ཨར་ལས་བཟོ་སྐྲུན།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2021-04-27 11:26ལ་འགྲུབ།

ཨར་ལས་བཟོ་སྐྲུན།

ཨར་ལས་བཟོ་སྐྲུན།
ཨར་ལས་བཟོ་སྐྲུན་ནི་ས་ཞིང་བཟོ་སྐྲུན་སྒྲིག་ཆས་སྣ་ཚོགས་འཛུགས་སྐྲུན་བྱེད་པའི་ཚན་རིག་ལག་རྩལ་གྱི་སྤྱི་མིང་ཡིན་ལ། དེ་ནི་བཀོལ་སྤྱོད་བྱེད་པའི་རྒྱུ་ཆ་དང་སྒྲིག་ཆས། རྩད་ཞིབ་ཐིག་ལེན་དང་ཇུས་འགོད། ཞིག་གསོ་སོགས་ཀྱི་ལག་རྩལ་བྱ་འགུལ་ལ་ལ་ཟེར་ཞིང་། བཟོ་སྐྲུན་འཛུགས་སྐྲུན་གྱི་བྱ་ཡུལ་ལའང་གོ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
土木工程
རིགས་དབྱེ།
བཟོ་སྐྲུན་རིག་པ།
དབྱིན་ཡིག་གི་མིང་།
Civil Engineering
རིག་ཚན་རིགས་དབྱེ།
0814
སློབ་གྲྭ་ཆེན་མོ།
ལྷོ་ནུབ་འགྲིམ་འགྲུལ་སློབ་ཆེན། ལེའོ་ཉིང་བཟོ་ལས་སློབ་ཆེན་སོགས།
འཕེལ་རྒྱས་ཁ་ཕྱོགས།
ཟམ་པ་བཟོ་སྐྲུན་དང་ཇུས་འགོད་སོགས།
1 ཆེད་ལས་རགས་བཤད།

ཆེད་ལས་འདིས་རིགས་པའི་གཞུང་ལུགས་ཀྱི་ཤུགས་རིག་དང་། རྒྱུ་ཆའི་ཤུགས་རིག་པ། ཆགས་ཚུལ་ཤུགས་རིག ལྡེམ་གཤིས་ཤུགས་རིག བཟོ་སྐྲུན་ཤུགས་རིག་པ། བྲག་རྡོ་ཤུགས་རིག་པ། གྲོང་ཁྱེར་བཟོ་བཀོད་རིག་ཚན་བཅས་ཀྱི་རྨང་གཞི་སློབ་སྦྱོང་བྱེད་ཀྱིན་ཡོད། 

2 སློབ་ཚན་སྒྲིག་བཀོད།
2_1 རྨང་གཞིའི་སློབ་ཚན།

སློབ་ཆེན་གྱི་དབྱིན་ཡིག མཐོ་རིམ་རྩིས་རིག ཐིག་གཤིས་ཚབ་རྩིས། སྲིད་ཕྱོད་སྨྲ་བ། གཞི་གྲངས་བསྡོམས་རྩིས། འཛུགས་སྐྲུན་ཤུགས་རིག་པ། ཆགས་ཚུལ་ཤུགས་རིག་པ། ས་ཤིང་བཟོ་སྐྲུན། CADསོགས་ཡོད། 

2_1_1 སློབ་ཚན་གཙོ་བོ།

རིགས་པའི་གཞུང་ལུགས་ཀྱི་ཤུགས་རིག་པ་དང་། རྒྱུ་ཆའི་ཤུགས་རིག་པ། ཆགས་ཚུལ་ཤུགས་རིག་པ།ས་ཤུགས་རིག་པ། བཟོ་སྐྲུན་རྒྱུ་ཆ། བཟོ་སྐྲུན་གྲུབ་ཚུལ་དང་ངར་ལྕགས་གྲུབ་ཚུལ། ཁང་པའི་གྲུབ་ཚུལ།ཟམ་པའི་གྲུབ་ཚུལ། ས་འོག་གྲུབ་ཚུལ། བགྲོད་ལམ་རྩད་ཞིབ་ཇུས་འགོད་དང་ལམ་གཞི་དང་ལམ་ངོས་གྲུབ་ཚུལ། བཟོ་སྐྲུན་ལག་རྩལ་དང་དོ་དམ་བཅས་ཡིན། 

