ཨེར་ཏའོ་ཆུས་མི་དམངས་ཁྲིམས་ཁང་།སྔ་མའི་པར་གཞི་དེ དཔལ་ལྷ་མོ།  ནས 2021-04-21 09:04ལ་འགྲུབ།

ཨེར་ཏའོ་ཆུས་མི་དམངས་ཁྲིམས་ཁང་།

ཨེར་ཏའོ་ཆུས་མི་དམངས་ཁྲིམས་ཁང་།
ཁྲང་ཁྲུན་གྲོང་ཁྱེར་ཨེར་ཏའོ་ཆུས་མི་དམངས་ཁྲིམས་ཁང་ནི་སྤྱི་ལོ1954ལོའི་ཟླ6པར་བཙུགས་པ་དང་། ད་ལྟའི་ཅི་ལིན་ཞིང་ཆེན་ཁྲང་ཁྲུན་གྲོང་ཁྱེར་གྱི་རང་དབང་ལམ་ཆེན་ཨང6233པར་གནས་ཡོད། ཁྲིམས་ཁང་ཡོངས་སུ་ད་ལྟ་མི་གྲངས119ཡོད། འདྲི་གཅོད་ཐོག་ཁང་ཆེན་མོའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ12000ཡོད་པ་དང་། སྨི་གྲུ་བཞི་མ600ཡན་ཡོད་པའི་མངགས་གཏོང་ཁྲིམས་ར་གཉིས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
二道区人民法院
གནས་ཡུལ།
ཅི་ལིན་ཞིང་ཆེན་ཁྲང་ཁྲུན་གྲོང་ཁྱེར་རང་དབང་ལམ་ཆེན་གྱི་ཨང6233པ།
ཁུལ་ཁོངས།
ཅི་ལིན་ཞིང་ཆེན་ཁྲང་ཁྲུན་གྲོང་ཁྱེར་ཨེར་ཏའོ་ཆུས།
བཙུགས་ལོ།
སྤྱི་ལོ1954ལོའི་ཟླ6པར་བཙུགས།
1 མི་སྣ་བཀོད་སྒྲིག

ཁྲིམས་ཁང་ཡོངས་སུ་ད་ཆ་མི་གྲངས119ཡོད་པ་དང་། སྒྲིག་ཁོངས་སུ་ཚུད་པའི་མི་སྣའི་ཁྲོད་དངོས་གཞིའི་ཚན་ཁག་ཡན་གྱི་སློབ་རྒྱུས་ལྡན་པའི་མི་གྲངས་ཀྱིས་བསྡོམས་འབོར་གྱི82.35%ཟིན་པའི་ནང་འབུམ་རམས་པ1དང་། རབ་འབྱམས་པ23ཡོད་པ་དེས་མི་གྲངས་བསྡོམས་འབོར་གྱི19.33%ཟིན་པ་དང་། ཁྲིམས་ཁང་གི་དཔུང་ཁག་ལ་ཤེས་ཡོན་ཅན་དང་། ན་གཞོན། ཆེད་ལས་ཅན་བཅས་ཀྱི་ཁྱད་ཆོས་ཡོད།

2 སྒྲིག་གཞི་སྒྲིག་བཀོད།

ཨེར་ཏའོ་ཁྲིམས་ཁང་དུ་ད་ལྟ་གྱོད་དོན་ཐོ་འགོད་ཀྱི་ཁྲིམས་ས་དང་། ཉེས་དོན་འདྲི་གཅོད་ཀྱི་ཁྲིམས་ས། དམངས་དོན་འདྲི་གཅོད་ཀྱི་ཁྲིམས་ས་དང་པོ། དམངས་དོན་འདྲི་གཅོད་ཀྱི་ཁྲིམས་ས་གཉིས་པ། སྲིད་འཛིན་གྱི་ཁྲིམས་ས། འདྲི་གཅོད་ལྟ་སྐུལ་གྱི་ཁྲིམས་ས། པ་ལི་པའོ་མི་དམངས་ཁྲིམས་ར། ནུང་ཧྲན་མི་དམངས་ཁྲིམས་ར།ལག་བསྟར་ཅུའུ(ལག་བསྟར་ཁོའོ་དང་ཕྱོགས་བསྡུས་ཁོའོ་ཚུད) འདྲི་གཅོད་དོ་དམ་གཞུང་ལས་ཁང་། ལས་བྱེད་པའི་ཁོའོ་དང་ཞིབ་འཇུག་ཁང་། སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ཁང་། ཡིག་སྐུར་ངོ་གཏུག་གཞུང་ལས་ཁང་། ཁྲིམས་འཛིན་ཉེན་རྟོག་རུ་ཆེན་སོགས་ཁྱོན་བསྡོམས་སྡེ་ཁག16ཡོད།

དཔྱད་གཞིའི་ཡིག་ཆ།