འཛུགས་སྐྲུན་ཇུས་འགོད་ནི་འཛུགས་སྐྲུན་ས་གནས་དང་འཛུགས་སྐྲུན་རིགས། འཛུགས་སྐྲུན་གྱི་འགྲོ་གྲོན་བཅས་གསུམ་གྱི་ཐག་གཅོད་ཁྲོད་སྤེལ་བ་ཡིན། དེའི་ཕྱིར། འཛུགས་སྐྲུན་ཇུས་འགོད་ནི་ཁོར་ཡུག་དང་སྤྱོད་སྒོ། དཔལ་འབྱོར་སྟེང་གི་ཆ་རྐྱེན་དང་བླང་བྱ་བཅས་ལ་གཞིགས་ནས་ཇུས་འགོད་ལེགས་སྒྲིག་དང་བྱེ་བྲག་ཅན་དུ་བསྒྱུར་བའི་གོ་རིམ་ཞིག་ཡིན། གོ་རིམ་དེ་རིགས་ལ་དོན་དངོས་སུ་སྤྱོད་རིན་ཡོད་པ་མ་ཟད། དེའི་བསམ་པའི་རིན་ཐང་ཡང་ལྡན་ཡོད། གང་ལགས་ཤེ་ན། སྤྱི་ཚོགས་ཀྱི་བྱེད་སྒོ་གང་རུང་ཞིག་གི་ཆེད་དུ་བསྐྲུན་པའི་བར་ཁམས་བཀོད་སྒྲིག་བྱས་པ་དེས་མི་རྣམས་ཀྱིས་དེའི་ནང་བྱེད་སྒོ་སྤེལ་སྟངས་ལ་ཤུགས་རྐྱེན་ཐེབས་ཀྱིན་ཡོད་པའི་རྐྱེན་གྱིས་རེད།
འཛུགས་སྐྲུན་རིག་པ། འཛུགས་སྐྲུན་དངོས་པོ་དང་དེའི་ཉེ་འཁོར་གྱི་ཁོར་ཡུག་ལ་ཞིབ་འཇུག་བྱེད་པའི་རིག་ཚན་ཞིག་ཡིན་ལ། དེའི་དམིགས་ཡུལ་ནི་མིའི་རིགས་ཀྱི་འཛུགས་སྐྲུན་བྱ་འགུལ་གྱི་ཉམས་མྱོང་སྤྱི་བསྡོམས་བྱས་ཏེ། འཛུགས་སྐྲུན་ཇུས་འགོད་གསར་རྩོམ་ལ་མཛུབ་ཁྲིད་དང་། མ་ལག་ག་གེ་མོའི་ཁོར་ཡུག་གི་ཆགས་ཚུལ་སོགས་ཡིན། འཛུགས་སྐྲུན་རིག་པའི་ནང་དོན་ལ་རྒྱུན་པར་ལག་རྩལ་དང་སྒྱུ་རྩལ་གཉིས་ཡོད།
སྲོལ་རྒྱུན་གྱི་འཛུགས་སྐྲུན་རིག་པའི་ཞིབ་འཇུག་བྱ་ཡུལ་ལ་འཛུགས་སྐྲུན་དངོས་པོ་དང་། བཟོ་བཀོད་ཚོགས་པ། དེ་བཞིན་ཁང་པའི་ནང་གི་ཁྱིམ་ཆས་བཅས་ཇུས་འགོད་དང་མཛེས་ལྗོངས་སྐྱེད་ཚལ་དང་གྲོང་ཁྱེར་གྱི་གྲོང་ཚོ་དང་གྲོང་རྡལ་གྱི་འཆར་འགོད་ཇུས་འགོད་བཅས་ཚུད་ཡོད། འཛུགས་སྐྲུན་ལས་དོན་འཕེལ་རྒྱས་འགྲོ་བ་དང་ཆབས་ཅིག་སྐྱེད་ཚལ་རིག་པ་དང་གྲོང་ཁྱེར་གྱི་འཆར་འགོད་དེ་རིམ་གྱིས་བཟོ་སྐྲུན་རིག་པའི་ཁྲོད་ནས་ཁ་གྱེས་ཏེ་ལྟོས་བཅས་ཀྱི་རང་ཚུགས་ཀྱི་རིག་ཚན་ཞིག་ཏུ་གྱུར་ཡོད།
1.བླང་བྱ། བཟོ་སྐྲུན་རིག་པའི་ཆེད་ལས་སློབ་མས་གཙོ་བོར་འཛུགས་སྐྲུན་ཇུས་འགོད་དང་གྲོང་ཁྱེར་འཆར་འགོད་ཀྱི་རྩ་བའི་རིགས་པ། འཛུགས་སྐྲུན་ལག་རྩལ། ཁོར་ཡུག་དང་བར་སྣང་གི་མཚོན་ཚུལ་སོགས་ལ་སློབ་སྦྱོང་དང་། རི་མོའི་སྒྱུ་རྩལ་སོགས་ཐད་ཀྱི་གཞི་རྩའི་རིགས་པའི་གཞུང་ལུགས་དང་གཞི་རྩའི་ཤེས་བྱ་ལ་ཇུས་འགོད་སོགས་ཐད་ཀྱི་གཞི་རྩའི་སྦྱོང་བརྡར་ཐོབ་པ་དང་། རྣམ་གྲངས་ཇུས་འགོད་དང་། བཟོ་སྐྲུན་ཇུས་གཞི། དཔེ་རིས་བཟོ་བ་སོགས་ཐད་ཀྱི་གཞི་རྩའི་ནུས་པ་ལྡན་ཡོད།
2.བྱ་ཐབས། ལས་གྲྭའི་རབ་འབྱམས་པའི་ཆེད་ལས་བསླབ་གནས་ཞིབ་འཇུག་སློབ་མའི་གསོ་སྐྱོང་ཐད་སློབ་ཚན་སློབ་སྦྱོང་དང་བསླབ་གནས་དཔྱད་རྩོམ་གཉིས་གཙོ་བོར་འཛིན་པའི་བྱ་ཐབས་སྤྱད་དེ“སློབ་གྲྭར་བསྐྱོད་དེ་ལས་བྲལ་མི་བྱེད་པའི”ནན་བཤད་བྱས།
1.མཐར་ཕྱིན་སློབ་མར་གཤམ་གྱི་ཤེས་བྱ་འདི་དག་འཇོམས་དགོས་ཏེ། རང་བྱུང་ཚན་རིག་གི་རྨང་གཞི་ཅུང་བརྟན་པོ་དང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་སྤྱི་ཚོགས་ཚན་རིག་གི་རྨང་གཞི་ཅུང་ལེགས་པ། ཕྱི་སྐད་སྐད་བརྡའི་ཕྱོགས་བསྡུས་ནུས་པ་ཅུང་ལྡན་པ།
