བཏང་དུ་བཟོ་བཀོད་ཁྱབ་ཁོངས་སུ་བགོས་ཡོད་ལ། ས་གཤིས་རིགས་ཀྱི་ཆེད་ལས་ནི་ཕལ་ཆེར་ཞིབ་བགོས་བྱས་མེད་པས། ས་གཤིས་རིག་པའམ་སའི་གོ་ལའི་ཚན་རིག་གི་ཆེད་ལས་མ་གཏོགས་བཙུགས་མེད། བཙུགས་ཟིན་པའི་སློབ་ཚན་ནི་གྲངས་རིག་དང་དངོས་ལུགས། རྫས་འགྱུར་སོགས་རྨང་གཞི་ལས་གཞན། གཙོ་བོ་ས་གཤིས་རིག་ཚན་གྱི་རྩ་བའི་རིག་པའི་རིགས་ཀྱི་སློབ་ཚན་ཡིན་ལ། དཔེར་ན། ས་གཤིས་རིག་པ་དང་གཏེར་རྫས་རིག་པ། བྲག་རྡོ་རིག་པ། གཏེར་ཁ་རིག་པ། ཆགས་ཚུལ་ས་གཤིས་རིག་པ། གནའ་རབས་སྐྱེ་དངོས་དང་ས་རིམ་རིག་པ། སའི་གོ་ལའི་དངོས་ཁམས། སའི་གོ་ལའི་རྫས་འགྱུར་རིག་པ། ཁོར་ཡུག་ས་གཤིས་རིག་པ། ཤེལ་གཟུགས་རིག་པ། ས་དབྱིབས་རིག་པ་སོགས་ཀྱི་བྱེད་ཐབས་ནི་ལག་རྩལ་རིགས་ཀྱི་སློབ་ཚན་ཅུང་ཉུང་བ་རེད།
ཐོག་མར་ཀྲུང་གོའི་དཔལ་འབྱོར་སྒྲིག་གཞི་དེ་འཆར་ལྡན་དཔལ་འབྱོར་ནས་ཚོང་རའི་དཔལ་འབྱོར་ལ་འཕོ་འགྱུར་འབྱུང་བཞིན་ཡོད་པ་མ་ཟད། ཚོང་རའི་དཔལ་འབྱོར་གྱི་སྒྲིག་གཞི་ཡང་རིམ་བཞིན་འཐུས་ཚང་དུ་འགྲོ་བཞིན་ཡོད། ལྷག་པར་དུ་ཀྲུང་གོWTOནང་དུ་ཞུགས་རྗེས། ས་གཤིས་བཟོ་ལས་སྡེ་ཁག་གི་སློབ་གསོ་དེ་སྔོན་མར་ཁ་ཕྱོགས་པའི་གཏེར་ཁའི་ལས་རིགས་ཀྱང་སྒྲིག་སྲོལ་སྟེང་གི་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་འབྱུང་བཞིན་ཡོད། རྒྱལ་ཁབ་མངའ་ཁོངས་ཐོན་ཁུངས་པུའུ་ཡི་སྲིད་གཞུང་གི་འགན་ནུས་དང་འཁོར་སྐྱོད་ནང་རྐྱེན་ནི་སྔོན་གྱི་ས་གཤིས་གཏེར་རྫས་པུའུ་དང་གཏན་ནས་མི་འདྲ། ཐོན་ཁུངས་རྩད་ཞིབ་དང་གསར་སྤེལབཟོ་སྐྲུན། གཞི་རྩའི་འཛུགས་སྐྲུན་ཁྲོད་ཀྱི་བཟོ་བཀོད་ས་གཤིས་ཚོང་ར་སོགས་ནི་ཚོང་རའི་དཔལ་འབྱོར་ཆོས་ཉིད་ཀྱིས་ཁ་ལོ་བསྒྱུར་བཞིན་ཡོད་ལ། ཐོན་ཁུངས་ཀྱི་ལྟ་ཞིབ་ཚད་ལེན་དོ་དམ་དང་། སྲུང་སྐྱོང་དང་བགོ་བཤའ། ས་གཤིས་བཟོ་སྐྲུན་རྣམ་གྲངས་ཀྱི་སྤུས་ཀར་ལྟ་སྐུལ་དང་དཔྱད་འཇོག་བཅས་ནི་སྲིད་གཞུང་སྡེ་ཁག་གིས་འབྲེལ་ཡོད་ཀྱི་ཐོན་ཁུངས་སྲིད་ཇུས་དང་ཁྲིམས་སྲོལ་གཏན་འབེབས་བྱེད་པར་བརྟེན་ནས་སྙོམས་སྒྲིག་བྱ་དགོས།
