ལུས་ཡོན་ཆུས་མི་དམངས་ཁྲིམས་ཁང་།སྔ་མའི་པར་གཞི་དེ དཔལ་ལྷ་མོ།  ནས 2021-04-21 09:03ལ་འགྲུབ།

ལུས་ཡོན་ཆུས་མི་དམངས་ཁྲིམས་ཁང་།

ལུས་ཡོན་ཆུས་མི་དམངས་ཁྲིམས་ཁང་།
ཁྲང་ཁྲུན་གྲོང་ཁྱེར་ལུས་ཡོན་ཆུས་མི་དམངས་ཁྲིམས་ཁང་ནི་སྤྱི་ལོ1995ལོའི་ཟླ9པའི་ཚེས1ཉིན་བཙུགས་པ་དང་། དེ་སྔའི་ཁྲང་ཁྲུན་གྲོང་ཁྱེར་ཉེ་འདབས་མི་དམངས་ཁྲིམས་ཁང་ཡིན་པ་དང་། ཁྲིམས་ཁང་གི་འདྲི་གཅོད་གཞུང་ལས་ཐོག་ཁང་དེ་ད་ལྟའི་ཁྲང་ཁྲུན་གྲོང་ཁྱེར་ལུས་ཡོན་ཆུས་ཅིང་དབྱང་ལམ་ཆེན་གྱི་ཨང2655པར་གནས་ཡོད་ལ། ཁྲིམས་ཁང་ཡོངས་སུ་སྒྲིག་ཁོངས་སུ་ཚུད་པའི་མི136ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
绿园区人民法院
སྦྲག་སྲིད་ཨང་གྲངས།
130062
ཁུལ་ཁོངས།
ཁྲང་ཁྲུན་གྲོང་ཁྱེར་ལུས་ཡོན་ཆུས།
བཙུགས་ལོ།
སྤྱི་ལོ1995ལོའི་ཟླ9པའི་ཚེས1ཉིན་བཙུགས།
གནས་ཡུལ།
ལུས་ཡོན་ཆུས་ཅིང་དབྱང་ལམ་ཆེན་གྱི་ཨང2655པ།
1 ​ངོ་སྤྲོད་མདོར་བསྡུས།

ཁྲང་ཁྲུན་གྲོང་ཁྱེར་ལུས་ཡོན་ཆུས་མི་དམངས་ཁྲིམས་ཁང་ནི་སྤྱི་ལོ1995ལོའི་ཟླ9པའི་ཚེས1ཉིན་བཙུགས་པ་དང་། དེ་སྔའི་ཁྲང་ཁྲུན་གྲོང་ཁྱེར་ཉེ་འདབས་མི་དམངས་ཁྲིམས་ཁང་ཡིན་པ་དང་། ཁྲིམས་ཁང་གི་འདྲི་གཅོད་གཞུང་ལས་ཐོག་ཁང་དེ་ད་ལྟའི་ཁྲང་ཁྲུན་གྲོང་ཁྱེར་ལུས་ཡོན་ཆུས་ཅིང་དབྱང་ལམ་ཆེན་ཨང2655པར་གནས་ཡོད། ཁྲིམས་ཁང་ཡོངས་སུ་ད་ལྟ་མི་གྲངས་བསྡོམས136ཡོད་པའི་ནང་འདྲི་གཅོད་པ53དང་། འདྲི་གཅོད་ལས་རོགས་པ16 ཁྲིམས་དཔོན་གྱི་ལས་རོགས9 དྲུང་ཡིག32 ཉེས་དོན་དང་དམངས་དོན། ཚོང་དོན། སྲིད་འཛིན་འདྲི་གཅོད་དང་པོའི་གྱོད་གཞི་དང་ལག་བསྟར་གྱོད་གཞི་བདག་སྤྲོད་བྱས་ནས་ལོ་རེར་ཆ་སྙོམས་གྱོད་གཞི་སྣ་ཚོགས4000ལྷག་ཙམ་བདག་སྤྲོད་བྱེད་བཞིན་ཡོད།