2.བཟོ་སྐྲུན་ཇུས་འགོད་ཀྱི་གཞི་རྩའི་རྩ་བའི་རིགས་པ་དང་བྱེད་ཐབས་ཁོང་དུ་ཆུད་པ་དང་། རང་རྐྱ་འཕེར་བའི་སྒོ་ནས་བཟོ་སྐྲུན་ཇུས་འགོད་བྱེད་པ་དང་བྱེད་ཐབས་སྣ་མང་ལ་བརྟེན་ནས་ཇུས་འགོད་ཀྱི་བསམ་དོན་མཚོན་པར་བྱེད་པའི་ནུས་པ་དང་དེ་བཞིན་ཐོག་མའི་རྩིས་འཁོར་གྱི་ཡི་གེ་དང་རི་མོ། གཞི་གྲངས་བཅས་ཐག་གཅོད་བྱེད་ནུས་ལྡན་པ།
3.ཀྲུང་གོ་དང་ཕྱི་རྒྱལ་གྱི་བཟོ་སྐྲུན་ལོ་རྒྱུས་ཀྱི་གོང་འཕེལ་ཆོས་ཉིད་ཤེས་རྟོགས་དང་། མིའི་ལུས་ཁམས་དང་སེམས་ཁམས། བྱ་སྤྱོད་དང་བཟོ་སྐྲུན་ཁོར་ཡུག་དབར་གྱི་འབྲེལ་བ། ཨར་སྐྲུན་དང་འབྲེལ་བ་ཡོད་པའི་དཔལ་འབྱོར་ཤེས་བྱ་དང་། སྤྱི་ཚོགས་རིག་གནས་གོམས་གཤིས། བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཞི་རྩའི་ཤེས་བྱ། དེ་བཞིན་བཟོ་སྐྲུན་གྱི་མཐའ་མཚམས་རིག་ཚན་དང་སྣོལ་མའི་རིག་ཚན་དབར་གྱི་འབྲེལ་ཡོད་ཤེས་བྱ་ཁོང་དུ་ཆུད་དགོས།
4.འཛུགས་སྐྲུན་གྱི་སྒྲིག་གཞི་དང་འཛུགས་སྐྲུན་སྒྲིག་ཆས་ཀྱི་མ་ལག་དང་འཛུགས་སྐྲུན་གྱི་བདེ་འཇགས་དང་གྲོན་ཆུང་། བེད་སྤྱོད། མཛེས་དཔྱོད་བཅས་བར་གྱི་འབྲེལ་བའི་གཞི་རྩའི་ཤེས་བྱ་དང་། འཛུགས་སྐྲུན་གྲུབ་ཚུལ་གྱི་རྩ་བའི་རིགས་པ་དང་བྱེད་ཐབས། རྒྱུན་སྤྱོད་ཀྱི་འཛུགས་སྐྲུན་རྒྱུ་ཆ་དང་རྒྱུ་ཆ་གསར་པའི་ནུས་པ་བཅས་ཁོང་དུ་ཆུད་པ་བྱ་དགོས། ལུགས་མཐུན་ངང་འདེམས་སྤྱོད་དང་ཕྱོགས་བསྡུས་བེད་སྤྱོད་ཀྱི་ནུས་པ་ངེས་ཅན་ལྡན་པ་མ་ཟད། ལས་རིགས་མང་པོའི་དབར་གྱི་རྩ་འཛུགས་མཐུན་སྦྱོར་གྱི་ནུས་པ་ངེས་ཅན་ལྡན་པ།
5.རྣམ་གྲངས་ཀྱི་དུས་འགོའི་ཇུས་འགོད་དང་ཨར་སྐྲུན་ཇུས་གཞི། ཨར་སྐྲུན་དཔེ་རིས་འབྲི་བའི་ནུས་པ་ལྡན་དགོས་ཤིང་བཟོ་སྐྲུན་མཛེས་རིག་གི་བློ་སྦྱོང་ཡང་ལྡན་དགོས།
སློབ་གྲྭར་ཞུགས་ནས་རྒྱུགས་ལེན་པའི་དམིགས་ཡུལ་གཙོ་བོ་གཉིས་ཡོད། ཆེས་གཙོ་བོ་ནི་གསར་སྐྱེས་ཀྱི་ལག་བྲིས་གནས་ཚུལ་ཤེས་རྟོགས་དང་དེ་དང་འཚམ་པའི་སློབ་ཁྲིད་ཇུས་གཞི་དང་འཆར་གཞི་བཟོ་རྒྱུ་དེ་ཡིན། དམིགས་ཡུལ་གཞན་ཞིག་ནི་གསར་སྐྱེས་ཀྱི་ཁྲོད་དུ་ལྷན་སྐྱེས་ཀྱི་ཞན་ཆ་ཡོད་མེད། ཡིག་རྒྱུགས་མང་དུ་གཏོང་བའི་དམིགས་ཡུལ་ནི་སློབ་མ་གསར་པ་འགའ་ཤས་མེད་པ་བཟོ་རྒྱུའི་ཆེད་དུ་མིན་པར། མཐོ་རིམ་སློབ་གྲྭ་མང་ཆེ་བ་ཚང་མ་ཡིག་རྒྱུགས་ནང་ཞུགས་ཀྱིན་ཡོད།
ཆེད་ལས་ཀྱི་རྨང་གཞི། བཟོ་བཀོད་རགས་བཤད། བཟོ་སྐྲུན་མཛེས་རྩལ། སྐྱ་བྲིས། བཟོ་སྐྲུན་གྲིབ་ནག་དང་བརྟོལ་མཐོང་། བཟོ་སྐྲུན་གྲུབ་ཚུལ། བཟོ་སྐྲུན་དཔེ་རིས་དང་མཚོན་ཚུལ། བཟོ་སྐྲུན་མཛེས་རྩལ། བཟོ་སྐྲུན་གྱི་ཡུལ་ལྗོངས་མགྱོགས་བྲིས། མཛེས་ལྗོངས་སྐྱེད་ཚལ་འཛུགས་སྐྲུན། བཟོ་སྐྲུན་རྒྱུ་ཆ། རྩིས་འཁོར་རམ་འདེགས་ཇུས་འགོད། ཆེད་ལས་ཕྱི་སྐད་དཔེ་ཀློག་སོགས་འདུས།
