ལི་ཆི།སྔ་མའི་པར་གཞི་དེ དཔལ་ལྷ་མོ།  ནས 2021-04-20 17:31ལ་འགྲུབ།

ལི་ཆི།

ལི་ཆི།
ལི་ཆི། སྤྱི་ལོ(1908—1938)མིང་དངོས་ལ་ཡོའུ་ཅན་ཏུའོ་ཟེར་བ་དང་། ཧུ་ནན་ཞིང་ཆེན་ཐའེ་ཁང་ནས་ཡིན། ཀྲུང་གུང་ཅའོ་ཏུང་ཆེད་ཨུའི་ཧྲུའུ་ཅི་དང་། ཐེན་ཧྥུའུ་ཧྲན་འོས་ལངས་ཀྱི་རྩ་འཛུགས་པ་གཙོ་བོ་དང་མགོ་ཁྲིད་པ་ཡིན། ཧྲན་ཏུང་མི་དམངས་འཇར་འགོག་རྒྱལ་སྐྱོབ་དམག་གི་ཅུན་གསུམ་པའི་སི་ལིང་དང་དམག་སྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཉིས་གཅིག་ལྕོགས་ཀྱི་འགན་བཞེས། སྤྱི་ལོ1925ལོར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་ཤིང་། སྤྱི་ལོ1934ལོར་ཧྲང་ཧའེ་རུ་གསང་བའི་ལས་ཀ་བྱེད་པར་ཕྱིན་པ་དང་། ཕྱི་ལོའི་ལོ་སྨད་དུ་ཏང་དང་འབྲེལ་བ་བྱེད་མ་ཐུབ། སྤྱི་ལོ1936ལོར་ཀྲུང་གུང་ཧུ་ནན་ཞིང་ཆེན་ཏང་ཨུའི་བྱ་བའི་ཏེང་རུའུ་ཞུན་གྱིས་ངོ་སྤྲོད་བྱས་པ་བརྒྱུད་ཝུན་ཏེང་དུ་བྱ་བ་སྒྲུབ་པར་སོང་། སྤྱི་ལོ1936ལོའི་ཟླ12པར་ངོ་ལོག་པས་གསང་བ་བསྒྲགས་པས་བློ་མཐུན་ལི་ཆི་སྟབས་མ་ལེགས་པར་ཡན་ཐའེ་ནས་འཛིན་བཟུང་བྱས། སྤྱི་ལོ1937ལོའི་ཟླ11པར་ཏང་རྩ་འཛུགས་བརྒྱུད་དེ་བཙོན་ཁང་ནས་ཕྱིར་བུད། ཟླ12པའི་ཚེས15ཉིན་ཀྲུང་གུང་ཧྲན་ཏུང་ཞིང་ཆེན་ཏང་ཨུའི་མཛུབ་སྟོན་ལྟར་ཡང་བསྐྱར་ཅའོ་ཏུང་ཆེད་ཨུ་ཡི་སྡོད་གནས་ཡུས་ཅ་ཀོའུ་རུ་སོང་ནས། ཆེད་ཨུའི་རྒྱས་འཛོམས་གྲོས་ཚོགས་བསྡུས་ནས་ཟླ12པའི་ཚེས24ཉིན་ཐེན་ཧྥུ་ཧྲན་འོས་ལངས་བྱེད་རྒྱུ་ཐག་བཅད། སྤྱི་ལོ1938ལོའི་ཟླ2པར་ལེ་ཧྲེན་ལྷ་ཁང(ཧྲན་ཏུང་མོའུ་ཕིང)དུ་སྐུ་གཤེགས། ལི་ཆི་སྐུ་གཤེགས་རྗེས་ས་གནས་དེ་གའི་ཀྲུང་གུང་རྩ་འཛུགས་དང་མང་ཚོགས་ཀྱིས་ཁོང་གི་སྐུ་ཕུང་ཧྲན་ཏུང་ཞིང་ཆེན་ཝུན་ཏེང་རྫོང་གི(ད་ལྟའི་ཝེ་ཧའེ་གྲོང་ཁྱེར་ཝུན་ཏེང་ཁུལ)ཚུའེ་ཅ་ཁོའུ་གྲོང་ཚོར་དུར་འཇུག་བྱས་ཡོད། སྤྱི་ལོ2014ལོའི་ཟླ9པའི་ཚེས1ཉིན་ཁོང་གི་མཚན་དེ་དམངས་སྲིད་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་ཁག་དང་པོའི་གྲགས་ཆེའི་འཇར་འགོག་སྔོན་གཤེགས་དཔའ་བོའི་ཚོགས་སྤྱིའི་མིང་གཞུང་ནང་བཀོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
理琪
བྱས་རྗེས་གཙོ་བོ།
ཐེན་ཧྥུའུ་ཧྲན་འོས་ལངས། དམངས་སྲིད་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གྲགས་ཆེའི་འཇར་འགོག་སྔོན་གཤེགས་དཔའ་བོ་དང་དཔའ་མོའི་ཚོགས་སྤྱིའི་མིང་གཞུང་ནང་བཀོད། ཉིང་ཏུའུ་གྱེན་ལངས།
མིང་གཞན།
ཡོའུ་ཅན་ཏུའོ།
སྐྱེས་ཡུལ།
ཧུ་ནན་ཞིང་ཆེན་ཐའེ་ཁང་།
རྒྱལ་ཁོངས།
ཀྲུང་གོ
དད་མོས།
གུང་ཁྲན་རིང་ལུགས།
མི་རིགས།
རྒྱ་རིགས།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1908—1938)
1 མི་ཚེའི་བརྒྱུད་རིམ།
1_1 བསླབ་པ་སློབ་གཉེར།

