ཁྲའོ་དབྱང་ཆུས་མི་དམངས་ཁྲིམས་ཁང་།སྔ་མའི་པར་གཞི་དེ དཔལ་ལྷ་མོ།  ནས 2021-04-21 09:05ལ་འགྲུབ།

ཁྲའོ་དབྱང་ཆུས་མི་དམངས་ཁྲིམས་ཁང་།

ཁྲའོ་དབྱང་ཆུས་མི་དམངས་ཁྲིམས་ཁང་།
ཁྲང་ཁྲུན་གྲོང་ཁྱེར་ཁྲའོ་དབྱང་ཆུས་མི་དམངས་ཁྲིམས་ཁང་ནི་སྤྱི་ལོ1955ལོར་བཙུགས་པ་དང་། ཁྲིམས་ཁང་གི་འདྲི་གཅོད་གཞུང་ལས་ཐོག་ཁང་དེ་ད་ལྟའི་ཁྲའོ་དབྱང་ཆུས་ཝེ་ཞིན་ལམ་གྱི་ཨང7755པར་གནས་ཡོད། ཁྲིམས་ཁང་ཡོངས་སུ་མི་གྲངས153ཡོད་པ་དང་། དངོས་གཞིའི་སྒྲིག་ཁོངས་སུ་ཡོད་པའི་མི་སྣའི་ཁྲོད་དངོས་གཞིའི་ཚན་ཁག་ཡན་གྱི་སློབ་རྒྱུས་ལྡན་པའི་མི་གྲངས་བསྡོམས་འབོར་གྱི90%ཟིན་པའི་ནང་། ཞིབ་འཇུག་སློབ་མ20ཡོད་པ་དེས་མི་གྲངས་བསྡོམས་འབོར་གྱི13%ཟིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
朝阳区人民法院
སྦྲག་སྲིད་ཨང་གྲངས།
130061
ཁུལ་ཁོངས།
ཁྲང་ཁྲུན་གྲོང་ཁྱེར་ཁྲའོ་དབྱང་ཆུས།
འབྲེལ་གཏུག་བྱ་ཡུལ།
0431-88559353
གནས་ཡུལ།
ཁྲའོ་དབྱང་ཆུས་སྲུང་སྐར་སྲུང་ལམ་ཨང7755པ།
བཙུགས་ལོ།
སྤྱི་ལོ1955ལོར་བཙུགས།
1 ​ངོ་སྤྲོད་མདོར་བསྡུས།

ཁྲང་ཁྲུན་གྲོང་ཁྱེར་ཁྲའོ་དབྱང་ཆུས་མི་དམངས་ཁྲིམས་ཁང་ནི་སྤྱི་ལོ1955ལོར་བཙུགས་ཤིང་། ཁྲིམས་ཁང་གི་འདྲི་གཅོད་གཞུང་ལས་ཐོག་ཁང་དེ་ད་ལྟའི་ཁྲའོ་དབྱང་ཆུས་ཝེ་ཞིན་ལམ་གྱི་ཨང7755པར་གནས་ཡོད། ཁྲིམས་ཁང་ཡོངས་སུ་མི་གྲངས153ཡོད་པ་དང་། དངོས་གཞིའི་སྒྲིག་ཁོངས་སུ་ཡོད་པའི་མི་སྣའི་ཁྲོད་དངོས་གཞིའི་ཚན་ཁག་ཡན་གྱི་སློབ་རྒྱུས་ལྡན་པའི་མི་གྲངས་བསྡོམས་འབོར་གྱི90%བཟུང་བའི་ནང་ཞིབ་འཇུག་སློབ་མ20ཡོད་པ་དེས་མི་གྲངས་བསྡོམས་འབོར་གྱི13%བཟུང་ཡོད།

2 སྒྲིག་གཞི་སྒྲིག་བཀོད།

ལས་ཁུངས་འཛུགས་སྟངས། ལས་བྱེད་ཁང་། ཞིབ་འཇུག་ཁང་། གཞུང་ལས་ཁང་། ལྟ་ཞིབ་ཁང་། ཁྲིམས་འཛིན་ཉེན་རྟོག་རུ་ཆེན་དང་ཉེས་དོན་འདྲི་གཅོད་ཁང་། ན་གཞོན་ཁྲིམས་ར། དམངས་དོན་འདྲི་གཅོད་ཀྱི་ཁྲིམས་ས་དང་པོ། དམངས་དོན་འདྲི་གཅོད་ཀྱི་ཁྲིམས་ས་གཉིས་པ། མྱུར་གཅོད་ཁྲིམས་ས། སྲིད་འཛིན་འདྲི་གཅོད་ཁྲིམས་ས། འདྲི་གཅོད་ལྟ་སྐུལ་ཁྲིམས་ས། གྱོད་དོན་འཛུགས་སའི་ཁྲིམས་ས། ལག་བསྟར་ཅུའུ(ལག་བསྟར་ཁང་། ལྟ་སྐུལ་ཁང་། ཕྱོགས་བསྡུས་ཁོ) ཧུའུ་ཞི་ཁྲིམས་ར། ཀུའེ་ལིན་ཁྲིམས་ར། ཆིང་ཧུ་ཁྲིམས་ར། ཁྲང་ཁྲུན་བཟོ་ལས་དཔལ་འབྱོར་གསར་སྤེལ་ཁུལ་གྱི་རྒྱབ་ཕྱོགས་ཞབས་འདེགས་ལྟེ་གནས་བཅས་ཡིན།

