ནན་ཀོན་ཆུས་མི་དམངས་ཁྲིམས་ཁང་།སྔ་མའི་པར་གཞི་དེ དཔལ་ལྷ་མོ།  ནས 2021-04-21 09:41ལ་འགྲུབ།

ནན་ཀོན་ཆུས་མི་དམངས་ཁྲིམས་ཁང་།

ནན་ཀོན་ཆུས་མི་དམངས་ཁྲིམས་ཁང་།
སྤྱི་ལོ1957ལོའི་ཟླ4པར་ཁྲང་ཁྲུན་གྲོང་ཁྱེར་གྱི་ཆུས་གསུམ་པའི་མི་དམངས་ཁྲིམས་ཁང་བཙུགས། སྤྱི་ལོ1955ལོར་ཁྲང་ཁྲུན་གྲོང་ཁྱེར་ནན་ཀོན་ཆུས་མི་དམངས་ཁྲིམས་ཁང་ཞེས་པར་བསྒྱུར་ཞིང་། སྤྱི་ལོ1957ལོའི་ཟླ6པར་དེ་སྔའི་ཁྲང་ཁྲུན་ཆུས་ཀྱི་ཁྲིམས་ཁང་དང་ནན་ཀོན་ཆུས་ཀྱི་ཁང་གཉིས་ཟླ་སྒྲིལ་བཏང་ནས་ཁྲང་ཁྲུན་གྲོང་ཁྱེར་ནན་ཀོན་ཆུས་མི་དམངས་ཁྲིམས་ཁང་དུ་བསྒྱུར་ཡོད། ཁྲིམས་ཁང་གི་འདྲི་གཅོད་གཞུང་ལས་ཐོག་ཁང་དེ་ད་ལྟ་ནན་ཀོན་ཆུས་ཡ་ཐའེ་ཁྲོམ་གཞུང་ཨང8058པར་གནས་ཡོད། ཁྲིམས་ཁང་ཡོངས་སུ་ད་ཆ་མི་གྲངས144ཡོད་པ་དང་སྒྲིག་ཁོངས་སུ་ཚུད་པའི་མི་སྣའི་ཁྲོད་དངོས་གཞིའི་ཚན་ཁག་ཡན་གྱི་སློབ་རྒྱུས་ལྡན་པས་མི་གྲངས་བསྡོམས་འབོར་གྱི86.88%བཟུང་བའི་ནང་རབ་འབྱམས་པ17ཡོད་པ་དེས་མི་གྲངས་བསྡོམས་འབོར་གྱི11.88%བཟུང་བ་དང་ཁྲིམས་ཁང་གི་དཔུང་ཁག་ལ་ཤེས་ཡོན་ཅན་དང་ཆེད་ལས་ཅན་བཅས་ཀྱི་ཁྱད་ཆོས་མངོན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
南关区人民法院
སྦྲག་སྲིད་ཨང་གྲངས།
130022
ཁུལ་ཁོངས།
ཁྲང་ཁྲུན་གྲོང་ཁྱེར་ནན་ཀོན་ཆུས།
བཙུགས་ལོ།
སྤྱི་ལོ1954ལོར་བཙུགས།
གནས་ཡུལ།
ཁྲང་ཁྲུན་གྲོང་ཁྱེར་ནན་ཀོན་ཆུས་ཡཱ་ཐའེ་སྲང་ལམ་ཨང8058པ།
1 ངོ་སྤྲོད་མདོར་བསྡུས།

ཁྲང་ཁྲུན་གྲོང་ཁྱེར་ནན་ཀོན་ཆུས་མི་དམངས་ཁྲིམས་ཁང་ནི་སྤྱི་ལོ1954ལོའི་ཟླ4པར་བཙུགས་པ་དང་། ཁྲིམས་ཁང་གི་འདྲི་གཅོད་གཞུང་ལས་ཐོག་ཁང་དེ་ད་ལྟ་ནན་ཀོན་ཆུས་ཀྱི་ཡ་ཐའེ་ཁྲོམ་གཞུང་ཨང8058པའི་ཁང་ཡོངས་སུ་ཡོད་པའི་མི་སྣ144ཡོད་པ་དང་། སྒྲིག་ཁོངས་སུ་ཚུད་པའི་མི་སྣའི་ཁྲོད་དངོས་གཞིའི་ཚན་ཁག་ཡན་གྱི་སློབ་རྒྱུས་ལྡན་པའི་མི་གྲངས་བསྡོམས་འབོར་གྱི86.888%ཟིན་པའི་ནང་རབ་འབྱམས་པ17ཡོད་པ་དེས་མི་གྲངས་བསྡོམས་འབོར་གྱི11.888%ཟིན་ཡོད།