བཟོ་སྐྲུན་རིག་པའི་ཚོད་སྐོར་ཐོབ་པའི་སློབ་ཆེན་བཅུ་གྲངས་ཁ་ཤས་ལ་བཟོ་སྐྲུན་རིག་པའི་རབ་འབྱམས་པའི་བསླབ་གནས་སྤྲད་ཆོག་ལ། སློབ་གྲྭ་གཞན་དག་ལ་བཟོ་རིག་པའི་བསླབ་གནས་ལས་སྤྲོད་མི་དགོས། བཟོ་སྐྲུན་རིག་པའི་སློབ་མའི་ངོས་ནས་བཤད་ན་རབ་འབྱམས་པའི་བསླབ་གནས་གཞན་དང་བསྡུར་ན་སློབ་རྒྱུས་ལག་ཁྱེར་གཅིག་མང་དུ་ཕྱིན་ཡོད། ཕན་ཐོགས་ཧ་ཅང་ཆེན་པོ་ཡོད་ལ། རབ་ཡིན་ན་བཟོ་སྐྲུན་རིག་པའི་རབ་འབྱམས་པའི་དབང་ཆ་སྤྲོད་དབང་ཡོད་པའི་སློབ་གྲྭའི་ཆེད་ལས་ལ་མིང་ཐོ་འགོད་དགོས། དཔེར་ན། འཛུགས་སྐྲུན་གྱི་སློབ་གྲྭ་ཆེན་པོ་བརྒྱད། དཔེར་ན། ཆིང་ཧྭ་སློབ་ཆེན་དང་ཐུང་ཅི་སློབ་ཆེན། ཏུང་ནན་སློབ་ཆེན། ཐེན་ཅིན་སློབ་ཆེན། ཧྭ་ནན་རང་བྱུང་རིག་པ་དང་བཟོ་སྐྲུན་སློབ་ཆེན། ཁྲུང་ཆིན་སློབ་ཆེན། ཧར་པིན་བཟོ་ལས་སློབ་ཆེན། ཞི་ཨན་བཟོ་སྐྲུན་ཚན་རྩལ་སློབ་ཆེན། ཧུའུ་ནན་སློབ་ཆེན། ཀྲེ་ཅང་སློབ་ཆེན། ཧྲེན་དབྱང་བཟོ་སྐྲུན་སློབ་ཆེན། ཞ་མོན་སློབ་ཆེན། ཝུའུ་ཧན་རང་བྱུང་རིག་པ་དང་བཟོ་སྐྲུན་སློབ་ཆེན། བྱང་ཕྱོགས་བཟོ་ལས་སློབ་ཆེན།
བཟོ་སྐྲུན་ཇུས་འགོད་གླིང་དང་བཟོ་སྐྲུན་དོན་གཅོད་ཁང་། བཟོ་སྐྲུན་ཇུས་འགོད་ཚོགས་པ་སོགས་སུ་ལས་འགན་འཁུར་ཞིང་། དེའི་ནང་དུ་བཟོ་བཀོད་ཇུས་གཞི་ཇུས་འགོད་དང་བཟོ་སྐྲུན་དཔེ་རིས་ཇུས་འགོད་བྱས་ཏེ། འཛུགས་སྐྲུན་ལས་འགན་ལྟར་བཟོ་སྐྲུན་གྱི་གོ་རིམ་དང་བེད་སྤྱོད་བྱེད་པའི་གོ་རིམ་ཁྲོད་དུ་གནས་པའམ་འབྱུང་སྲིད་པའི་གནད་དོན་དག་སྔོན་ལ་ཁྱོན་ཡོངས་ནས་བསམ་བློ་བཏང་སྟེ། གནད་དོན་དག་ཐག་གཅོད་བྱེད་པའི་ཐབས་ཤེས་དང་ཇུས་གཞི་འཆར་འགོད་ལེགས་པོ་བྱས་ཏེ། དཔེ་རིས་དང་ཡིག་ཆའི་ཐོག་ནས་མཚོན་པར་བྱ་དགོས།
ས་ཁང་བདག་ཁོངས་ཀུང་སིར་ལས་ཀ་བྱེད་ཀྱི་ཡོད་ཅིང་། ཆ་འཕྲིན་བསྡུ་རུབ་བྱེད་ཐབས་དང་ལག་ཆ་སྣ་ཚོགས་སྤྱད་དེ་བདག་དང་བེད་སྤྱོད་བྱེད་མཁན། བཟོ་སྐྲུན་པ། སྤྱི་ཚོགས་ཀྱི་མང་ཚོགས་སོགས་ཀྱི་རིན་ཐང་མ་ལག་གསལ་སྟོན་དང་། བྱེད་སྒོ་སྤེལ་ཡུལ་དང་གནམ་གཤིས་སོགས་ཀྱིས་བཟོ་སྐྲུན་ལ་ཐེབས་པའི་ཤུགས་རྐྱེན་ལ་བརྟག་དཔྱད་བྱས་ནས་ཆ་འཕྲིན་དེ་དག་ཕྱོགས་བསྡུས་བྱས་པ་མ་ཟད། ཇུས་འགོད་ལ་བརྟེན་ནས་ཐག་བཅད་པའི་གནད་དོན་ལ་ཕྱོགས་བསྡོམས་བྱས་ནས་གསལ་བཤད་བྱས་ཏེ་ཇུས་འགོད་ལ་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱེད་ཀྱིན་ཡོད།
འཛུགས་སྐྲུན་རྒྱན་སྤྲོས་ཀུང་སིར་ལས་ཀ་བྱེད་ཀྱིན་ཡོད་ལ། དེ་ལ་སྤྱི་ཆས་དང་ཁྱིམ་ཆས་གཉིས་ཡོད།ཁང་པའི་ནང་གི་བེད་སྤྱོད་ཀྱི་ངོ་བོ་དང་ཁོར་ཡུག བབ་མཚུངས་ཀྱི་ཚད་གཞི་བཅས་ལ་གཞིགས་ནས་དངོས་པོའི་ཐབས་ཤེས་དང་འཛུགས་སྐྲུན་མཛེས་རིག་གི་རྩ་བའི་རིགས་པ་བེད་སྤྱད་ནས། མི་རྣམས་ལ་ལུགས་མཐུན་དང་བདེ་སྐྱིད། མཛེས་སྡུག་བཅས་ཀྱི་སྒོ་ནས་མི་རྣམས་ཀྱི་དངོས་པོ་དང་བསམ་པའི་དགོས་མཁོ་སྐོང་ཐུབ་པའི་ཁང་པའི་ནང་གི་ཁོར་ཡུག་ཅིག་བསྐྲུན་དགོས།