3 ཁྲིམས་ཁང་འཛུགས་སྐྲུན།

ཉེ་བའི་ལོ་ཤས་རིང་ཁྲའོ་དབྱང་ཁྲིམས་ཁང་གིས“བདེན་འཚོལ་དངོས་སྒྲུབ་དང་། བརྟན་པོའི་ངང་ཡར་རྒྱས་ཡོང་བ”བཅས་ཀྱི་ལས་ཀའི་བསམ་ཕྱོགས་གཞིར་བཟུང་།“ཞི་མཐུན་དང་སྤྱོད་བཟང་། བདེ་སྐྱིད”བཅས་ཁྲིམས་ཁང་འཛུགས་སྐྱོང་གི་དམིགས་ཚད་དུ་བྱས་ཡོད། ཁྲིམས་ཁང་ཡོངས་ཀྱི་ལས་བྱེད་ཉེན་རྟོག་པས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། འབད་འབུངས་ཡར་བརྩོན། ལས་དོན་ཁག་ལ་དགའ་འོས་པའི་གྲུབ་འབྲས་ཐོབ་པ་དང་ལྷག་པར་དུ་གྱོད་དོན་ཐོ་འགོད་སྐར་ཁུང་འཛུགས་སྐྲུན་དང་། དམངས་བདེ་ཞབས་ཞུ། ཆད་གཅོད་ཉུང་ཙམ་བྱེད་པའི་ཉེས་དོན་འདྲི་གཅོད། འདྲི་གཅོད་དོ་དམ། རིག་གནས་འཛུགས་སྐྱོང་སོགས་ཐད་ཀྱི་ལས་དོན་ལ་གོང་རིམ་ཁྲིམས་ཁང་གི་ཁས་ལེན་གང་ལེགས་ཐོབ་ཡོད།

4 གཟི་བརྗིད་མཚན་སྙན།

ལོ་མང་པོའི་རིང་ཁྲང་ཁྲུན་གྲོང་ཁྱེར་ཁྲའོ་དབྱང་ཆུས་མི་དམངས་ཁྲིམས་ཁང་གིས་ལས་ཀའི་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པའི་དབང་གིས་སྔ་རྗེས་སུ་རྒྱལ་ཡོངས་གཞོན་ནུ་ལོ་ཆུང་གི་ཕུལ་བྱུང་ཁེ་དབང་སྲུང་སྐྱོང་དང་། རྒྱལ་སྲུང་ཁེ་ཕན་དང་དམག་མི་དང་དམག་མིའི་ནང་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་གི་སྔོན་ཐོན་སྡེ་ཁག རྒྱལ་ཡོངས་ཀྱི་རྒན་རྒོན་ཁེ་དབང་སྲུང་སྐྱོང་དཔེ་སྟོན་ལས་གནས། ཁྲང་ཁྲུན་གྲོང་ཁྱེར་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལས་དོན་གྱི་སྔོན་ཐོན་སྡེ་ཁག “ཆེས་མཐོའི་མི་དམངས་ཁྲིམས་ཁང་། བཅིངས་འགྲོལ་དམག་སྤྱི་ཁྱབ་ཆབ་སྲིད་པུའུ་བཅས་ཀྱིས་རྒྱལ་སྲུང་ཁེ་ཕན་དང་དམག་མི་དང་དམག་མིའི་ནང་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་མི་སྒེར”ཁྲེན་ཧྥེང་དབྱིང་དང་།“ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་རྒྱལ་ཡོངས་ཀྱི་ཉེས་དོན་འདྲི་གཅོད་སྔོན་ཐོན་མི་སྒེར”ཀྲུའུ་ཅན་མིང་།“ཞིང་ཆེན་བུད་མེད་བྱེད་སྒོའི་ཕུལ་བྱུང་བུད་མེད་ཁྲིམས་དཔོན”ལུའོ་ཡུས་ཞ་དང་། ཀུའེ་ལིན་ཁྲིམས་ཁང་དང་། ཀྲུའུ་ཅན་མིང་། ལུའོ་ཡུས་ཞ། སུན་ཡན་ཧུའེ། ཀྲང་ཞའོ་དབྱིང་བཅས་ལ་ཞིང་ཆེན་ཁྲིམས་ཁང་གི་སྡེ་ཁག་དང་མི་སྒེར་གྱི་བྱས་རྗེས་རིམ་པ་གཉིས་པ་སྤྲད་པ་དང་། ཐུན་མོང14དང་མི་སྒེར6ལ་ཞིང་ཆེན་རིམ་པའི་མཚན་སྙན་ཐོབ། ཁྲེན་ཧྥེང་དབྱིང་དང་། སུན་ཝུའེ་ཁྲའོ། ལུའོ་ཡུས་ཞ་སོགས་མི་གསུམ་ལ་གྲོང་ཁྱེར་གྱི་གསུམ་བརྒྱད་དར་དམར་བ་དང་། གྲོང་ཁྱེར་གྱི་ངལ་རྩོལ་དཔེ་ལེགས། གྲོང་ཁྱེར་གྱི་སྐབས་དང་པོའི་སྲིད་ཁྲིམས་ཀྱི་ཕུལ་བྱུང་ཤེས་ལྡན་པའི་མཚན་སྙན་ཐོབ། ཐུན་མོང7དང་མི་སྒེར19ལ་གྲོང་ཁྱེར་ཁྲིམས་ཁང་གི་ཐུན་མོང་དང་མི་སྒེར་གྱི་བྱས་རྗེས་རིམ་པ་གསུམ་པ་དང་། ཐུན་མོང་དང་མི་སྒེར27ལ་གྲོང་ཁྱེར་ཁྲིམས་ཁང་གི་མཚན་སྙན་གཞན་དག་ཐོབ་པ་རེད།

དཔྱད་གཞིའི་ཡིག་ཆ།