2_2 ཆེད་ལས་དྲ་རྒྱའི་སློབ་གསོ།
2_2_1 གསོ་སྐྱོང་གི་དམིགས་ཡུལ།

རང་གི་ཆེད་ལས་ཀྱི་དམིགས་ཡུལ་ནི་དེང་རབས་ཅན་འཛུགས་སྐྲུན་གྱི་དགོས་མཁོ་དང་བསྟུན་པའི་རྨང་གཞིའི་རིགས་པའི་གཞུང་ལུགས་དང་ཆེད་ལས་ཀྱི་ཤེས་ཡོན་བརྟན་པོ་ཡོད་པ་དང་། ལག་ལེན་གྱི་ནུས་པ་ཅུང་ཆེན་པོ་ཡོད་པ། འགྲོ་ལམ་ཟམ་པ་བཟོ་སྐྲུན་གྱི་ཇུས་འགོད་དང་བཟོ་སྐྲུན་སྒྲིག་འཛུགས་དོ་དམ། གཉེར་སྐྱོང་སོགས་ཐད་ཀྱི་མཐོ་རིམ་བཟོ་སྐྲུན་གྱི་ལག་རྩལ་མི་སྣ་གསོ་སྐྱོང་བྱ་རྒྱུ་བཅས་ཡིན། 

2_2_2 སློབ་ཚན་གཙོ་བོ།

གྲུབ་ཆའི་ཤུགས་རིགAདང་། གྲུབ་ཆའི་འཆར་འགོད་རྩ་བའི་རིག་པ། ངར་ལྕགས་གྲུབ་ཚུལ། རྨང་གཞིའི་བཟོ་སྐྲུན། བཟོ་སྐྲུན་རྣམ་གྲངས་དོ་དམ། བཟོ་སྐྲུན་རྒྱུག་གཟུགས་ཤུགས་རིག་པ། འགྲོ་ལམ་རྩད་ཞིབ་ཇུས་འགོད། ལམ་གཞིའི་ལམ་ངོས་བཟོ་སྐྲུན། ངར་ལྕགས་ཟམ་པ། ཟམ་སྒྲོལ་ཇུས་འགོད་བཅས་རེད། 

2_3 ས་ཤིང་བཟོ་སྐྲུན།
2_3_1 གསོ་སྐྱོང་དམིགས་འབེན། 

ཆེད་ལས་འདིའི་དམིགས་ཡུལ་ནི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་དགོས་མཁོ་དང་འཚམ་པ། ལག་རྩལ་གྱི་རྨང་གཞིའི་རིགས་པའི་གཞུང་ལུགས་བརྟན་པོ་དང་། དགོས་ངེས་ཀྱི་ཆེད་ལས་ཤེས་ཡོན། ཕྱི་རྒྱལ་གྱི་སྐད་ཡིག་དང་རྩིས་འཁོར་གྱི་ཉེར་སྤྱོད་ནུས་པ་ཅུང་ཆེ་བ་བཅས་ཡོད་དགོས་པ་དང་། བཟོ་སྐྲུན་གྱི་གནད་དོན་དངོས་དབྱེ་ཞིབ་དང་ཐག་གཅོད་བྱེད་ནུས་དང་ཇུས་འགོད་བྱེད་ནུས་ངེས་ཅན་ཡོད་པ། ཐོག་མའི་ཚན་རིག་ཞིབ་འཇུག་དང་ཚན་རིག་ལག་རྩལ་གསར་སྤེལ་བྱེད་ནུས། དོ་དམ་བྱེད་ནུས་བཅས་ལྡན་པའི་ལྕགས་ལམ་བཟོ་སྐྲུན་གྱི་མཐོ་རིམ་ཆེད་ལས་ལག་རྩལ་གྱི་ཤེས་ལྡན་མི་སྣ་ཡོད་དགོས། 

2_3_2 སློབ་ཚན་གཙོ་བོ།

གྲུབ་ཆའི་ཤུགས་རིགAདང་། གྲུབ་ཆའི་འཆར་འགོད་རྩ་བའི་རིག་པ། རྨང་གཞིའི་བཟོ་སྐྲུན། ཨར་ལས་བཟོ་སྐྲུན་རྣམ་གྲངས་དོ་དམ། བཟོ་སྐྲུན་དོ་དམ་དང་རགས་རྩིས། ལམ་ཐིག་བཟོ་སྐྲུན། ལམ་གཞིའི་བཟོ་སྐྲུན། བཟོ་སྐྲུན་ལྟ་སྐུལ་དོ་དམ། 