སྤྱི་ལོ1925ལོར་ཁའེ་ཧྥེང་གི་གསར་བརྗེའི་གནས་བབ་སྔར་ལས་འཕེལ་རྒྱས་བྱུང་བ་དང་། གུང་ཁྲན་ཏང་དང་གུང་གཞོན་ཚོགས་པའི་རྩ་འཛུགས་དང་དེའི་བྱེད་སྒོ་སྔར་ལས་འཁྲུག་ཆ་དོད་པ་དང་། ལི་ཆིས་སློབ་གྲྭར་སློབ་སྦྱོང་བྱེད་རིང་གུང་ཁྲན་ཏང་མི་དང་འབྲེལ་འདྲིས་བྱས།

ཟླ4པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། རྗེས་སུ་ཏང་གི་མངགས་གཏོང་ལྟར་ཕ་ཡུལ་དུ་ལོག་ནས་གསར་བརྗེའི་འཐབ་རྩོད་བྱས། ཏང་གི་གོ་གུང་མཉམ་ལས་དང་འཐབ་ཕྱོགས་གཅིག་གྱུར་གྱི་བྱེད་ཕྱོགས་ལྟར། ཁོང་གོ་མིན་ཏང་གིས་ཐའེ་ཁང་ཏང་པུའུ་འཛུགས་པའི་གྲ་སྒྲིག་ལ་ཞུགས། གསར་བརྗེའི་འཐབ་རྩོད་ཀྱི་ཆེད་དུ། ལོ་དེའི་སྟོན་ཁར། ཁོང་ཡང་བསྐྱར་ཐའེ་ཁང་རྫོང་དང་ཁ་བྲལ་ཏེ་ཁའེ་ཧྥེང་དུ་ཐོན་ནས་ཧྥེང་ཡུས་ཞང་གིས་བཙུགས་པའི་ནུབ་བྱང་དམག་གི་སྐུད་མེད་གློག་གི་སློབ་གྲྭར་རྒྱུགས་འཕྲོད། གསར་བརྗེ་ཆེན་པོ་ཕམ་རྗེས། ཏང་རྩ་འཛུགས་ཀྱི་བཀོད་སྒྲིག་ལྟར་ཁོང་སྔར་བཞིན་གོ་མིན་ཏང་གི་དམག་དཔུང་ནང་དུ་བསྡད་ནས་གུང་ཁྲན་ཏང་གི་གསང་བའི་བྱ་བ་བསྒྲུབས།

སྤྱི་ལོ1931ལོའི་དཔྱིད་ཀར། ལི་ཆི་གོ་མིན་ཏང་གི་དམག་དཔུང་དང་མཉམ་དུ་ཅང་ཞི་ལ་སོང་། དེ་གར་སུའུ་ཝེ་ཨེད་ས་ཁུལ་གྱི་དམག་དམངས་ལ་རོགས་རམ་བྱས་ནས་ལོག་སྤྱོད་ཕྱོགས་ཁག་གི་དམག་དོན“སྐོར་བཅོམ”རྡུལ་དུ་རློག་ཆེད་བྱས་རྗེས་བཞག

སྤྱི་ལོ1934ལོར་ཧྲང་ཧའེ་རུ་གསང་བའི་ལས་ཀ་བྱེད་པར་མངགས།

སྤྱི་ལོ1928ལོར། ཧྥེང་ཡུས་ཞང་གི་སྐུད་མེད་གློག་གི་སློབ་གྲྭར་སློབ་སྦྱོང་བྱས་པ་དང་། རྗེས་སུ་ཧྥེང་པུའུ་ཡི་ཚགས་པར་གྱི་ལས་ཀ་བྱས།

སྤྱི་ལོ1931ལོར་ཉིང་ཏུའུ་གྱེན་ལངས་ལ་ཞུགས།

སྤྱི་ལོ1934ལོར་ཧྲང་ཧའེ་རུ་ཏང་གི་གསང་བའི་ལས་ཀ་བྱེད་པར་སོང་། དེའི་ཕྱི་ལོར་ཏང་རྩ་འཛུགས་དང་འབྲེལ་བ་ཆད།