སྐྱེ་ཁམས་འཛུགས་སྐྲུན་རིག་པ(Acologies)ཡང་ན་འཛུགས་སྐྲུན་སྐྱེ་ཁམས་རིག་པ(Arcology)ཞེས་པ་ནི་རང་བྱུང་ཁམས་ཀྱི་སྐྱེ་དངོས་དང་ཁོར་ཡུག་བར་གྱི་འབྲེལ་བར་ཞིབ་འཇུག་བྱེད་པའི་སྐྱེ་ཁམས་རིག་པའི(Ecology)གཞུང་ལུགས་ཀྱི་རྨང་གཞིའི་སྟེང་དུ་བཙུགས་པའི་འཛུགས་སྐྲུན་འཆར་འགོད་ཀྱི་ཇུས་འགོད་གཞུང་ལུགས་དང་ཐབས་ཤེས་ཡིན་ལ། ཡང་ན་དེ་ནི་སའི་གོ་ལའི་སྟེང་གི་ཚེ་སྲོག་གི་འགུལ་སྐྱོད་བྱེད་ནུས་དོ་མཉམ་ངང་འཕེལ་རྒྱས་ཡོང་བའི་སྐྱེ་ཁམས་རིག་པའི་ཁྱབ་ཁོངས་སུ་ཁྱབ་པའི་ཡན་ལག་ཅིག་ཡིན་ཞིང་། དེ་ལས་དེང་རབས་ཀྱི་འཛུགས་སྐྲུན་བསམ་པའི་རླབས་རྒྱུན་གྱི་རིན་ཐང་གི་ལྟ་བ་མཚོན་ཡོད།
དེང་རབས་ཚན་རྩལ་གྱི་གྲུབ་འབྲས་ལྟར་ན། སྐྱེ་ཁམས་འཛུགས་སྐྲུན་རིག་པས་རང་བྱུང་སྐྱེ་ཁམས་མ་ལག་ལ་བརྟེན་ནས་མིས་བཟོས་སྐྱེ་ཁམས་མ་ལག་གསར་སྐྲུན་བྱེད་པའི་བརྒྱུད་རིམ་ཁྲོད། ནུས་ཚད་དང་དངོས་པོའི་བཞུར་རྒྱུན་དོ་མཉམ་མངོན་འགྱུར་བྱ་དགོས། དེ་ནི་སྐྱེ་ཁམས་དོ་མཉམ་གྱི་རྩ་དོན་ཡིན་པ་དང་། ནུས་ཚད་ཞེས་པ་ནི་ནུས་ཚད་འཁོར་སྐྱོད་ལ་ཟེར། དེའི་ནང་དུ་ཉི་མའི་འགྱེད་འཕྲོ་དོ་མཉམ་དང་དྲོད་ཚད་ཀྱི་དོ་མཉམ་དང་། རླུང་ནུས་དང་ཆུ་ནུས་ཀྱི་འདུ་འགྲིལ་དང་སྤོ་བསྒྱུར་བྱེད་པ་སོགས་འདུས།
རྒྱལ་ནང་དུ་སྐད་གྲགས་ཆེ་བའི་བཟོ་སྐྲུན་སློབ་གླིང་སྟེ། ཆིན་ཧྭ་སློབ་ཆེན་དང་ཐུང་ཅི་སློབ་ཆེན། ཐེན་ཅིན་སློབ་ཆེན། ཏུང་ནན་སློབ་ཆེན་བཅས་ཆེ་བཞི་དང་། “ཆུང་བཞི”ནི་ཧྭ་ལྷོ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ། ཧར་པིན་བཟོ་ལས་སློབ་ཆེན། ཁྲུང་ཆིན་སློབ་ཆེན། ཞི་ཨན་བཟོ་སྐྲུན་ཚན་རྩལ་སློབ་ཆེན། སློབ་གྲྭ་དེ་བརྒྱད་ནི་ལས་རིགས་གཅིག་པའི་ནང“སློབ་གྲྭ་རྙིང་གྲས་བརྒྱད”ཅེས་བརྗོད་ཀྱིན་ཡོད། སློབ་ཆེན་བརྒྱད་ལ་ཚང་མར་རང་རང་སོ་སོའི་ཁྱད་ཆོས་ལྡན་པ་དང་། སློབ་གྲྭ་རེར་རང་ཉིད་ཀྱི་ཁྱད་ཆོས་དང་དངོས་ཤུགས་ཆེན་པོ་ལྡན། ལོ་ལྟར་རྒྱལ་ནང་གི་བཟོ་སྐྲུན་རིག་པའི་ཆེད་ལས་ཀྱི་ཚོད་སྐོར་ཁྲོད་མདུན་གྲལ་དུ་སླེབས་ཡོད།
ཧར་པིན་བཟོ་ལས་སློབ་ཆེན། ཧྲེན་དབྱང་ཨར་སྐྲུན་སློབ་ཆེན་གྱི་ཨར་སྐྲུན་དང་འཆར་འགོད་སློབ་གླིང་། ཏ་ལན་རང་བྱུང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་འཛུགས་སྐྲུན་དང་སྒྱུ་རྩལ་སློབ་གླིང་། ཏ་ལེན་སློབ་གྲྭ་ཆེན་མོའི་བཟོ་སྐྲུན་སློབ་གླིང་། ཧར་པིན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་བཟོ་སྐྲུན་སློབ་གླིང་། ལིའོ་ཉིང་བཟོ་སྐྲུན་ལག་རྩལ་སློབ་ཆེན་གྱི་བཟོ་སྐྲུན་སློབ་གླིང་། ཧྲེན་དབྱང་བཟོ་ལས་སློབ་ཆེན་གྱི་འཛུགས་སྐྲུན་སློབ་གླིང་། ལིའོ་ཉིན་བཟོ་ལས་སློབ་གྲྭ་ཆེན་མོའི་སྒྱུ་རྩལ་ཇུས་འགོད་དང་བཟོ་སྐྲུན་སློབ་གླིང་། ཧེ་ལུང་ཅང་སློབ་ཆེན་གྱི་བཟོ་སྐྲུན་སློབ་གླིང་། ཅི་ལིན་འཛུགས་སྐྲུན་སློབ་ཆེན་གྱི་འཛུགས་སྐྲུན་དང་འཆར་འགོད་སློབ་གླིང་། ཧེ་ལུང་ཅང་འཛུགས་སྐྲུན་ལས་རིགས་ལག་རྩལ་སློབ་གླིང་གི་འཛུགས་སྐྲུན་དང་གྲོང་ཁྱེར་འཆར་འགོད་སློབ་གླིང་། ཧེ་ལུང་ཅང་ཚན་རྩལ་སློབ་ཆེན་གྱི་བཟོ་སྐྲུན་སློབ་གླིང་། ཧེ་ལུང་ཅང་བཟོ་སྐྲུན་སློབ་གླིང་གི་བཟོ་སྐྲུན་སློབ་གླིང་། བྱང་ཤར་རྡོ་སྣུམ་སློབ་ཆེན་གྱི་བཟོ་སྐྲུན་སློབ་གླིང་། ཧྲེན་དབྱང་སློབ་ཆེན་གྱི་བཟོ་སྐྲུན་སློབ་གླིང་། ཧྲེན་དབྱང་གྲོང་ཁྱེར་འཛུགས་སྐྲུན་སློབ་གླིང་། ཁྲང་ཁྲུན་ལས་གྲྭ་སློབ་གླིང་། བྱང་ཤར་སློབ་ཆེན་གྱི་གཙང་པོ་དང་ཆུ་བོའི་བཟོ་སྐྲུན་སློབ་གླིང་།
ཆིན་ཧྭ་སློབ་ཆེན་གྱི་འཛུགས་སྐྲུན་སློབ་གྲྭ་ཆེན་མོ། ཐེན་ཅིན་སློབ་གྲྭ་ཆེན་མོའི་བཟོ་སྐྲུན་སློབ་གྲྭ་ཆེན་མོ། པེ་ཅིང་འགྲིམ་འགྲུལ་སློབ་གྲྭ་ཆེན་མོའི་བཟོ་སྐྲུན་དང་སྒྱུ་རྩལ་སློབ་གླིང་། པེ་ཅིང་བཟོ་སྐྲུན་སློབ་ཆེན་གྱི་བཟོ་སྐྲུན་དང་གྲོང་ཁྱེར་འཆར་འགོད་སློབ་གླིང་། པེ་ཅིང་བཟོ་ལས་སློབ་ཆེན་གྱི་བཟོ་སྐྲུན་སློབ་གླིང་། ཀྲུང་དབྱང་མཛེས་རྩལ་སློབ་གླིང་གི་བཟོ་སྐྲུན་སློབ་གླིང་། པེ་ཅིང་སློབ་ཆེན་གྱི་ཨར་ལས་དང་ཡུལ་ལྗོངས་ཇུས་འགོད་སློབ་གླིང་། བྱང་ཕྱོགས་བཟོ་ལས་སློབ་ཆེན་གྱི་བཟོ་སྐྲུན་དང་སྒྱུ་རྩལ་སློབ་གླིང་། ཐེན་ཅིན་གྲོང་ཁྱེར་འཛུགས་སྐྲུན་སློབ་ཆེན་གྱི་བཟོ་སྐྲུན་སློབ་གླིང་། ནང་སོག་བཟོ་ལས་སློབ་གྲྭ་ཆེན་མོའི་བཟོ་སྐྲུན་སློབ་གླིང་། ནང་སོག་ཚན་རྩལ་སློབ་ཆེན་གྱི་འཛུགས་སྐྲུན་དང་བཟོ་སྐྲུན་སློབ་གླིང་། ཧོ་པེ་བཟོ་སྐྲུན་སློབ་གླིང་གི་བཟོ་སྐྲུན་ཚན་ཁག ཐའེ་ཡོན་བཟོ་རིག་སློབ་ཆེན་གྱི་བཟོ་སྐྲུན་སློབ་གླིང་། ཧོ་པེ་བཟོ་ལས་སློབ་ཆེན་གྱི་བཟོ་སྐྲུན་དང་སྒྱུ་རྩལ་སློབ་གླིང་། ཧོ་པེ་སློབ་ཆེན་གྱི་བཟོ་སྐྲུན་སློབ་གླིང་། ཡན་ཧྲན་སློབ་ཆེན་གྱི་བཟོ་སྐྲུན་དང་ཤུགས་རིག་པའི་སློབ་གླིང་། ཧོ་པེ་མཉམ་འབྲེལ་སློབ་ཆེན་གྱི་བཟོ་སྐྲུན་སློབ་གླིང་།
ཤར་ལྷོ་སློབ་ཆེན་གྱི་བཟོ་སྐྲུན་སློབ་གླིང་། ཐུང་ཅི་སློབ་གྲྭ་ཆེན་མོའི་བཟོ་སྐྲུན་སློབ་གླིང་། ཀྲེ་ཅང་སློབ་ཆེན་གྱི་བཟོ་སྐྲུན་སློབ་གླིང་། ནན་ཅིན་སློབ་ཆེན་གྱི་འཛུགས་སྐྲུན་དང་གྲོང་ཁྱེར་འཆར་འགོད་སློབ་གླིང་། ཧྲང་ཧའེ་སློབ་ཆེན་གྱི་ཧྲང་ཧའེ་མཛེས་རྩལ་སློབ་གླིང་ཚན་ཁག ཧྲན་ཏུང་འཛུགས་སྐྲུན་སློབ་ཆེན་གྱི་བཟོ་སྐྲུན་སློབ་གླིང་། ཧྲན་ཏུང་སློབ་ཆེན་གྱི་བཟོ་སྐྲུན་དང་ཆུ་བེད་སློབ་གླིང་། ཉིང་པོ་ནོ་ཏིན་ཧན་སློབ་ཆེན་གྱི་བཟོ་སྐྲུན་ཚན་ཁག ཀྲུང་གོའི་རྡོ་སྣུམ་སློབ་ཆེན་གྱི་བཟོ་སྐྲུན་སྡེ་ཁག ལིའོ་ཁྲེང་སློབ་ཆེན་གྱི་བཟོ་སྐྲུན་སློབ་གླིང་། ཡན་ཐའེ་སློབ་ཆེན་གྱི་བཟོ་སྐྲུན་སློབ་གླིང་། ཆིང་ཏའོ་བཟོ་རིག་སློབ་ཆེན་གྱི་འཛུགས་སྐྲུན་སློབ་གླིང་། ཝེ་ཧྥང་སློབ་གླིང་གི་འཛུགས་སྐྲུན་ཁང་། ཞ་མོན་སློབ་གྲྭ་ཆེན་མོའི་བཟོ་སྐྲུན་སློབ་གླིང་། ཧོ་ཧྥེའི་བཟོ་ལས་སློབ་གྲྭ་ཆེན་མོའི་བཟོ་སྐྲུན་དང་སྒྱུ་རྩལ་སློབ་གླིང་། ཨན་ཧུའེ་བཟོ་སྐྲུན་སློབ་ཆེན་གྱི་བཟོ་སྐྲུན་ལས་གྲྭའི་སློབ་གླིང་། ནན་ཅིན་བཟོ་ལས་སློབ་གྲྭ་ཆེན་མོའི་བཟོ་སྐྲུན་སློབ་གླིང་། ཕྱིར་སྡོད་རང་མིའི་སློབ་གྲྭ་ཆེན་མོའི་བཟོ་སྐྲུན་སློབ་གླིང་། ཨན་ཧུའེ་བཟོ་སྐྲུན་སློབ་ཆེན་གྱི་བཟོ་སྐྲུན་དང་འཆར་འགོད་སློབ་གླིང་། ཉིང་པོ་བཟོ་སྐྲུན་སློབ་གླིང་གི་བཟོ་སྐྲུན་སློབ་གླིང་དང་། ཝུན་ཀྲོའུ་སློབ་གྲྭ་ཆེན་མོའི་བཟོ་སྐྲུན་སློབ་གླིང་། ཧྥུ་ཀྲོའུ་སློབ་གྲྭ་ཆེན་མོའི་བཟོ་སྐྲུན་སློབ་གླིང་། ཨན་ཧུའེ་བཟོ་རིག་སློབ་ཆེན་གྱི་བཟོ་སྐྲུན་འཛུགས་སྐྲུན་སློབ་གླིང་། ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་གྱི་གྲུ་གཟིངས་རྒྱ་མཚོ་དང་བཟོ་སྐྲུན་སློབ་གླིང་། ཧྥུ་ཅན་བཟོ་སྐྲུན་སློབ་གླིང་གི་བཟོ་སྐྲུན་དང་འཆར་འགོད་སྡེ་ཁག ཅིན་ཀང་རི་བོའི་སློབ་ཆེན་གྱི་བཟོ་སྐྲུན་སློབ་གླིང་དང་། ཀྲུང་གོའི་གཏེར་ལས་སློབ་ཆེན་གྱི་ཤུགས་རིག་དང་བཟོ་སྐྲུན་སློབ་གླིང་། དབྱང་ཀྲོའུ་སློབ་ཆེན་གྱི་བཟོ་བཀོད་ཚན་རིག་དང་བཟོ་བཀོད་སློབ་གླིང་། ཨན་ཧུའེ་བཟོ་ལས་སློབ་གྲྭ་ཆེན་མོའི་བཟོ་སྐྲུན་སློབ་གླིང་། ཅི་ནན་སློབ་ཆེན་གྱི་འཛུགས་སྐྲུན་སློབ་གླིང་། ནན་ཁྲང་སློབ་གྲྭ་ཆེན་མོའི་བཟོ་སྐྲུན་སློབ་གླིང་། ཅང་ཞིའི་དགེ་འོས་སློབ་ཆེན་གྱི་གྲོང་ཁྱེར་འཛུགས་སྐྲུན་སློབ་གླིང་། ནན་ཐུང་སློབ་གྲྭ་ཆེན་མོའི་བཟོ་སྐྲུན་སློབ་གླིང་། ཉིང་པོ་སློབ་ཆེན་གྱི་བཟོ་སྐྲུན་དང་ཁོར་ཡུག་སློབ་གླིང་། ཀྲེ་ཅང་སློབ་ཆེན་ཉིང་པོ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་། ཀྲེ་ཅང་བཟོ་ལས་སློབ་གྲྭ་ཆེན་མོའི་བཟོ་སྐྲུན་སློབ་གླིང་། སུའུ་ཀྲའུ་སློབ་ཆེན་གྱི་བཟོ་སྐྲུན་དང་གྲོང་ཁྱེར་གྱི་ཁོར་ཡུག་སློབ་གླིང་། ཀྲེ་ཅང་རང་བྱུང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་བཟོ་སྐྲུན་སློབ་གླིང་། ཀྲེ་ཅང་ཚན་རྩལ་སློབ་གླིང་གི་བཟོ་སྐྲུན་སློབ་གླིང་དང་། ཅིན་ལིན་ཚན་རྩལ་སློབ་གླིང་གི་བཟོ་སྐྲུན་སློབ་གླིང་དང་། ཧྲང་ཧའེ་ཉེར་སྤྱོད་ལག་རྩལ་སློབ་ཆེན་གྱི་གྲོང་ཁྱེར་འཛུགས་སྐྲུན་དང་བདེ་འཇགས་བཟོ་སྐྲུན་སློབ་གླིང་། སུའུ་ཀྲོའུ་ཚན་རྩལ་སློབ་གླིང་གི་འཛུགས་སྐྲུན་དང་གྲོང་ཁྱེར་འཆར་འགོད་སློབ་གླིང་། ཆིང་ཏའོ་ཞིང་ལས་སློབ་ཆེན་གྱི་བཟོ་སྐྲུན་སློབ་གླིང་། ནན་ཅིན་བཟོ་སྐྲུན་སློབ་གླིང་གི་ཨར་ལས་སློབ་གླིང་། པིན་ཀྲོའུ་སློབ་གླིང་གི་ཨར་ལས་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད་ཚན་ཁག ཞ་མོན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་གི་བཟོ་སྐྲུན་ཚན་ཁག ཅ་ཞིང་སློབ་གླིང་གི་བཟོ་སྐྲུན་སློབ་གླིང་། ཝུའུ་དབྱི་སློབ་གླིང་གི་བཟོ་སྐྲུན་སློབ་གླིང་། ཧྲན་ཏུང་བཟོ་རྩལ་མཛེས་རྩལ་སློབ་གླིང་གི་བཟོ་སྐྲུན་དང་མཛེས་ལྗོངས་ཇུས་འགོད་སློབ་གླིང་། ཧྲའོ་ཤིང་རིག་སློབ་སློབ་གླིང་གི་བཟོ་སྐྲུན་སློབ་གླིང་། ཧོ་ནན་ཞིང་ལས་སློབ་ཆེན་གྱི་ནགས་ལས་སློབ་གླིང་།
ཀྲུང་ཧྭ་ཤར་རྒྱུད་འགྲིམ་འགྲུལ་སློབ་ཆེན་གྱི་འཛུགས་སྐྲུན་སློབ་གླིང་། ཧྭ་དབུས་ཚན་རྩལ་སློབ་གྲྭ་ཆེན་མོའི་གྲོང་ཁྱེར་འཆར་འགོད་སློབ་གླིང་། ཧུའུ་ནན་སློབ་གྲྭ་ཆེན་མོའི་བཟོ་སྐྲུན་སློབ་གླིང་། ཀྲུང་ནན་སློབ་ཆེན་གྱི་བཟོ་བཀོད་དང་སྒྱུ་རྩལ་སློབ་གླིང་། ཝུའུ་ཧན་སློབ་ཆེན་གྱི་གྲོང་ཁྱེར་ཇུས་འགོད་སློབ་གླིང་། ཀྲེང་ཀྲོའུ་སློབ་གྲྭ་ཆེན་མོའི་བཟོ་སྐྲུན་སློབ་གླིང་། ཝུའུ་ཧན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་བཟོ་སྐྲུན་སློབ་གླིང་། ཧུའུ་པེ་བཟོ་ལས་སློབ་གྲྭ་ཆེན་མོའི་བཟོ་སྐྲུན་སློབ་གླིང་། ཧུའུ་པེ་བཟོ་སྐྲུན་སློབ་གླིང་གི་གྲོང་ཁྱེར་འཛུགས་སྐྲུན་སློབ་གླིང་། ཁྲང་ཧྲ་རང་བྱུང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་འཛུགས་སྐྲུན་སློབ་གླིང་། ཧུའུ་ནན་ཚན་རྩལ་སློབ་ཆེན་གྱི་འཛུགས་སྐྲུན་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད་སློབ་གླིང་། ཧུའུ་ནན་བཟོ་ལས་སློབ་གྲྭ་ཆེན་མོའི་འཛུགས་སྐྲུན་དང་གྲོང་ཁྱེར་དང་གྲོང་གསེབ་འཆར་འགོད་སློབ་གླིང་། ཧུའུ་ནན་གྲོང་ཁྱེར་སློབ་གླིང་གི་འཛུགས་སྐྲུན་དང་གྲོང་ཁྱེར་འཆར་འགོད་སློབ་གླིང་། ཝུའུ་ཧན་ཚན་རྩལ་སློབ་ཆེན་གྱི་གྲོང་ཁྱེར་འཛུགས་སྐྲུན་སློབ་གླིང་། ཀྲུང་ཡོན་བཟོ་ལས་སློབ་གླིང་གི་བཟོ་སྐྲུན་སློབ་གླིང་། ནན་དབྱང་དགེ་འོས་སློབ་གྲྭའི་བཟོ་སྐྲུན་སློབ་གླིང་། ཧྭ་བྱང་ཆུ་བེད་ཆུ་གློག་སློབ་ཆེན་གྱི་བཟོ་སྐྲུན་སློབ་གླིང་། ཧོ་ནན་སློབ་ཆེན་གྱི་བཟོ་སྐྲུན་སློབ་གླིང་། ཧོ་ནན་བཟོ་ལས་སློབ་གྲྭ་ཆེན་མོའི་བཟོ་སྐྲུན་སློབ་གླིང་། ཧོ་ནན་ཚན་རྩལ་སློབ་གྲྭ་ཆེན་མོའི་བཟོ་སྐྲུན་སློབ་གླིང་། ནན་དབྱང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་། ཧོ་ནན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་བཟོ་སྐྲུན་དང་སྒྱུ་རྩལ་ཇུས་འགོད་སློབ་གླིང་། ཧོ་ནན་གྲོང་ཁྱེར་འཛུགས་སྐྲུན་སློབ་གླིང་གི་བཟོ་སྐྲུན་དང་གྲོང་ཁྱེར་འཆར་འགོད་སློབ་གླིང་། འབྲི་ཆུའི་འགག་གསུམ་སློབ་ཆེན་གྱི་བཟོ་སྐྲུན་སློབ་གླིང་། ཝུའུ་ཧན་བཟོ་ལས་སློབ་གླིང་གི་བཟོ་སྐྲུན་སློབ་གླིང་། འབྲི་ཆུའི་སློབ་ཆེན་གྱི་གྲོང་ཁྱེར་འཛུགས་སྐྲུན་སློབ་གླིང་། ཧོང་ཧོའེ་སློབ་གླིང་གི་བཟོ་སྐྲུན་སློབ་གླིང་། ནན་དབྱང་དགེ་འོས་སློབ་གྲྭའི་བཟོ་སྐྲུན་སློབ་གླིང་།
ཧྭ་ལྷོ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་འཛུགས་སྐྲུན་སློབ་གླིང་། ཧྲེན་ཀྲེན་སློབ་ཆེན་གྱི་འཛུགས་སྐྲུན་དང་གྲོང་ཁྱེར་འཆར་འགོད་སློབ་གླིང་། ཀོང་ཀྲོའུ་སློབ་ཆེན་གྱི་བཟོ་བཀོད་དང་གྲོང་ཁྱེར་འཆར་འགོད་སློབ་གླིང་། ཀོང་ཞི་སློབ་གྲྭ་ཆེན་མོའི་བཟོ་སྐྲུན་སློབ་གླིང་། ཧྭ་ནན་ཞིང་ལས་སློབ་ཆེན་གྱི་ཆུ་བེད་དང་ས་ཤིང་སློབ་གླིང་། ཀུའེ་ལིན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་བཟོ་སྐྲུན་་སློབ་གླིང་། ཀོང་ཏུང་བཟོ་ལས་སློབ་ཆེན་གྱི་བཟོ་སྐྲུན་དང་གྲོང་ཁྱེར་འཆར་འགོད་སློབ་གླིང་། ཧའེ་ནན་སློབ་ཆེན་གྱི་བཟོ་བཀོད་དང་གྲོང་ཁྱེར་གྱི་འཆར་འགོད་སློབ་གླིང་། ཧའེ་ནན་སློབ་ཆེན་གྱི་བཟོ་སྐྲུན་སློབ་གླིང་། ཝུའུ་དབྱི་སློབ་ཆེན་གྱི་བཟོ་སྐྲུན་སློབ་གླིང་། ཀོང་ཏུང་པའེ་ཡུན་སློབ་གླིང་གི་སྒྱུ་རྩལ་སློབ་གླིང་དང་བཟོ་སྐྲུན་སློབ་གླིང་། ཀུའེ་ལིན་རང་བྱུང་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་པོ་ཝུན་དོ་དམ་སློབ་གླིང་གི་བཟོ་སྐྲུན་བཅས་རེད།