2_4 བཟོ་སྐྲུན་དོ་དམ། 
2_4_1 གསོ་སྐྱོང་དམིགས་ཚད།

ཆེད་ལས་འདིས་བཟོ་སྐྲུན་ཨར་ལས་ལག་རྩལ་གྱི་གཞི་རྩའི་ཤེས་བྱ་དང་དེང་རབས་དོ་དམ་གྱི་རིགས་པའི་གཞུང་ལུགས་དང་བྱེད་ཐབས། བྱེད་ཐབས་བཅས་ལྡན་པའི་ཉེར་སྤྱོད་རྣམ་པའི་བཟོ་སྐྲུན་མཐོ་རིམ་དོ་དམ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་དམིགས་ཡུལ་དུ་འཛིན་གྱིན་ཡོད། སློབ་ཐོན་སློབ་མས་གཙོ་བོ་ཨར་སྐྲུན་ལས་གྲྭའི་ཁྱབ་ཁོངས(དཔེར་ན་ས་ཁང་ཐོན་ལས་དང་ལྟ་སྐུལ་དོ་དམ་ཀུང་སི། བློ་འདྲིའི་ཁེ་ལས་དང་འབྲེལ་ཡོད་གཙོ་གཉེར་སྡེ་ཚན་སོགས)ཀྱི་བཟོ་སྐྲུན་རྣམ་གྲངས་འཆར་འགོད་དང་། རྣམ་གྲངས་ཇུས་གཞི། རྣམ་གྲངས་དོ་དམ་སོགས་ཀྱི་ལས་དོན་སྤེལ་གྱིན་ཡོད། 

2_4_2 སློབ་ཚན་གཙོ་བོ།

བཟོ་སྐྲུན་རྩིས་རིག་དང་། སློབ་གྲྭ་ཆེན་མོའི་དབྱིན་ཡིག དོ་དམ་རིག་པའི་རྩ་བའི་རིག་པ། དོ་དམ་འཆར་འགོད་རིག་པ། བཟོ་སྐྲུན་དཔལ་འབྱོར་རིག་པ། ནོར་དོན་དོ་དམ་རིག་པ། མ་འཇོག་དཔལ་འབྱོར་རིག་པ། ཁང་པའི་བཟོ་སྐྲུན་རིག་པ། བཟོ་སྐྲུན་རིག་པ། བཟོ་སྐྲུན་དང་དོ་དམ། བཟོ་སྐྲུན་རིན་གོང་ཚོད་རྩིས། བཟོ་སྐྲུན་རྣམ་གྲངས་དོ་དམ། བཟོ་སྐྲུན་གན་རྒྱ་དོ་དམ། མ་འཇོག་ཉེན་ཁའི་དོ་དམ་རིག་པ། འཛུགས་སྐྲུན་དང་ས་ཁང་བདག་ཁོངས་ཀྱི་ཁྲིམས་སྲོལ་བཅས་ཡིན། 

3 གསོ་སྐྱོང་བླང་བྱ། 

ཆེད་ལས་དེས་བཟོ་སྐྲུན་ཤུགས་རིག་དང་རྒྱུག་གཟུགས་ཤུགས་རིག་པ། བྲག་རྡོའི་ཤུགས་རིག་པ། གྲོང་ཁྱེར་དོ་དམ་གྱི་བཟོ་བཀོད་རིག་གཞུང་ཚན་ཁག་བཅས་ཀྱི་གཞི་རྩའི་རིགས་པའི་གཞུང་ལུགས་དང་གཞི་རྩའི་ཤེས་བྱ་གསོ་སྐྱོང་དང་ཁོང་དུ་ཆུད་པ་བྱས་ཏེ། ཨར་ལས་བཟོ་སྐྲུན་གྱི་རྣམ་གྲངས་འཆར་འགོད་དང་ཇུས་འགོད། ཞིབ་འཇུག་གསར་སྤེལ། བཟོ་སྐྲུན་བྱེད་པ། དེ་བཞིན་དོ་དམ་བཅས་བྱེད་པའི་ནུས་པ་ལྡན་དགོས་པ་དང་ཁང་པའི་འཛུགས་སྐྲུན་དང་། ས་འོག་གི་བཟོ་སྐྲུན། ཕུག་ལམ། འགྲོ་ལམ། ཟམ་པ། གཏེར་ཁྲོན་སོགས་ཀྱི་ཇུས་འགོད་དང་། ཞིབ་འཇུག སློབ་གསོ། དོ་དམ། མ་དངུལ་འཇོག་པ། གསར་སྤེལ་བཅས་ཀྱི་སྡེ་ཁག་ཏུ་ལག་རྩལ་ལམ་ཡང་ན་དོ་དམ་གྱི་ལས་ཀ་བྱེད་ཐུབ་པའི་མཐོ་རིམ་བཟོ་སྐྲུན་གྱི་ལག་རྩལ་མི་སྣ་ཡིན་གསོ་སྐྱོང་བྱས་ཏེ། ཆེད་ལས་འདིས་གཙོ་བོ་བཟོ་བཀོད་ཤུགས་རིག་དང་རྒྱུག་གཟུགས་ཤུགས་རིག་པ། བྲག་རྡོ་ཤུགས་རིག་པ། གྲོང་སྲིད་བཟོ་བཀོད་རིག་ཚན་བཅས་ཀྱི་གཞི་རྩའི་གཞུང་ལུགས་ལ་སློབ་སྦྱོང་བྱས་ཏེ། བསླབ་ཚན་ཇུས་འགོད་དང་། ཚོད་ལྟའི་དཔྱད་ཆས་བཀོལ་སྤྱོད། ཡུལ་དངོས་དངོས་སྦྱོང་སོགས་ཕྱོགས་ཀྱི་གཞི་རྩའི་སྦྱོང་བརྡར་ཐེབས་ཤིང་།ཨར་ལས་བཟོ་སྐྲུན་གྱི་འཆར་འགོད་དང་ཇུས་འགོད། ཞིབ་འཇུག བཟོ་སྐྲུན། དོ་དམ་བཅས་བྱེད་པའི་གཞི་རྩའི་ནུས་པ་ལྡན་དགོས། 