སྤྱི་ལོ1935ལོར་འཇར་པན་བཙན་འཛུལ་པའི་འདྲེ་ལག་ཧྭ་བྱང་དུ་བསྲིངས་ནས་མི་རིགས་ཀྱི་ཉམས་ཉེན་ཉིན་རེ་བཞིན་ཇེ་སྡུག་ཏུ་སོང་། ལོ་དེའི་ཟླ11པའི་ཚེས29ཉིན(ལུགས་རྙིང་གི་ཟླ11ཚེས4ཉིན)ཅའོ་ཏུང་མི་དམངས་ཀྱིས་ས་གནས་དེ་གའི་ཏང་རྩ་འཛུགས་ཀྱི་མགོ་ཁྲིད་འོག་ཏུ།“11·4”དྲག་པོའི་གྱེན་ལངས་རྒྱ་ཆེན་པོ་བྱས་ཤིང་། སྐབས་དེར་ཅའོ་ཏུང་ས་ཁུལ་གྱི“གཅིག་གཅིག་བཞི”གྱེན་ལངས་ཕམ་རྗེས། ཀྲུང་གུང་ཅའོ་ཏུང་དམིགས་བསལ་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲང་ལེན་ཀྲུའུ་ཚུད་པའི་ཏང་ཡོན་མང་པོ་འཛིན་བཟུང་བྱས་ཏེ་བསད། ཏང་གི་རྩ་འཛུགས་ལ་ཧ་ལམ་གཏོར་བཤིག་ཐེབས་ཡོད་ལ། རང་དང་རིམ་པ་མཉམ་པའི་ཏང་གི་རྩ་འཛུགས་བར་ཡང་འབྲེལ་བ་ཆད། ལྷག་མའི་ཏང་ཡོན་ལས་བྱེད་པ་ཁག་ཅིག་གིས་ཀྲུང་གུང་ཝུན་ཏེང་གནས་སྐབས་རྫོང་ཨུ་བཙུགས་ནས་མུ་མཐུད་དུ་འཐབ་རྩོད་རྒྱུན་འཁྱོངས་བྱས། ལི་ཆི་ཅའོ་ཏུང་དུ་ཡོང་རྗེས། སྟོད་གོས་རིང་པོ་ཕུད་ནས་ཞིང་པའི་གྱོན་ཆས་གྱོན་པ་དང་། མང་ཚོགས་ཀྱི་ཁྲོད་དུ་སོང་ནས་གནས་ཚུལ་རྒྱུས་ལོན་བྱས་ཏེ། ཏང་གི་རིམ་པ་སོ་སོའི་རྩ་འཛུགས་སླར་གསོ་བྱས་ནས་ཡང་བསྐྱར་གསར་བརྗེའི་སྟོབས་ཤུགས་གཅིག་ཏུ་བསྡུས། འོན་ཀྱང་གྱེན་ལངས་ལ་ཁྲག་དྲི་བྲོ་བའི་དྲག་གནོན་ཐེབས་པ་དང་། ཏང་རྩ་འཛུགས་ལ་གཏོར་བརླག་ཚབས་ཆེན་ཐེབས་པས་གསར་བརྗེ་ཉམས་རྒུད་དུ་གྱུར།

སྤྱི་ལོ1936ལོར། ཀྲུང་གུང་ཧུ་ནན་ཞིང་ཆེན་ཏང་ཨུས་ངོ་སྤྲོད་བྱས་པ་བརྒྱུད་ཅའོ་ཏུང་དུ་སླེབས་ཤིང་། ཁོང་དང་ཀྲང་ཞིའུ་ཅི་སོགས་རྐང་འཛིན་པ་དང་མཉམ་དུ་སྲོག་ཉེན་ལ་མ་འཛེམས་པར་གྲོང་ཚོ་དང་དུད་ཚང་དུ་སོང་ནས་འབྲེལ་བ་ཤོར་བའི་ཏང་ཡོན་བཙལ་ནས་ཏང་ཡོན་གསར་པ་བསྡུ་ལེན་བྱས་ཏེ་གསར་བརྗེའི་སྟོབས་ཤུགས་ཡང་བསྐྱར་བསྡུ་རུབ་བྱས་པར་མ་ཟད། ཅའོ་ཏུང་ཆེད་ཨུའི་མིང་ཐོག་ནས《ཅའོ་ཏུང་ཆེད་ཨུས་རིམ་པ་སོ་སོའི་ཏང་གི་བློ་མཐུན་ལ་བཏང་བའི་ཡི་གེ》ཞེས་པའི་ཟིན་བྲིས་བཀོད་དེ། ཀྲུང་གོ་དང་ཅའོ་ཏུང་ས་ཁུལ་གྱི་ཆབ་སྲིད་གནས་བབ་ལ་དབྱེ་ཞིབ་ཡང་དག་བྱས།

ཁོས་ཀྲུང་གུང་ཅའོ་ཏུང་གནས་སྐབས་དམིགས་བསལ་ཨུ་ཡོན་ལྷན་ཁང་བསྐྱར་འཛུགས་བྱས་པར་མ་ཟད། དམིགས་བསལ་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིར་བདམས། བར་སྐབས་དེར། ལི་ཆིས་ཅའོ་ཏུང་གི་གསར་བརྗེའི་འཐབ་རྩོད་ཀྱི་གནས་བབ་ལ་དམིགས་ནས་གསར་བརྗེའི་སྟོབས་ཤུགས་སླར་གསོ་དང་འཕེལ་རྒྱས་གཏོང་བའི་བྱེད་ཐབས་རབ་དང་རིམ་པ་སྤྱད། ཁོང་གི་མགོ་ཁྲིད་འོག་ཝུན་ཏེང་དང་། མུའུ་ཕིང་། རུང་ཁྲེང་སོགས་ཀྱི་འཇར་འགོག་རྒྱལ་སྐྱོབ་ལས་འགུལ་ཚ་ཚ་འུར་འུར་ངང་སྤེལ་བས། གུང་ཁྲན་ཏང་གིས་མང་ཚོགས་ཁྲོད་དུ་ཐེབས་པའི་ཤུགས་རྐྱེན་ཉིན་རེ་བཞིན་ཇེ་ཆེར་སོང་།