ས་གཤིས་རིགས་ཀྱི་ཆེད་ལས་སློབ་གྲྭ་བཙུགས་ཡོད་པའི་སློབ་མ་སྤྱི་དང་། ལྷག་པར་དུ་ཕྱོགས་བསྡུས་རང་བཞིན་གྱི་སློབ་གྲྭ་ཆེ་བའི་ས་གཤིས་རིགས་ཀྱི་ཆེད་ལས་ཀྱི་སློབ་མ། མང་ཆེ་བ་ནི་དར་རྒྱས་འགྲོ་བཞིན་པའི་ས་ཁུལ་གྱི་གྲོང་གསེབ་ནས་ཡིན་པ་དང་། སློབ་མའི་སྤུས་ཚད་བལྟོས་བཅས་ཀྱིས་ཞན་པ། སློབ་མའི་གྲངས་འབོར་ཉུང་བ། སློབ་གྲྭས་སློབ་མ་བསྡུ་སྐབས་གདམ་ག་བྱ་ཡུལ་མེད་པ་བཅས་རེད།དེ་ལྟ་བུའི་སློབ་མ་གསོ་སྐྱོང་བྱེད་པའི་བརྒྱུད་རིམ་ནང་དམིགས་བསལ་རང་བཞིན་ལྡན་པས་སློབ་གསོ་དང་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ནང་འབད་བརྩོན་དེ་བས་ཆེ་བ་བྱེད་དགོས། ས་གཤིས་བཟོ་རིག་རིགས་ཀྱི་དངོས་གཞི་ཚན་ཁག་གི་སློབ་ཁྲིད་ལས་ཀར་ཤུགས་སྣོན་རྒྱག་དགོས་ན་ངེས་པར་དུ“སློབ་ཁྲིད”དང“སློབ་གསོའི”ཕྱོགས་གཉིས་ནས་འགོ་བཙུགས་ཏེ་ཕྱོགས་གཅིག་ནས་དགེ་རྒན་གྱི་སློབ་ཁྲིད་ཧུར་སེམས་ཆེ་རུ་གཏོང་དགོས་པ་དང་། ཕྱོགས་གཞན་ཞིག་ནས་སློབ་མའི་སློབ་སྦྱོང་གི་རང་འགུལ་རང་བཞིན་ལ་ཤུགས་སྣོན་བྱས་ཏེ། མི་གཙོ་བོར་འཛིན་པ་དང་སློབ་སྦྱོང་གཙོ་བོར་འཛིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། ཆ་རྐྱེན་ལ་བརྟེན་ནས་དགེ་རྒན་གྱིས་སློབ་ཚན་བཀོད་སྒྲིག་བྱེད་པའི་སྣང་ཚུལ་མཐའ་གཅིག་ཏུ་འགོག་དགོས་པ་དང་ཡོད་ཚད་སློབ་མའི་ཆེད་ཡིན་དགོས་ལ།
དུས་རབས21པར་ས་གཤིས་བཟོ་རིག་རིགས་ཀྱི་ཆེད་ལས་ཤེས་ལྡན་མི་སྣའི་རེ་བ་ལ་དམིགས་ནས། ས་གཤིས་བཟོ་རིག་རིགས་ཀྱི་སློབ་གསོ་གསོ་སྐྱོང་གི་དམིགས་འབེན་ཁ་གསལ་བྱས་རྗེས། ང་ཚོས་སྔར་ལས་ལྷག་པར་གསོ་སྐྱོང་དམིགས་ཡུལ་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་གཙོ་བོ་རྒྱུས་ལོན་བྱ་དགོས།འདིས་གདེང་འཇོག་མ་ལག་གི་བྱེ་བྲག་གི་གྲུབ་ཚུལ་དང་དམིགས་ཚད་ཀྱི་ནང་དོན་ལ་གཞི་འཛིན་ས་འདོན་སྤྲོད་བྱ་ངེས། སློབ་གསོ་གསོ་སྐྱོང་གི་དམིགས་ཡུལ་འགྲུབ་པར་རྒྱུ་རྐྱེན་མང་པོའི་ཤུགས་རྐྱེན་ཐེབས་དགོས་ཤིང་། དེའི་རྒྱུ་རྐྱེན་གཙོ་བོ་ནི་སློབ་གྲྭ་དང་རིག་གཞུང་ཚན་ཁག་གི་གཞི་རྩའི་འཛུགས་སྐྲུན་དང་དགེ་རྒན་དཔུང་ཁག