4 རྩ་བའི་རྒྱུ་རྐྱེན།
4_1 གལ་ཆེའི་རང་བཞིན་དང་དོན་སྙིང་། 

ཨར་ལས་བཟོ་སྐྲུན་གྱི་དམིགས་ཡུལ་ནི་མིའི་རིགས་ཀྱི་ཐོན་སྐྱེད་དང་འཚོ་བར་མཁོ་བའི་བྱེད་ནུས་བཟང་ཞིང་ལུས་ཁམས་བདེ་ལ་ཕྱི་ཚུལ་མཛེས་པའི་བར་སྟོང་དང་བགྲོད་ལམ་བསྐྲུན་རྒྱ་དེ་ནི་དངོས་པོའི་ཕྱོགས་ཀྱི་དགོས་མཁོ་དང་། བསམ་པའི་ཕྱོགས་ཀྱི་དགོས་མཁོ་མཚོན། སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་ཆབས་ཅིག་བཟོ་སྐྲུན་གྲུབ་ཆ་སྔར་ལས་ཇེ་ཆེ་དང་རྙོག་འཛིང་ཅན་དུ་འགྱུར་བ་དང་། མཐོ་རིམ་གྱི་ཁང་པ་དང་ཆེས་ཆེ་བའི་ཟམ་པ། ཆུ་རགས་ཆེ་གྲས། རྙོག་འཛིང་ཆེ་བའི་ས་འོག་ལྕགས་ལམ་བཅས་ཀྱི་མ་ལག་ཟམ་མི་ཆད་པར་བསྐྲུན་ནས་མི་རྣམས་ཀྱི་འཚོ་བའི་དགོས་མཁོ་བསྐངས་ཡོད་པ་དང་བསྟུན་སྤྱི་ཚོགས་ཀྱི་དངོས་ཡོད་སྟོབས་ཤུགས་ཀྱི་མཚོན་བྱེད་དུ་གྱུར་ཡོད། 

ཨར་ལའ་བཟོ་སྐྲུན་གྱིས་ཐག་གཅོད་དགོས་པའི་རྩ་བའི་གནད་དོན་ནི་བཟོ་སྐྲུན་གྱི་བདེ་འཇགས་ཡིན་པས། གྲུབ་ཚུལ་གྱིས་རང་བྱུང་ངམ་མིས་བཟོས་པའི་བྱེད་ནུས་ལ་འགོག་རྒོལ་བྱེད་ཐུབ། བཟོ་སྐྲུན་གྱི་སྒྲིག་གཞི་གང་ཞིག་གིས་ཀྱང་རང་སྟེང་གི་ལྗིད་ཚད་དང་། དེ་བཞིན་ཐེག་ཚད་དང་རླུང་ཤུགས་ཀྱི་ནུས་པ་ཐེག་ཐུབ་པ་དང་། བརླན་བཤེར་གྱི་འགྱུར་ལྡོག་གིས་ཀྱང་བཟོ་སྐྲུན་གྲུབ་ཚུལ་ལ་ཤུགས་ཀྱི་ནུས་པ་ཐོན་གྱིན་ཡོད། ས་ཡོམ་རྒྱག་ཁུལ་དུ་བཟོ་སྐྲུན་གྱི་གྲུབ་ཚུལ་ཐད་ད་དུང་ས་ཡོམ་འགོག་པའི་ནུས་པར་བསམ་གཞིགས་བྱེད་དགོས་ལ། གཞན་ཡང་འབར་གས་དང་འདར་འགུལ་སོགས་མིས་བཟོས་པའི་ནུས་པ་ཡིས་ཨར་ལས་ལ་ཐེབས་པའི་ཤུགས་རྐྱེན་ཡང་སྣང་མེད་དུ་འཇོག་མི་རུང་། 