ལོ་དེའི་ཟླ12པར། ངོ་ལོག་པས་གསང་བ་བསྒྲགས་པས་ཅའོ་ཏུང་ཆེད་ཨུའི་ལས་ཁུངས་ལ་གཏོར་བརླག་ཐེབས། བློ་མཐུན་ལི་ཆི་སྟབས་མ་ལེགས་པར་ཡན་ཐའེ་ནས་འཛིན་བཟུང་བྱས། ཅི་ནན་བཙོན་ཁང་དུ་ཁོ་ལ་སྙིང་རྗེ་མེད་པའི་ཚ་འདྲི་བྱས། འོན་ཀྱང་དགྲ་བོས་རྡུང་རྡེག་དང་བཙན་ཤེད་ཀྱིས་འདྲི་རྩད་ཇི་ལྟར་བྱས་ཀྱང་། ང་ཚོའི་ཏང་གི་གསང་བ་ཁོས་ཡིག་འབྲུ་ཕྱེད་ཀྱང་བཤད་མ་འདོད། བཙོན་ཁང་དུ་ཁོང་གིས་ཀྲའོ་ཅན་རྨིན་དང་ཡའོ་ཀྲུང་མིང་སོགས་གུང་ཁྲན་ཏང་ཡོན་བཅུ་ལྷག་དང་འབྲེལ་གཏུག་བྱས་ཏེ། ཏང་ཀྲི་པུའུ་བཙུགས་ནས་ཞལ་འདེབས་བརྒྱབ་ནས་འཇར་འགོག་ལ་རོགས་སྐྱོར་བྱས་པར་མ་ཟད། ཟས་གཅོད་པའི་འཐབ་རྩོད་ཀྱང་བྱས།

སྤྱི་ལོ1936ལོའི་སྟོན་ཁར། ཡང་བློ་མཐུན་ཁག་གཅིག་འཛིན་བཟུང་བྱས་པ་དང་། དམིགས་བསལ་ཏང་ཨུའི་བདེ་འཇགས་ཀྱི་ཆེད་དུ། དུས་མཚུངས་སུ་གྲོང་ཁྱེར་དང་གྲོང་གསེབ་ཕྱོགས་གཉིས་ཀྱི་བྱ་བར་ལྟ་རྟོག་བྱེད་པར་བསམ་བློ་བཏང་ནས། ལི་ཆི་དང་གནས་སྐབས་ཆེད་ཨུའི་ལས་ཁུངས་མཉམ་དུ་ཡན་ཐའེ་གྲོང་ཁྱེར་དུ་སྤོས། ལི་ཆི་ཡུས་ཧོང་ཏིང་ཧྲན་ཏུང་ཞིང་ཆེན་གྱིས་བཙུགས་པའི་སློབ་འབྲིང་བརྒྱད་པར་ཏང་གི་ལས་དོན་སྤེལ་བ། འདི་རུ་ལི་ཆི་དང་ཀྲུང་དབྱང་བྱང་ཕྱོགས་ཅུའུ་ཡིས་ཅའོ་ཏུང་དུ་ལས་ཀ་བྱེད་པར་མངགས་པའི་ལུའི་ཀྲི་ཧེང་མཉམ་དུ་འཛོམས་ནས་ཀྲུང་གུང་ཀྲུང་དབྱང་བྱང་ཕྱོགས་ཅུའུ་ཡི་མཛུབ་སྟོན་ལྟར་ཀྲུང་གུང་ཅའོ་ཏུང་གནས་སྐབས་ལས་དོན་ཨུ་ཡོན་ལྷན་ཁང་བཙུགས་པ་དང་ལི་ཆི་ཡིས་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ1936ལོའི་ཟླ12པར། ངོ་ལོག་པས་གཡོ་འཚོང་བྱས་པའི་རྐྱེན་གྱིས་གནས་སྐབས་ཀྱི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ལས་ཁུངས་ལ་གཏོར་བརླག་ཐེབས་ནས་ལི་ཆི་འཛིན་བཟུང་བྱས་ཤིང་རྗེས་སུ་ཅི་ནན་དུ་བསྐྱོད། ཅི་ནན་གྱི་མཐོ་རིམ་ཁྲིམས་ཁང་གི་ལྟ་སྲུང་ཁང་དུ་ལི་ཆི་ལ་མནར་གཅོད་ཚད་མེད་ཐེབས་མོད། འོན་ཀྱང་ཁོས་ནམ་ཡང་བློ་བརྟན་འགྱུར་མེད་ཀྱིས་དཔའ་མ་ཞུམ་པར་མ་ཟད། དགྲ་བོའི་ཁྲིམས་ཁང་ལ་བརྟེན་ནས་ཏང་གི་འཇར་འགོག་དམངས་གཙོའི་སྲིད་ཇུས་དྲིལ་བསྒྲགས་བྱས་པས་དགྲ་བོ་ཅི་བྱ་གཏོལ་མེད་དུ་གྱུར།