དོ་དམ་ཆུ་ཚད། དངོས་སྦྱོང་བྱ་ཡུལ། ཚོད་ལྟའི་སྒྲིག་ཆས།དཔེ་དེབ་དཔྱད་ཡིག་སོགས་ཡིན། སློབ་ར་དང་རིག་ཚན་གྱི་གཞི་རྩའི་འཛུགས་སྐྲུན་གྱིས་སློབ་ཁྲིད་སྤུས་ཚད་ལ་ཤུགས་རྐྱེན་ཐེབས་རྒྱུ་ནི་སྨོས་མི་དགོས་པ་ཞིག་རེད། དགེ་རྒན་གྱི་དཔུང་ཁག་ནི་སློབ་གསོ་དང་སློབ་ཁྲིད་ཀྱི་སྤུས་ཚད་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་གཙོ་བོར་དམིགས་ཏེ། ས་གཤིས་བཟོ་སྐྲུན་ཆེད་ལས་སློབ་གསོས་ཐོན་ཁུངས་རྩད་ཞིབ་དང་བཟོ་སྐྲུན་རྩད་ཞིབ། ཇུས་འགོད་ཨར་སྐྲུན།དོ་དམ་སོགས་ཀྱི་ཁྱབ་ཁོངས་སུ་ཐོན་ཁུངས་རྩད་ཞིབ་དང་གདེང་འཇོག བཟོ་སྐྲུན་སྣ་ཚོགས་འཛུགས་སྐྲུན་སོགས་ཐད་ཀྱི་ལས་ཀ་བྱེད་ཐུབ་པའི་མཐོ་རིམ་བཟོ་སྐྲུན་ལག་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་དམིགས་ཡུལ་དུ་བཟུང་སྟེ། དགེ་རྒན་གནས་སའི་སྤྱི་ཚོགས་ཀྱི་ལས་གནས་ཀྱི་ལག་ལེན་ཉམས་མྱོང་གིས་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་བར་ནུས་པ་གལ་ཆེན་ཐོན་གྱི་ཡོད་པས།སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་ལ་དཔྱད་དཔོག་བྱེད་པའི་བརྒྱུད་རིམ་ནང་མཐོང་ཆེན་བྱེད་དགོས་པའི་ལྷུ་ཚིགས་གཙོ་བོའི་གྲས་ཤིག་ཡིན། དོ་དམ་གྱི་ཆུ་ཚད་ནི་དོ་དམ་པའི་བྱང་ཚད་དང་དོ་དམ་སྒྲིག་སྲོལ་འཐུས་ཚང་ཚད་ཀྱི་ཕྱོགས་བསྡུས་མཚོན་ཚུལ་ཡིན་ཞིང་། དེས་སློབ་གསོ་དང་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་ཐུབ་ལ། བཀག་འགོག་གི་ནུས་པའང་ཐོན་སྲིད། འདི་ནི་དོ་དམ་དཔུང་ཁག་གི་བྱང་ཚད་དང་དོ་དམ་ལམ་ལུགས་ཀྱི་བཟང་ངན་ལ་གཞིགས་ནས་བཤད་པ་ཡིན། ལག་ལེན་གྱི་ཐོག་ནས་སློབ་གྲྭ་གཉེར་བའི་ཆ་རྐྱེན་ལེགས་སུ་བཏང་ནའང་འདྲ། ཡང་ན་དགེ་རྒན་གྱི་ཧུར་བརྩོན་རང་བཞིན་འདོན་སྤེལ་བྱས་ནའང་འདྲ། ཡང་ན་སློབ་མའི་སློབ་སྲོལ་ཡག་པོ་ཞིག་ཆགས་པ་དེ་གཉིས་ཀ་སློབ་གསོ་དང་སློབ་ཁྲིད་ཀྱི་དོ་དམ་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་འབྲེལ་བ་དམ་ཟབ་ཡོད་པ་ར་སྤྲོད་བྱུང་ཡོད།