4_2 གནད་དོན་དང་ཆ་རྐྱེན། 

རྒྱུ་ཆ་ནི་འཛུགས་སྐྲུན་མངོན་འགྱུར་བྱེད་པའི་གཞི་རྩའི་ཆ་རྐྱེན་ཡིན་ལ། བཟོ་སྐྲུན་གྱི་ལས་འགན་ནི་རྒྱུ་ཆའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྒྲིག་གཞིའི་བདེ་འཇགས་ལ་ཁག་ཐེག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཆེས་གྲོན་ཆུང་གི་བཟོ་སྐྲུན་མངོན་འགྱུར་བྱེད་དགོས། དེའི་ཕྱིར་རྒྱུ་ཆ་འདེམ་པ་ནི་གྲངས་ཚད་གཏན་འཁེལ་བྱེད་པ་ནི་ཨར་ལས་ཇུས་འགོད་ཀྱི་གོ་རིམ་ཁྲོད་ངེས་པར་དུ་ཐག་གཅོད་བྱེད་དགོས་པའི་ནང་དོན་གལ་ཆེན་ཞིག་ཡིན། 

ཨར་ལས་བཟོ་སྐྲུན་དེ་མཐར་མངོན་འགྱུར་བྱུང་བ་ནི་སྤྱི་ཚོགས་ལ་མཁོ་བའི་རྣམ་གྲངས་འཛུགས་སྐྲུན་ལེགས་གྲུབ་བྱུང་ནས་དངོས་སུ་ལག་བསྟར་བྱས་པ་ཞིག་རེད། ཇུས་འགོད་ལེགས་ཤོས་ཡོད་པ་ཙམ་གྱིས་མི་འགྲིག་པར་ད་དུང་འཆར་གཞི་དེ་མངོན་སུམ་དུ་འགྱུར་བར་བྱ་དགོས། དེར་བརྟེན་ད་ཡོད་ཀྱི་དངོས་རྫས་དང་སྒྲིག་ཆས་ཀྱི་ཆ་རྐྱེན་བེད་སྤྱོད་ཇི་ལྟར་བྱ་རྒྱུ་དང་། ཕན་ནུས་ལྡན་པའི་ལག་རྩལ་གྱི་ཐབས་ལམ་དང་རྩ་འཛུགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཨར་ལས་ཇི་ལྟར་བྱ་རྒྱུར་ཞིབ་འཇུག་བྱ་དགོས། 

ཨར་ལས་བཟོ་སྐྲུན་ནི་རྒྱུད་རིམ་ལྡན་པའི་བཟོ་སྐྲུན་ཞིག་ཡིན་ཞིང་། ཕྱོགས་གང་ཅིའི་ཐད་ཀྱི་ཤེས་བྱ་དང་ལག་རྩལ་དང་འབྲེལ་བ་ཡོད་པས། དེ་ནི་བཟོ་སྐྲུན་ལག་རྩལ་སྣ་ཚོགས་ལ་བརྟེན་ནས་རྩད་ཞིབ་ཐིག་ལེན་དང་ཇུས་འགོད་བཅས་བྱས་པའི་གྲུབ་འབྲས་ཡིན་ལ། ཨར་ལས་བཟོ་སྐྲུན་ནི་སྤྱི་ཚོགས་ཀྱི་ཚན་རིག་ལག་རྩལ་དང་དོ་དམ་ཆུ་ཚད་དང་བསྟུན་ནས་འཕེལ་རྒྱས་བྱུང་བ་ཡིན་པས། དེ་ནི་ལག་རྩལ་དང་དཔལ་འབྱོར། སྒྱུ་རྩལ་བཅས་གཅིག་གྱུར་ཡིན་པའི་ལོ་རྒྱུས་ཀྱི་དཔང་རྟགས་ཤིག་རེད། 