1_2 འཇར་འགོག་དམག་འཁྲུག

སྤྱི་ལོ1937ལོའི་ཟླ7པའི་ཚེས7ཉིན་ལུའུ་ཀོའུ་ཟམ་པའི་དུས་འགྱུར་བྱུང་། ཟླ10པར་འཇར་དམག་རྨ་ཆུའི་བྱང་ངོགས་སུ་སླེབས་པ་དང་ཅི་ནན་དུ་ཉེན་ཁ་བྱུང་། སྐབས་དེར་ཀྲུང་གོ་གུང་ཁྲན་ཏང་གིས་འབད་བརྩོན་བྱས་པར་བརྟེན་འཇར་འགོག་མི་རིགས་འཐབ་ཕྱོགས་གཅིག་གྱུར་དངོས་སུ་ཆགས་ཟིན། ཀྲུང་གུང་གི་སྐུ་ཚབ་ཀྲང་ཅིང་ཝུའུ་དང་གོ་མིན་ཏང་གི་ཧྲན་ཏུང་དབང་འཛིན་ལས་ཁུངས་བར་ཐེངས་མང་པོར་འབྲེལ་གཏུག་བྱས་ཏེ“བཙན་ཉར་བྱེད་མཚམས་འཇོག་དགོས”ཞེས་པའི་མིང་ཐོག་ནས་ཆབ་སྲིད་ཉེས་ཅན་བཙོན་ནས་བཙོན་གྲོལ་གཏོང་དུ་འཇུག་དགོས་ཞེས་བཙན་སྐུལ་བྱས།

སྤྱི་ལོ1937ལོའི་ཟླ11པར་ཏང་རྩ་འཛུགས་ཀྱིས་བསྐྱབས་པ་བརྒྱུད་ལི་ཆི་བཙོན་ཁང་ནས་ཕྱིར་བུད། ལི་ཆི་བཙོན་ཁང་ནས་ཕྱིར་བུད་རྗེས། མྱུར་དུ་ཅའོ་ཏུང་དུ་ལོག་པར་མ་ཟད། མྱུར་དུ་ཆེད་ཨུའི་རྒྱས་འཛོམས་གྲོས་ཚོགས་བསྡུས་ནས་སྐབས་དེའི་གནས་ཚུལ་ལ་དབྱེ་ཞིབ་བྱས། ནན་ཏན་གྱིས་གྲོས་བསྡུར་བྱས་པ་བརྒྱུད་དམིགས་བསལ་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཏང་ཨུའི་མཛུབ་སྟོན་ལྟར།“གཅིག་གཅིག་བཞི”གྱེན་ལངས་ཀྱི་རྗེས་སུ་གནས་པའི་དྲག་པོའི་ངེས་མེད་རྒོལ་རྡུང་རུ་ཁག་དེ་གཞི་རྩའི་སྟོབས་ཤུགས་སུ་བྱས་ཏེ། གུང་ཁྲན་ཏང་གིས་རང་ཚུགས་ཀྱིས་འགོ་ཁྲིད་པའི་ཅའོ་ཏུང་མི་དམངས་ཀྱི་འཇར་འགོག་དྲག་དཔུང་ཞིག་འཛུགས་རྒྱུ་དང་། ཐོག་མར་ཝུན་ཏེང་རྫོང་གི་ཐེན་ཧྥུ་ཧྲན་དུ་འཇར་འགོག་དྲག་པོའི་འོས་ལངས་བྱེད་རྒྱུའི་ཐག་བཅད།