ཁྲུང་ཆིང་སློབ་ཆེན་གྱི་འཛུགས་སྐྲུན་སློབ་གླིང་། སི་ཁྲོན་མཛེས་རྩལ་སློབ་གླིང་བཟོ་སྐྲུན་སྒྱུ་རྩལ་ཚན་ཁག ལྷོ་ནུབ་འགྲིམ་འགྲུལ་སློབ་ཆེན་གྱི་འཛུགས་སྐྲུན་སློབ་གླིང་། ཁུན་མིང་རང་བྱུང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་འཛུགས་སྐྲུན་དང་གྲོང་ཁྱེར་འཆར་འགོད་སློབ་གླིང་། སི་ཁྲོན་སློབ་ཆེན་གྱི་འཛུགས་སྐྲུན་དང་ཁོར་ཡུག་སློབ་གླིང་། ཁྲུང་ཆིན་འགྲིམ་འགྲུལ་སློབ་ཆེན་གྱི་བཟོ་བཀོད་དང་གྲོང་ཁྱེར་འཆར་འགོད་སློབ་གླིང་། ཞི་ཧྭ་སློབ་ཆེན་གྱི་བཟོ་བཀོད་སློབ་གླིང་། སི་ཁྲོན་སློབ་ཆེན་གྱི་ཅིན་ཁྲེང་སློབ་གླིང་གི་བཟོ་སྐྲུན་སློབ་གླིང་། ཀུའེ་ཀྲོའུ་སློབ་ཆེན་གྱི་བཟོ་སྐྲུན་སློབ་གླིང་། ལྷོ་ནུབ་ཚན་རྩལ་སློབ་ཆེན་གྱི་བཟོ་སྐྲུན་སློབ་གླིང་། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་གྲོང་ཁྱེར་འཆར་འགོད་དང་ཨར་ལས་རིག་པའི་སློབ་གླིང་། ལྷོ་ནུབ་ནོར་དཔལ་སློབ་ཆེན་གྱི་ཐེན་ཧྥུ་སློབ་གླིང་བཅས་ཡིན།
ཞི་ཨན་འཛུགས་སྐྲུན་ཚན་རྩལ་སློབ་གྲྭ་ཆེན་མོའི་བཟོ་སྐྲུན་སློབ་གླིང་། ཞི་ཨན་ཚན་རྩལ་སློབ་གྲྭ་ཆེན་མོའི་བཟོ་བཀོད་དང་བཟོ་སྐྲུན་སློབ་གླིང་། ཞི་ཨན་འགྲིམ་འགྲུལ་སློབ་ཆེན་གྱི་མིའི་འཚོ་གནས་ཁོར་ཡུག་དང་བཟོ་སྐྲུན་སློབ་གླིང་། ཁྲང་ཨན་སློབ་ཆེན་གྱི་བཟོ་སྐྲུན་སློབ་གླིང་། ལན་ཀྲོའུ་འགྲིམ་འགྲུལ་སློབ་ཆེན་གྱི་བཟོ་སྐྲུན་དང་གྲོང་ཁྱེར་འཆར་འགོད་སློབ་གླིང་། ནུབ་བྱང་བཟོ་ལས་སློབ་ཆེན་གྱི་ཤུགས་རིག་པ་དང་བཟོ་སྐྲུན་སློབ་གླིང་། ལན་ཀྲོའུ་བཟོ་རིག་སློབ་ཆེན་གྱི་ཇུས་འགོད་སྒྱུ་རྩལ་སློབ་གླིང་། ཧྲའན་ཞི་རང་བྱུང་བཟོ་སྐྲུན་སློབ་གླིང་།
ཞང་ཀང་སློབ་ཆེན་གྱི་བཟོ་སྐྲུན་སློབ་གླིང་། ཞང་ཀང་རྒྱ་ཡིག་སློབ་ཆེན་གྱི་བཟོ་སྐྲུན་སློབ་གླིང་། ཤར་རྒྱ་མཚོའི་སློབ་གྲྭ་ཆེན་མོའི་བཟོ་སྐྲུན་རིག་པ། ཧྥུན་ཅ་སློབ་གྲྭ་ཆེན་མོའི་བཟོ་སྐྲུན་རིག་པ། ཀྲུང་ཡོན་སློབ་ཆེན་གྱི་བཟོ་སྐྲུན་ཚན་ཁག་དང་། ཏན་ཅང་སློབ་ཆེན་གྱི་བཟོ་སྐྲུན་ཚན་ཁག ཀྲུང་གོའི་རིག་གནས་སློབ་ཆེན་གྱི་བཟོ་སྐྲུན་དང་གྲོང་ཁྱེར་གྱི་ཇུས་འགོད་ཚན་ཁག ལག་ལེན་སློབ་ཆེན་གྱི་བཟོ་སྐྲུན་ཇུས་འགོད་ཚན་ཁག ཐའེ་ཝན་སློབ་ཆེན་གྱི་བཟོ་སྐྲུན་དང་གྲོང་ཁྱེར་དང་གྲོང་གསེབ་ཞིབ་འཇུག་སོའོ །འགྲིམ་འགྲུལ་སློབ་ཆེན་གྱི་བཟོ་སྐྲུན་ཞིབ་འཇུག་སོའོ། ཐའེ་ཝན་ཚན་རྩལ་སློབ་ཆེན་གྱི་བཟོ་སྐྲུན་ཚན་ཁག འཛུགས་སྐྲུན་ཞིབ་འཇུག་སོའོ། ཁྲའོ་དབྱང་ཚན་རྩལ་སློབ་ཆེན་གྱི་བཟོ་སྐྲུན་ཚན་ཁག ཡུན་ལིན་ཚན་རྩལ་སློབ་ཆེན་གྱི་བཟོ་སྐྲུན་དང་ཁང་བའི་ཇུས་འགོད་ཚན་ཁག