5 ཞིབ་འཇུག་ཁྱབ་ཁོངས།

ཨར་ལས་བཟོ་སྐྲུན།

འཛུགས་སྐྲུན་ལོ་རྒྱུས།

བཟོ་སྐྲུན་རྨང་གཞིའི་རིག་ཚན།

བཟོ་སྐྲུན་འོད་རིག་པ། 

བཟོ་སྐྲུན་སྒྲ་རིག 

བཟོ་སྐྲུན་གནམ་གཤིས་རིག་པ། 

ཨར་ལས་བཟོ་སྐྲུན་ཚད་འཇལ། 

བཟོ་སྐྲུན་རྒྱུ་ཆ།

བཟོ་སྐྲུན་གྲུབ་ཚུལ། 

བཟོ་སྐྲུན་གྱི་སྒྲིག་གཞི།

བཟོ་སྐྲུན་དང་ཇུས་འགོད།

བཟོ་སྐྲུན་འཕྲུལ་ཆས་དང་སྒྲིག་ཆས།

གྲོང་ཁྱེར་དོ་དམ་ལས་དོན།

གྲོང་ཁྱེར་གྱི་ཆུ་འདོན་ཆུ་ཆུ་བེད་བཟོ་སྐྲུན།

རླུང་རྒྱུག་དང་མཁའ་རླུང་སྙོམས་ཆས་བཟོ་སྐྲུན།

ཚ་དྲོད་མཁོ་འདོན་དང་འབར་རླངས་བཟོ་སྐྲུན།

ཟམ་པ་དང་ཕུག་ལམ་བཟོ་སྐྲུན།

གློག་འཕྲིན་སྦུག་ལམ་བཟོ་སྐྲུན།

གྲོང་ཁྱེར་གྱི་རྒྱུད་ཁོངས་བཟོ་སྐྲུན།

བཟོ་སྐྲུན་དཔལ་འབྱོར་རིག་པ།

6 རིག་ཚན་དཔྱད་དཔོག

རིམ་པ་དེ་གའི་རིག་ཚན་ཁྲོད་རྒྱལ་ཡོངས་སུ“འབུམ་རམས་པའི”དབང་ཆ་སྤྲད་པའི་མཐོ་རིམ་སློབ་གྲྭ56ཡོད་པ་དང54དཔྱད་འདེམས་ནང་ཞུགས། ད་རུང་འབུམ་རམས་པའི་རིམ་པ་གཉིས་པ་དང་རབ་འབྱམས་པའི་དབང་ཆ་སྤྲད་པའི་སློབ་ཆེན་ཁ་ཤས་གདེང་འཇོག་ལ་ཞུགས། དཔྱད་འདེམས་ནང་ཞུགས་མཁན་གྱི་མཐོ་རིམ་སློབ་གྲྭ་ཁྱོན134ཡོད། 