སྤྱི་ལོ1937ལོའི་ཟླ12པའི་ཚེས24ཉིན། ཁོང་གིས་སྐད་གྲགས་ཆེ་བའི་ཐེན་ཧྥུ་ཧྲན་འོས་ལངས་ལ་མགོ་ཁྲིད་བྱས་ཏེ། ཧྲན་ཏུང་མི་དམངས་འཇར་འགོག་རྒྱལ་སྐྱོབ་དམག་གི་འབུམ་དཔུང་ཁག་གསུམ་པ་བཙུགས། དེ་ནས་བཟུང་ཅའོ་ཏུང་མི་དམངས་ལ་རང་ཉིད་ཀྱི་འཇར་འགོག་དྲག་དཔུང་ཡོད་པ་རེད། ཏང་གིས་དམག་དཔུང་ལ་མགོ་ཁྲིད་བྱེད་པར་ཤུགས་སྣོན་པའི་ཆེད་དུ། དམིགས་བསལ་ཨུ་ཡོན་ལྷན་ཁང་གིས་འབུམ་དཔུང་གསུམ་པ་དེ་རུ་ཆེན་གསུམ་དུ་བཅོས་སྒྲིག་བྱས་ཏེ། དམག་སྤྱི་ཁང་འཐུས་ཚང་དུ་བཏང་བར་མ་ཟད། དམག་སྲིད་ཨུ་ཡོན་ལྷན་ཁང་ཡང་བཙུགས། ལི་ཆིས་སི་ལིང་ཡོན་དང་དམག་སྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཅིག་ལྕོགས་སུ་བཞེས། ཀྲུང་གུང་ཅའོ་ཏུང་ཆེད་ཨུའི་འགན་འཁུར་བ་གཙོ་བོ་འགའ་ལི་ཆིའི་སྣེ་ཁྲིད་འོག་ཐེན་ཧྥུ་ཧྲན་དུ་འཛེགས། ཆུ་ཚོད9པའི་སྟེང་འོས་ལངས་ཀྱི་དམག་དཔུང་རི་སྟེང་དུ་འཛོམས་ནས་ཧྲན་ཏུང་མི་དམངས་འཇར་འགོག་རྒྱལ་སྐྱོབ་དམག་གི་འབུམ་དཔུང་གསུམ་པ་ཞེས་པའི་ཡི་གེ་བྲིས་ཡོད་པའི་དར་ཆ་ཆེན་པོ་བརྗིད་ཉམས་ལྡན་པའི་ངང་བསྒྲེངས། འོས་ལངས་ཀྱི་དར་ཆ་ཆེན་པོའི་འོག་ལི་ཆིས་བརྗིད་ཉམས་ལྡན་པའི་སྒོ་ནས་ཁྱབ་བསྒྲགས་བྱས་དོན། ཧྲན་ཏུང་མི་དམངས་འཇར་འགོག་རྒྱལ་སྐྱོབ་དམག་གི་འབུམ་དཔུང་གསུམ་པ་དངོས་སུ་བཙུགས་པ་པ་དང་། ཅའོ་ཏུང་ཆེད་ཨུས་ཐེན་ཧྥུ་ཧྲན་གྱི་དྲག་པོའི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས“དམག་གསུམ་གྱི་རུ་ཁག་ཆེན་པོ་ཞིག་ཏུ་བསྒྲིགས། སྔར་གྱི་བྱ་སྤྱོད་འཆར་གཞི་ལྟར་འོས་ལངས་དམག་དཔུང་གིས་མྱུར་དུ་དྲག་པོའི་དྲིལ་བསྒྲགས་རུ་ཁག་གི་མིང་ཐོག་ནས་ས་གནས་སོ་སོར་ཟབ་འཇུག་བྱས་ཏེ་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་ནས་གོམ་གང་མདུན་སྤོས་ཀྱིས་མང་ཚོགས་སྐུལ་སློང་དང་སྒྲིག་འཛུགས་བྱས།

སྤྱི་ལོ1938ལོའི་ཟླ1པོའི་ཚེས15ཉིན། ཁོང་ཝེ་ཧའེ་རུ་ཝེ་ཧའེ་འཕྲོད་བསྟེན་སྲིད་འཛིན་ཁུལ་དོ་དམ་ཀུང་ཧྲུའུ་ཡི་ཀྲོན་ཡོན་སུན་ཞི་ཧྥེང་དང་གྲོས་མོལ་བྱས་ཏེ། ཝེ་ཧའེ་དྲག་པོའི་འོས་ལངས་བྱེད་རྒྱུའི་ཇུས་འགོད་བྱས་པས། མེ་མདའ80ལྷག་དང་དམག་མཁོའི་དངོས་རྫས་འབོར་ཆེན་ཐོབ་པར་མ་ཟད། ཝེ་ཧའེ་གོ་མིན་ཏང་ཆབ་སྲིད་སྦྱོང་བརྡར་ཁྲུའུ་ཡི་མི་སྣ་ཁ་ཤས་འཇར་འགོག་དཔུང་སྡེར་ཞུགས་པར་བརྩོན་ལེན་བྱས།

ཐེན་ཧྥུ་ཧྲན་འོས་ལངས་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ཧྲན་ཏུང་དུ་མགོ་ཁྲིད་པའི་ཤུགས་རྐྱེན་ཅུང་ཆེ་བའི་འཇར་འགོག་དྲག་པོའི་འོས་ལངས་ཤིག་ཡིན། དེ་ལེགས་འགྲུབ་བྱུང་བ་དེས་ཅའོ་ཏུང་གི་འཇར་འགོག་གནས་གཞིའི་ས་ཁུལ་བཙུགས་པ་དང་ངེས་མེད་རྒོལ་རྡུང་དམག་འཁྲུག་རྒྱ་ཁྱབ་ཏུ་སྤེལ་བར་ཆ་རྐྱེན་ངེས་ཅན་ཞིག་བསྐྲུན་པས། ལི་ཆི་ཡིས་ཐེངས་འདིའི་འོས་ལངས་ལ་བྱས་རྗེས་གལ་ཆེན་བཞག