2 སྒྲིག་གཞི་སྒྲིག་བཀོད།

ཁྲང་ཁྲུན་གྲོང་ཁྱེར་ལུས་ཡོན་ཆུས་གྱི་མི་དམངས་ཁྲིམས་ཁང་ལ་ད་ལྟ་གྱོད་དོན་ཐོ་འགོད་ཁྲིམས་ར་དང་སྲིད་འཛིན་ཁྲིམས་ར། ཉེས་དོན་འདྲི་གཅོད་ཁྲིམས་ར། དམངས་དོན་འདྲི་གཅོད་ཁྲིམས་ར་དང་པོ། དམངས་དོན་འདྲི་གཅོད་ཁྲིམས་ར་གཉིས་པ། ཧོ་ཤིན་གྲོང་རྡལ་གྱི་མི་དམངས་ཁྲིམས་ར། ཁྲིམས་འཛིན་ཉེན་རྟོག་རུ་ཁག ལག་བསྟར་ཅུའུ(གྱོད་གཞི་ལག་བསྟར་ཁོའོ་དང་པོ། གྱོད་གཞི་ལག་བསྟར་ཁོའོ་གཉིས་པ། ཕྱོགས་བསྡུས་ལྟ་སྐུལ་ཁོའོ་བཅས་ཚུད་ཡོད)ལས་བྱེད་པའི་ཁོའོ་དང་། ཞིབ་འཇུག་ཁང་། སྒྲིག་བཤེར་ལྟ་ཞིབ་ཁང་བཅས་ཡོད།