20247 ཐུང་ཅི་སློབ་ཆེན། 

A+ 

10286 ཏུང་ནན་སློབ་ཆེན། 

10003 ཆིང་ཧྭ་སློབ་ཆེན། 

10005 པེ་ཅིང་བཟོ་ལས་སློབ་ཆེན། 

10213 ཧར་པིན་བཟོ་ལས་སློབ་ཆེན། 

10335 ཀྲེ་ཅང་སློབ་ཆེན། 

10056 ཐེན་ཅིན་སློབ་ཆེན། 

A- 

10294 ཧོ་ཧའེ་སློབ་གྲྭ་ཆེ་བ། 

10532 ཧུའུ་ནན་སློབ་ཆེན།

10533 ཀྲུང་ནན་སློབ་ཆེན། 

10613 ལྷོ་ནུབ་འགྲིམ་འགྲུལ་སློབ་ཆེན། 

90006 བཅིངས་འགྲོལ་དམག་རང་བྱུང་བཟོ་སྐྲུན་སློབ་ཆེན། 

10004 པེ་ཅིང་འགྲིམ་འགྲུལ་སློབ་ཆེན། 

B+ 

10107 ཧྲི་ཅ་ཀྲོང་ལྕགས་ལམ་སློབ་ཆེན། 

10153 ཧྲེན་དབྱང་འཛུགས་སྐྲུན་སློབ་ཆེན། 

10248 ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན། 

10422 ཧྲན་ཏུང་སློབ་ཆེན། 

10486 ཝུའུ་ཧན་སློབ་ཆེན། 

10487 ཧྭ་དབུས་ཚན་རྩལ་སློབ་ཆེན། 

10611 ཁྲུང་ཆིང་སློབ་ཆེན། 

10703 ཞི་ཨན་འཛུགས་སྐྲུན་ཚན་རྩལ་སློབ་ཆེན། 

11078 ཀོང་ཀྲོའུ་སློབ་ཆེན། 

1000 པེ་ཅིང་ཚན་རྩལ་སློབ་ཆེན། 

10016 པེ་ཅིང་འཛུགས་སྐྲུན་སློབ་ཆེན། 

10359 ཧོ་ཧྥེའི་བཟོ་ལས་སློབ་གྲྭ་ཆེ་མོ།

10386 ཧྥུ་ཀྲོའུ་སློབ་ཆེན། 

10429 ཆིང་ཏའོ་བཟོ་རིག་སློབ་ཆེན། 

10459 ཀྲེང་ཀྲོའུ་སློབ་ཆེན། 

10491 ཀྲུང་གོའི་ས་གཤིས་སློབ་ཆེན། 

10497 ཝུའུ་ཧན་བཟོ་རིག་སློབ་ཆེན། 

10610 སི་ཁྲོན་སློབ་ཆེན། 

10618 ཁྲུང་ཆིང་འགྲིམ་འགྲུལ་སློབ་ཆེན། 

10710 ཁྲང་ཨན་སློབ་ཆེན། 

1073 ལན་ཀྲོའུ་བཟོ་རིག་སློབ་ཆེན། 

10732 ལན་ཀྲོའུ་འགྲིམ་འགྲུལ་སློབ་ཆེན། 

10112 ཐའེ་ཡོན་བཟོ་རིག་སློབ་ཆེན། 

B- 

10145 བྱང་ཤར་སློབ་ཆེན། 

10280 ཧྲང་ཧའེ་སློབ་ཆེན། 

10361 ཨན་ཧུའེ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན། 

10385 ཕྱིར་སྡོད་རང་མིའི་སློབ་ཆེན། 

10424 ཧྲན་ཏུང་ཚན་རྩལ་སློབ་ཆེན། 

10430 ཧྲན་ཏུང་འཛུགས་སྐྲུན་སློབ་ཆེན། 

10593 ཀོང་ཞི་སློབ་ཆེན། 

10616 ཁྲེང་ཏུའུ་བཟོ་རིག་སློབ་ཆེན། 

10704 ཞི་ཨན་ཚན་རྩལ་སློབ་ཆེན། 

11075 འགག་གསུམ་སློབ་ཆེན། 

1000 པེ་ཅིང་མཁའ་འགྲུལ་མཁའ་སྐྱོད་སློབ་ཆེན། 

C+ 

10080 ཧོ་པེ་བཟོ་ལས་སློབ་ཆེན། 

10147 ལེའོ་ཉིང་བཟོ་སྐྲུན་ལག་རྩལ་སློབ་ཆེན། 

10255 ཏུང་ཧྭ་སློབ་ཆེན། 

10337 ཀྲེ་ཅང་བཟོ་ལས་སློབ་ཆེན། 

10404 ཀྲུང་ཧྭ་ཤར་རྒྱུད་འགྲིམ་འགྲུལ་སློབ་ཆེན། 

10500 ཧུའུ་པེ་བཟོ་ལས་སློབ་ཆེན། 

10534 ཧུའུ་ནན་ཚན་རྩལ་སློབ་ཆེན། 

10590 ཧྲེན་ཀྲེན་སློབ་ཆེན། 

10674 རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན།

10698 ཞི་ཨན་འགྲིམ་འགྲུལ་སློབ་ཆེན། 

10792 ཐེན་ཅིན་གྲོང་ཁྱེར་འཛུགས་སྐྲུན་སློབ་ཆེན། 

10878 ཨན་ཧུའེ་འཛུགས་སྐྲུན་སློབ་ཆེན། 

11845 ཀོང་ཏུང་བཟོ་ལས་སློབ་ཆེན། 

10009 བྱང་ཕྱོགས་བཟོ་ལས་སློབ་ཆེན། 

10078 ཧྭ་པེ་ཆུ་བེད་ཆུ་གློག་སློབ་ཆེན། 