ཐེན་ཧྥུའུ་ཧྲན་འོས་ལངས་བྱས་རྗེས། ལི་ཆིས་ཡང་འགན་འཁུར་བ་གཙོ་བོ་གཞན་དག་འགའ་དང་མཉམ་དུ་ཝེ་ཧའེ་ཝེ་ལ་སོང་ནས་ཝེ་ཧའེ་དྲག་པོའི་འོས་ལངས་སྐུལ་སློང་དང་རྩ་འཛུགས་བྱས། སྐབས་དེར་གོ་མིན་ཏང་གི་ཝེ་ཧའེ་ཝེའི་དབང་འཛིན་ལས་ཁུངས་ནི་དམག་འཁྲུག་གི་ཟིང་ཆ་ཆེ་བའི་གནས་ཚུལ་དུ་གནས་ཡོད། ཅའོ་ཏུང་ཆེད་ཨུས་གནས་བབ་ལ་དབྱེ་ཞིབ་ཡང་དག་བྱས་ཏེ། གོ་མིན་ཏང་གི་ཆེད་མངགས་མི་སྣ་སུན་ཞི་ཧྥེང་གིས་འཇའ་འགོག་བྱེད་པར་སྐུལ་འདེད་དང་། མཚོ་དམག་སློབ་སྟོན་རུ་ཁག་བར་སྡོད་བྱེད་པར་བརྩོན་ལེན། ཉེན་རྟོག་ཅུའུ་ཀྲང་ཀྲེང་ཝེ་ཕིན་གྱིས་མགོ་བཏགས་པར་ངོ་རྒོལ་བཅས་བྱས་ཏེ། རང་གི་སྟོབས་ཤུགས་ལ་བརྟེན་ནས་དྲག་པོའི་འོས་ལངས་བྱེད་པའི་བྱེད་ཕྱོགས་ལག་བསྟར་བྱེད་པའི་ཐག་བཅད།

ལི་ཆི་སྐུདངོས་སུ་ཝེ་ཧའེ་རུ་སླེབས་ནས་སུན་ཞི་ཧྥེང་དང་གྲོས་མོལ་བྱས་ཏེ། ཁོ་རང་བདེ་འཇགས་ངང་ཝེ་ཧའེ་ནས་ཁ་བྲལ་བར་སྲུང་སྐྱོབ་བྱེད་པའི་ཆ་རྐྱེན་འོག་ལྐོག་ཏུ་འཇའ་འགོག་དྲག་ཆས་མཚོན་ཆ་སྤྲད་ཆོག་པར་བྱས། དེའི་རྗེས་སུ་སློབ་སྟོན་རུ་ཁག་གིས་བར་གནས་ཀྱི་བྱ་བ་བསྒྲུབས།

ཆ་རྐྱེན་འཛོམས་པའི་རྗེས་སུ། འོས་ལངས་དམག་དཔུང་གིས་མྱུར་དུ་ཝེ་ཧའེ་བཟུང་བ་དང་། མང་ཚོགས་ཀྱི་ཚོགས་ཆེན་བསྡུས་ཤིང་། རྒྱལ་དར་སྒྲེང་བའི་མཛད་སྒོ་བསྡུས། དེའི་རྗེས་སུ་དམག་གི་དངོས་རྫས་བླུགས་ནས་ཝེ་ཧའེ་ནས་ཕྱིར་འཐེན་བྱས། ཝེ་ཧའེ་འོས་ལངས་བྱས་རྗེས།“དམག་གསུམ”གྱི་དམག་སྲིད་ཨུ་ཡོན་ལྷན་ཁང་བཙུགས་པ་དང་། ལི་ཆི་ཡིས་དམག་སྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་བཞེས། དེའི་རྗེས་སུ།“དམག་གསུམ”གྱིས་ཏང་གི་འགོ་ཁྲིད་དང་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་ཏུ་ཧུར་ཐག་གིས་འཇར་འགོག་འཐབ་རྩོད་ནང་ཞུགས།

1_3 རྒྱལ་ཁབ་ཀྱི་ཆེད་དུ་སྲོག་ཤོར།

སྤྱི་ལོ1938ལོའི་ཟླ2པའི་ཟླ་སྟོད་དུ། འཇར་དམག3000ལྷག་ཆིང་ཏའོ་ནས་ཆིང་ཏའོ་བརྒྱུད་དེ་ཡན་ཐའེ་སོགས་སུ་ཚུར་རྒོལ་བྱས། འཇར་དམག་གི་ངར་ཤུགས་ལ་རྡུང་རྡེག་གཏོང་བའི་ཆེད་དུ། ལི་ཆིས“དམག་གསུམ”ཁྲིད་དེ་ཝུན་ཏེང་དང་མུའུ་ཕིང་རྫོང་གཉིས་ཀྱི་འབྲེལ་མཚམས་ཀྱི་ཚུའེ་ཅ་ཁོའུ་ཡི་རྒྱུད་དུ་སླེབས་ཏེ། གོ་སྐབས་དང་བསྟུན་ནས་དགྲ་བོ་དང་འཐབ་འཛིང་བྱེད་པར་སྒུག་ཡོད།