3 ཁྲིམས་ཁང་འཛུགས་སྐྲུན།

ཉེ་བའི་ལོ་འགའི་རིང་། ལུས་ཡོན་ཆུས་མི་དམངས་ཁྲིམས་ཁང་གིས“སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་མི་དམངས་ལ་ཁྲིམས་འཛིན་བྱེད་པའི”ལས་ཀའི་བརྗོད་བྱ་གཙོ་བོར་དམིགས་ནས། “གཞི་རྩ་གཅིག་ལ་གཞི་ཚུགས་པ་དང་འགན་ལེན་གཉིས་ཡག་པོ་བྱེད་པ། དཀའ་གནད་ཆེན་པོ་གསུམ་སེལ་བ། སླར་ཡང་མཐོར་འདེགས་བཞི་མངོན་འགྱུར་བྱེད་པའི”ལས་ཀའི་བསམ་ཕྱོགས་ཏེ། ཁྲིམས་ཁང་དེ་གའི་ལས་ཀའི་དོན་དངོས་ལ་གཞི་བཙུགས་ནས། ཁོངས་གཏོགས་ཁུལ་གྱི་དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་མགྱོགས་ཙམ་ཡོང་བ་དང་སྤྱི་ཚོགས་ཞི་མཐུན་བརྟན་བརླིང་ཡོང་བར་ཁྲིམས་འཛིན་གྱི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱ་དགོས། གཅིག་ནི་འདྲི་གཅོད་སྤུས་ཚད་དང་ཕན་འབྲས་ཐད་འདྲི་གཅོད་སྤུས་ཚད་དང་། ཕན་འབྲས་ཀྱི་ཕྱོགས་བསྡུས་སྟོན་གྲངས་དེ་གྲོང་ཁྱེར་ཁྲིམས་ཁང་གི་ཕྱོགས་བསྡུས་དཔྱད་བསྡུར་ནང་ལོ་གཉིས་ལ་བསྟུད་མར་མདུན་གྲལ་དུ་རྒྱུན་འཁྱོངས་བྱས་ཡོད། གཉིས་ནི་ལག་བསྟར་ལས་ཀའི་ཐད་དུ་གྱོད་གཞི་ལག་བསྟར་གྱི་གསོག་གྱོད་གཙང་བཤེར་དང་གཡོལ་ཐབས་ལ་རྒོལ་བའི་ལག་བསྟར་བྱེད་སྒོ་སྤེལ་བ་བརྒྱུད་ཡོངས་བསྒྲགས་དམར་འདོན་དང་། འཛད་སྤྱོད་ཚད་མཐོན་པོར་ཚོད་འཛིན། ལག་བསྟར་བྱ་ཡུལ་གྱི་རྒྱུ་ནོར་ཁུངས་སྣེ་འཚོལ་བསྡུ་བྱེད་ཤུགས་ཆེ་རུ་གཏོང་བ། ལག་བསྟར་ཟིལ་ཤུགས་དང་མཉམ་འགུལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ། རྒྱལ་ཡོངས་ཁྲིམས་ཁང་གི་ལག་བསྟར་དྲ་བ་སྤྱད་དེ་ཁ་དན་ཚིག་ལ་མ་གནས་པའི་མི་སྣའི་མིང་ཐོ་ཡོངས་བསྒྲགས་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། དཀའ་གནད་ཆེ་བའི་གྱོད་གཞི་འབོར་ཆེན་ཞིག་ལེགས་འགྲུབ་ངང་ལག་བསྟར་མཇུག་སྒྲིལ་བྱས་པས་ལག་བསྟར་མཇུག་སྒྲིལ་ཚད་ཆེས་ཆེར་མཐོ་རུ་བཏང་ཡོད། གསུམ་ནས་བརྟན་བརླིང་སྲུང་སྐྱོང་བྱེད་པའི་ཐད།“བཅའ་ཁྲིམས་དང་ཞུ་གཏུག་དང་འབྲེལ་བ་ཡོད་པའི་གྱོད་གཞི་གཙང་སེལ་བྱེད་པའི་མཉམ་འཐབ”དང“ཡིག་བསྐུར་ངོ་བཅར་གྱི་ཉིན་བརྒྱའི་འགག་སྒྲོལ”གྱི་ཆེད་དོན་བྱེད་སྒོ་སྤེལ་བ་བརྒྱུད་ཡིག་བསྐུར་ངོ་བཅར་ལས་དོན་གྱི་རྩིས་ཁྲ་བཟོས་པ་དང་། མིང་བྱང་འགེལ་བའི་གྱོད་གཞི་དང་གྱོད་གཞི་གཙོ་བོ། གོང་གཏུག་དུད་ཚང་རྙིང་པ། གོང་རིམ་གྱིས་བསྒྲུབ་རྒྱུར་སྤྲད་པ་སོགས་ཀྱི་གྱོད་གཞིར་རེ་རེ་བཞིན་ཁུངས་སྐྱེལ་དག་འབུད་ཉན་འཇོག་ཚོགས་འདུའི་ཐོག་གྲོས་བསྡུར་དང་འདྲི་གཅོད་ཨུ་ལྷན་གྱིས་ཞིབ་འཇུག་བྱས་ནས་ངོ་བོ་གཏན་འཁེལ་བྱས་རྗེས། མཐར་འགན་བཅོལ་འགན་འཁྲི་འཁུར་མཁན་དང་འགན་བཅོལ་མགོ་ཁྲིད་ཟླ་རེའི་ཚེས21ཉིན་མགོ་ཁྲིད་ཚན་ཁག་ཐུན་མོང་གིས་ངོ་བཅར་ཡོང་མཁན་ཉིན་མོར་གཏན་འཁེལ་བྱས་ནས་མང་ཚོགས་ཀྱིས་བསམ་འཆར་ཆེན་པོ་འདོན་པའི་གནད་དོན་གཅིག་སྡུད་ཀྱིས་ཐག་གཅོད་བྱེད་དགོས། ཡིག་བསྐུར་ངོ་བཅར་ལས་དོན་དེ་སྤྱི་ལོ2013ལོར་ཁུལ་མི་དམངས་འཐུས་ཚོགས་ཀྱི་ཆེད་དོན་ལས་དོན་ཞིབ་བཤེར་ལ་བརྩིས་ནས་གདེང་འཇོག་ཡག་པོ་ཐོབ་པ་དང་གྲོང་ཁྱེར་ཁྲིམས་ཁང་གིས“ཉིན་བརྒྱའི་ཡིག་བསྐུར་ངོ་བཅར་གྱི་འགག་སྒྲོལ་དམག་འཐབ”ཀྱི་སྔོན་ཐོན་སྡེ་ཁག་ལ་སྤྲད་པ་རེད། བཞི་ནི་ཁོངས་གཏོགས་ཁུལ་གྱི་དཔལ་འབྱོར་འཛུགས་སྐྲུན་ཞབས་ཞུའི་ཐད། སྲིད་འཛིན་འདྲི་གཅོད་ལས་དོན་གྱིས་རང་ཁུལ་གྱི་གྲོང་ཁྱེར་སྒྱུར་བཀོད་འཛུགས་སྐྲུན་དང་དེ་བཞིན་རྣམ་གྲངས་གལ་ཆེན་མང་པོ་ཞིག་ལག་བསྟར་བྱེད་མགོ་ཚུགས་པ་དང་། འཁོར་སྐྱོད་བྱེད་པར་དམིགས་ནས་སྔོན་ཚུད་ནས་ཇུས་འགོད་དང་སྔ་སྣུར་ཐེ་ཞུགས། བརྒྱུད་རིམ་ཧྲིལ་པོར་ཞུགས་པ་བཅས་བྱས་ཏེ་ཁྲིམས་ལྟར་རྣམ་གྲངས་འཛུགས་སྐྲུན་ལ་སྤུས་ལེགས་ཀྱི་བཅའ་ཁྲིམས་ཞབས་ཞུ་མཁོ་འདོན་བྱས་པ་དང་། ཁུལ་ཨུད་དང་ཁུལ་སྲིད་གཞུང་གིས“ཁུལ་ཡོངས་ཀྱི་རྣམ་གྲངས་གལ་ཆེན་གྱི་གཙོ་གནད་ལས་གྲྭའི་དཔེ་སྟོན་སྡེ་ཁག”གི་མཚན་སྙན་སྤྲད་པ་དང་། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་སྤྲད་པའི་གྲོང་ཁྱེར་ཡོངས་ཀྱི་ཁང་པ་བསྡུ་ལེན་ལས་དོན་གྱི་དམིགས་བསལ་ལེགས་སྐྱེས་ལྔ་ནས་དམངས་འཚོ་འགན་སྲུང་བྱེད་པའི་ལས་དོན་ཐད་བྱ་ཐབས་སྣ་མང་མཉམ་སྤྱོད་ཀྱིས་གཉེན་སྒྲིག་ཁྱིམ་ཚང་དང་། གནོད་འཚེ་གུན་གསབ། ངལ་རྩོལ་རྩོད་གཞི། སྨན་པ་དང་ནད་པའི་རྩོད་གཞི། ཞིང་འབྲེལ་གྱོད་གཞི་བཅས་འདུམ་འགྲིག་བྱེད་ཤུགས་གཙོ་གནད་དུ་བཟུང་ནས། མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་ཏན་ཏིག་བྱས་ཡོད། དམངས་འདོད་ལས་དོན་ལ་སྤྱི་ལོ2012ལོར་ཁུལ་མི་དམངས་འཐུས་ཚོགས་ཀྱི་ཆེད་དོན་ཞིབ་བཤེར་ལས་དོན་ལ་ཨུ་ཡོན་རྣམ་པ་དང་འཐུས་མི་རྣམ་པས་མགྲིན་གཅིག་ཏུ་ཁས་ལེན་བྱས་པ་དང་ཆེད་དོན་སྙན་ཞུར་འདེམས་ཤོག་ཆ་ཚང་ཐོབ་ཡོད། དྲུག་ནས་ཁྲིམས་འཛིན་དྲིལ་བསྒྲགས་ལས་དོན་དང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལས་དོན་ཐད། བསམ་པའི་དཔལ་ཡོན་འཛུགས་སྐྱོང་དེ་ཞིང་ཆེན་ཤེས་དཔལ་གཞུང་དོན་ཁང་གིས་ཞིང་ཆེན་ཡོངས་ཀྱི་ཤེས་དཔལ་སྡེ་ཁག་ཏུ་བདམས། ཁྲིམས་འཛིན་དྲིལ་བསྒྲགས་ལས་ཀ་དང་དཔུང་ཁག་འཛུགས་སྐྱོང་ལས་ཀ་དེ་ཞིང་ཆེན་ཁྲིམས་ཁང་གིས་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་ཁྲིམས་འཛིན་དྲིལ་བསྒྲགས་ལས་ཀའི་སྔོན་ཐོན་སྡེ་ཁག་དང་། སློབ་གསོ་གསོ་སྦྱོང་ལས་ཀའི་སྔོན་ཐོན་སྡེ་ཁག་སོ་སོར་བདམས་ཡོད། སྤྱི་ལོ2013ལོར་སླར་ཡང“ཞིང་ཆེན་ཡོངས་ཀྱི་ཤེས་དཔལ་སྡེ་ཁག་གི” ལོ་འཁོར་དཔྱད་ཞིབ་བདེ་བླག་ངང་གྲོས་འཆམ་བྱུང་ནས་ཤེས་དཔལ་སྡེ་ཁག་གི་མཚན་སྙན་རྒྱུན་འཁྱོངས་ཐུབ་ཡོད། བདུན་ནས་ སྟོབས་ཆེའི་ཚན་རྩལ་ཁང་གི་ཐད། སྤྱི་ལོ2013ལོར་རང་རེའི་ཁྲིམས་ཁང་གིས3Gརྒྱང་ཁྲིད་སྐུད་མེད་སྒྲ་བརྙན་སྒྲིག་ཆས་སྔོན་ལ་བཀོད་སྒྲིག་བྱས་པ་དང་། རྒྱང་ཁྲིད་བཀོད་འདོམས་ཚོད་འཛིན་ལྟེ་གནས་བཙུགས་པས་ཁྲིམས་འཛིན་ཐོན་ཁུངས་གྲོན་ཆུང་དང་། འདྲི་གཅོད་བྱེད་སྒོ་ཚད་ལྡན་ཅན་དུ་འགྱུར་བར་སྐུལ་འདེད། ཁྲིམས་འཛིན་ཡོངས་བསྒྲགས་ལ་སྐུལ་འདེད་བཅས་གཏོང་རྒྱུར་ཕན་ཐོགས་ཡོད།