10183 ཅི་ལིན་སློབ་ཆེན། 

10191 ཅི་ལིན་འཛུགས་སྐྲུན་སློབ་ཆེན། 

10252 ཧྲང་ཧའེ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན། 

10287 ནན་ཅིང་མཁའ་འགྲུལ་མཁའ་སྐྱོད་སློབ་ཆེན། 

10298 ནན་ཅིང་ནགས་ལས་སློབ་ཆེན། 

10384 ཞ་མོན་སློབ་ཆེན། 

10538 ཀྲུང་ནན་ནགས་ལས་ཚན་རྩལ་སློབ་ཆེན། 

10596 ཀུའེ་ལིན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ། 

10657 ཀུའེ་ཀྲོའུ་སློབ་ཆེན། 

11646 ཉིང་པོ་སློབ་གྲྭ་ཆེན་མོ། 

10019 ཀྲུང་གོའི་ཞིང་ལས་སློབ་ཆེན། 

C- 

10128 ནང་སོག་བཟོ་ལས་སློབ་ཆེན། 

10188 བྱང་ཤར་གློག་ཤུགས་སློབ་ཆེན། 

10223 ཡན་ཧྲན་སློབ་ཆེན། 

10288 ནན་ཅིང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན། 

10423 ཀྲུང་གོ་རྒྱ་མཚོའི་སློབ་ཆེན། 

10427 ཅི་ནན་སློབ་ཆེན། 

10460 ཧོ་ནན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན། 

10488 ཝུའུ་ཧན་ཚན་རྩལ་སློབ་ཆེན། 

10555 ནན་ཧྭ་སློབ་ཆེན། 

10699 ནུབ་བྱང་བཟོ་ལས་སློབ་ཆེན། 

11066 ཡན་ཐའེ་སློབ་ཆེན། 

11117 དབྱང་ཀྲོའུ་སློབ་ཆེན། 

7 ས་ཁོངས་རང་བཞིན་གྱི་གཙོ་གནད།
7_1 ཧྭ་ཤར་ས་ཁུལ།

ཐུང་ཅི་སློབ་ཆེན་དང་ཀྲེ་ཅང་སློབ་ཆེན། ཏུང་ནན་སློབ་ཆེན། ཧོ་ཧའེ་སློབ་ཆེན། ཀྲུང་གོའི་གཏེར་ལས་སློབ་ཆེན། ཧྲན་ཏུང་སློབ་ཆེན། ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན། ཧོ་ཧྥེའི་བཟོ་ལས་སློབ་ཆེན། ཕྱིར་སྡོད་རང་མིའི་སློབ་ཆེན། ཧྥུའུ་ཀྲོའུ་སློབ་ཆེན་སོགས། 

7_2 བྱང་ཤར་ས་ཁུལ།

ཧར་པིན་བཟོ་ལས་སློབ་ཆེན་དང་ཏ་ལན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན། ལིའོ་ཉིང་བཟོ་སྐྲུན་ལག་རྩལ་སློབ་ཆེན། ཧྲེན་དབྱང་བཟོ་སྐྲུན་སློབ་ཆེན། བྱང་ཤར་སློབ་ཆེན། ཅི་ལིན་སློབ་ཆེན་སོགས་ཡོད། 

7_3 ཧྭ་ཀྲུང་ས་ཁུལ།

ཧྭ་ཀྲུང་ཚན་རྩལ་སློབ་ཆེན། ཧུའུ་ནན་སློབ་ཆེན། ཝུའུ་ཧན་རང་བྱུང་རིག་པ་དང་བཟོ་སྐྲུན་སློབ་ཆེན། ཀྲེང་ཀྲོའུ་སློབ་ཆེན་སོགས། 

7_4 ཧྭ་བྱང་ས་ཁུལ།

ཆིང་ཧྭ་སློབ་ཆེན་དང་ཐེན་ཅིན་སློབ་ཆེན་པེ་ཅིང་བཟོ་ལས་སློབ་ཆེན། པེ་ཅིང་འགྲིམ་འགྲུལ་སློབ་ཆེན། པེ་ཅིང་ཚན་རྩལ་སློབ་ཆེན་སོགས། 

7_5 ལྷོ་ནུབ་ས་ཁུལ།

ལྷོ་ནུབ་འགྲིམ་འགྲུལ་སློབ་ཆེན། ཁྲུང་ཆིང་སློབ་ཆེན། སི་ཁྲོན་སློབ་ཆེན། ཁུན་མིང་རང་བྱུང་རིག་པ་དང་བཟོ་སྐྲུན་སློབ་ཆེན། ཁྲུང་ཆིང་འགྲིམ་འགྲུལ་སློབ་ཆེན། ཁྲེང་ཏུའུ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན།

7_6 ནུབ་བྱང་ས་ཁུལ།

ཞི་ཨན་འཛུགས་སྐྲུན་ཚན་རྩལ་སློབ་ཆེན། ཁྲང་ཨན་སློབ་ཆེན་ལན་ཀྲོའུ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན། ལན་ཀྲོའུ་འགྲིམ་འགྲུལ་སློབ་ཆེན་སོགས། 

7_7 ཧྭ་ནན་ས་ཁུལ།

ཧྭ་ལྷོ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ། ཀོང་ཞི་སློབ་ཆེན། 

དཔྱད་གཞིའི་ཡིག་ཆ།