སྤྱི་ལོ1938ལོའི་ལོ་འགོར། འཇར་དམག་གིས་ཡན་ཐའེ་སོགས་ས་ཆ་བཙན་བཟུང་བྱས། འཇར་ཇག་གི་རྫིག་ཉམས་ལ་རྡུང་རྡེག་གཏོང་ཆེད། ལི་ཆིས་འབུམ་དཔུང་གསུམ་པའི་སྣེ་ཁྲིད་དེ་ཝུན་ཏེང་དང་མུའུ་ཕིན་གྱི་རྒྱུད་དུ་ཤར་དཀྲོག་ནུབ་རྡུང་བྱས་ཏེ། ངེས་མེད་རྒོལ་རྡུང་དམག་འཐབ་ཀྱི་རྣམ་པས་དགྲ་བོར་རྡུང་རྡེག་དང་བཀག་སྐྱིལ་བྱས། ཟླ2པའི་ཚེས12ཉིན། ལི་ཆི་དང་ལིན་དབྱི་ཧྲན་སོགས་ཀྱིས་རུ་ཁག་གི་སྣེ་ཁྲིད་དེ་མུའུ་ཕིང་གི་སྲིད་དབང་རྫུས་མར་འཇབ་རྒོལ་བྱས་པ་དང་། རང་དམག་གིས་ཕྱི་ནང་མཉམ་འབྲེལ་བྱས་ཏེ་མུའུ་ཕིང་ཚུར་བླངས་པ་དང་། རྫོང་དཔོན་རྫུན་མ་དང་སྤྱི་བདེ་ཅུའུ་ཀྲང་། ཚོང་ཚོགས་ཀྱི་ཚོགས་གཙོ། ཚོགས་གཙོ་རྒྱུན་འཁྱོངས་བཅས་བཟུང་བ་དང་། མེ་མདའ་བརྒྱ་ལྷག་ཙམ་རྩིས་ལེན་བྱས། དཔུང་རོགས་བྱེད་པའི་འཇའ་དམག་གིས་ལི་ཆི་དང་བློ་མཐུན་གཞན་པ་ཉི་ཤུ་ལྷག་གིས་མཁར་ཤར་གྱི་ལི་ཧྲེན་ལྷ་ཁང་དུ་ངལ་གསོ་བྱེད་པའི་གོ་སྐབས་དང་བསྟུན་ནས་ཕར་རྒོལ་བྱས། ལི་ཆིས་འཐབ་འཛིང་པ་ཚོའི་སྣེ་ཁྲིད་དེ་བབ་བརླིང་ངང་དམག་འཐབ་བྱས་པ་དང་ཆུ་ཚོད་བཅུ་ཙམ་གྱི་དམག་འཐབ་བྱས་པ་བརྒྱུད་མཐར་སྐོར་བ་མངོན་གསལ་དོད་པོ་བྱུང་ཡོད་མོད། འོན་ཀྱང་བློ་མཐུན་ལི་ཆི་ལ་རྨས་སྐྱོན་ལྕི་དྲགས་པས་གཟི་བརྗིད་ངང་རང་སྲོག་བློས་བཏང་བ་དང་ལོ30ལས་སླེབས་མེད།

2 མི་སྣ་གདེང་འཇོག

བློ་མཐུན་ལི་ཆི་ལ་མྱ་ངན་ཞུ་ཆེད། སྤྱི་ལོ1962ལོར་ཀུའོ་མོ་རུའོ་ཡིས་སྙན་ངག་ཅིག་བྲིས་ཡོད་པ་སྟེ།“ཐེན་ཧྥུའུ་དཔའ་བོ་ནི་ལི་ཆི་ཡིན། གསར་བརྗེའི་རྒྱལ་ཁབ་ཀྱི་ཆེད་དུ་རང་སྲོག་བློས་བཏང་། ལོ་དེར་ལི་ཧྲེན་ལྷ་ཁང་དྲག་པོས་བརྒྱབ་པ་དང་། དེ་རིང་མཐོན་པོའི་སྒོ་ནས་སྐར་མའི་དར་ཆ་ལ་བསྡད། མི་རབས་ཁྲི་ཕྲག་གིས་ཤར་ཕྱོགས་སུ་རླུང་འཚུབ་དང་མཚོ་ནང་དུ་བསྐྱོད། ཕྱོགས་གཅིག་གི་ཆར་བསྒྱུར་ཙུང་ཧྲི་ཡིན། ཝུན་ཏེང་གི་རྗེས་རབས་པ་མང་པོ་གཅིག་རྗེས་གཉིས་མཐུད་ངང་མདུན་དུ་བསྐྱོད་དགོས”སྙན་ངག་འདིའི་གསོན་ཉམས་ལྡན་པའི་སྒོ་ནས་ཏང་གི་ཕུལ་དུ་བྱུང་བ་དང་དཔའ་མི་ཞུམ་པའི་གུང་ཁྲན་རིང་ལུགས་ཀྱི་འཐབ་མོ་བ་འདིའི་འོད་སྟོང་འབར་བའི་འཐབ་འཛིང་གི་མི་ཚེ་གང་བོ་ཕྱོགས་བསྡུས་བྱས་ཡོད།

སྤྱི་ལོ2014ལོའི་ཟླ9ཚེས1ཉིན་གོང་གི་མཚན་དེ་དམངས་སྲིད་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་ཁག་དང་པོའི་གྲགས་ཆེའི་འཇར་འགོག་སྔོན་གཤེགས་དཔའ་བོའི་ཚོགས་སྤྱིའི་མིང་གཞུང་ནང་བཀོད།


དཔྱད་གཞིའི་ཡིག་ཆ།