4 གཟི་བརྗིད་མཚན་སྙན།

ལས་ཀའི་གྲུབ་འབྲས་མངོན་གསལ་དོད་པོ་ཡོད་དེ། ཉེ་བའི་ལོ་ཤས་རིང་། ལུས་ཡོན་ཆུས་ཁྲིམས་ཁང་གིས་མཉམ་སྡེབ་ཀྱི་བྱས་རྗེས་རིམ་པ་གཉིས་པ་ཐེངས་གཅིག་བཞག་པ་དང་མི་སྒེར་གྱི་བྱས་རྗེས་རིམ་པ་གཉིས་པ་ཐེངས1བཞག་ཡོད། ཐུན་མོང་གི་བྱས་རྗེས་རིམ་པ་གསུམ་པ་ཐེངས4དང་མི་སྒེར་གྱི་བྱས་རྗེས་རིམ་པ་གསུམ་པ་ཐེངས12“གྱོད་དོན་ཞིབ་གཅོད་མཁན་འཇོན་ཐང་ཅན”དང་།“ལས་གནས་ཀྱི་དཔེ་ལེགས་ཅན”“ཀྲའེ་ཧྲུའུ་ཆོན་གྱི་ཁྲིམས་དཔོན་བཟང་བོ།”“གསར་འགྱུར་དྲིལ་བསྒྲགས་ལས་ཀའི་སྔོན་ཐོན་མི་སྒེར།”“གྱོད་དོན་གསོག་ཉར་ལག་བསྟར་གཙང་བཤེར་གྱི་སྔོན་ཐོན་མི་སྒེར”“གཏུག་བཤེར་མ་བྱས་གོང་གི་སྔོན་ཐོན་མི་སྒེར་འདུམ་འགྲིག”“ཁྲང་ཁྲུན་གྲོང་ཁྱེར་གྱི་ངལ་རྩོལ་དཔེ་ལེགས”“ཁྲང་ཁྲུན་གྲོང་ཁྱེར་གྱི་སྲིད་ཁྲིམས་ཕུལ་བྱུང་ཤེས་ལྡན་མི་སྣ་ཁག་དང་པོ”“ཁྲང་ཁྲུན་གྲོང་ཁྱེར་མང་ཚོགས་ལས་ཀའི་སྔོན་ཐོན་མི་སྒེར”“ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་ཁོངས་གཏོགས་ཀྱི་གསར་འགྱུར་དྲིལ་སྒྲོག་བྱ་བའི་སྔོན་ཐོན་ལས་ཁུངས་དང་། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་ཁོངས་གཏོགས་ཀྱི་བསམ་བློ་དྲིལ་སྒྲོག་བྱ་བའི་སྔོན་ཐོན་ལས་ཁུངས། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་སློབ་གསོ་གསོ་སྦྱོང་བྱ་བའི་སྔོན་ཐོན་ཐུན་མོང་།“ཞིང་ཆེན་ཡོངས་ཀྱི་ཤེས་དཔལ་ལས་ཁུངས”“ཉིན་བརྒྱའི་ཡིག་སྐུར་ངོ་གཏུག་འགག་སྒྲོལ་གྱི་སྔོན་ཐོན་ལས་ཁུངས”“ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་རིག་གཞུང་ཚན་རིག་ཞིབ་འཇུག་བྱ་བའི་སྔོན་ཐོན་སྡེ་ཚན”“ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་རིག་གཞུང་བགྲོ་གླེང་རྩ་འཛུགས་བྱ་བའི་སྔོན་ཐོན་སྡེ་ཚན”སོགས་ཀྱི་མཚན་སྙན་ཐོབ་ཡོད།


དཔྱད་གཞིའི་ཡིག་ཆ།