2 སྒྲིག་གཞི་སྒྲིག་འགོད།

ནན་ཀོན་ཁྲིམས་ཁང་དུ་ད་ལྟ་གྱོད་དོན་ཐོ་འགོད་ཀྱི་ཁྲིམས་ར་དང་ཉེས་དོན་འདྲི་གཅོད་ཁྲིམས་ར། དམངས་དོན་འདྲི་གཅོད་ཀྱི་ཁྲིམས་ར་དང་པོ་དང་དམངས་དོན་འདྲི་གཅོད་ཀྱི་ཁྲིམས་ར་གཉིས་པ། སྲིད་འཛིན་ཁྲིམས་ར། ཐའོ་ཡོན་དང་བདེ་སྐྱིད་ཀྱི་མི་དམངས་ཁྲིམས་ར2ལག་བསྟར་ཅུའུ(ལག་བསྟར་ཚན་ཁག་དང་པོ་དང་ལག་བསྟར་ཚན་ཁག་གཉིས་པ། ལག་བསྟར་ཕྱོགས་བསྡུས་ཚན་ཁག་བཅས་ཚུད་ཡོད)གཞུང་ལས་ཁང་དང་ཞིབ་འཇུག་ཁང་། ལྟ་ཞིབ་ཁང་། འདྲི་གཅོད་དོ་དམ་གཞུང་ལས་ཁང་། ཁྲིམས་འཛིན་ཉེན་རྟོག་རུ་ཆེན་བཅས་དང་རྒྱབ་ཕྱོགས་ཞབས་ཞུ་ལྟེ་གནས་སོགས་སྡེ་ཁག17ཡོད།

3 ཁྲིམས་ཁང་འཛུགས་སྐྲུན།

ཉེ་བའི་ལོ་འགའི་རིང་། ནན་ཀོན་ཁྲིམས་ཁང་གིས་གྱོད་གཞི་བདག་སྤྲོད་བྱས་པ་ཚང་མ3000ཙམ་ཟིན་པ་དང་གྱོད་ཐག་བཅད་ཚད་ཕྱེད་ཀ་ལྷག་ཙམ་ཟིན་ཡོད་པ་རེད། ལོ་མང་རིང་། ནན་ཀོན་ཁྲིམས་ཁང་གིས་གོང་ནས་འོག་བར་འདྲི་གཅོད་ལས་ཀར་ཤུགས་སྣོན་རྒྱག་དགོས་པའི་ནན་བཤད་བྱས་པ་མ་ཟད། སྔ་རྗེས་སུ་དོ་དམ་ལམ་ལུགས་རབ་དང་རིམ་པ་བཏོན་ནས་ལས་སྒོ་འཛུགས་སྐྱོང་དང་དཔུང་ཁག་འཛུགས་སྐྱོང་། སྲིད་དོན་གཙང་སྐྱོང་བཅས་གཅིག་གྱུར་བྱས་ཏེ་ཁྲིམས་དཔོན་སྤྱོད་གཙང་དང་། ཁྲིམས་ཁང་སྤྱོད་གཙང་། ཁྲིམས་འཛིན་དྭངས་གསལ་བཅས་ཡོང་བར་འགན་ལེན་ཏན་ཏིག་བྱས་ཡོད། འདྲི་གཅོད་དོ་དམ་བྱ་བའི་ཁྲོད། ནན་ཀོན་ཁྲིམས་ཁང་གིས་སྒེར་གཅོད་ཁྲིམས་དཔོན་དང་མཉམ་གྲོས་ཁྲིམས་སའི་ཁོངས་མིས་གྱོད་དོན་ཞིབ་གཅོད་ཁྲོད་ཀྱི་བྱེད་པོའི་འགན་འཁྲི་ཁ་གསལ་བཟོས་པ་དང་། གཙོ་སྐྱོང་མགོ་ཁྲིད་ཀྱི་ལྟ་སྐུལ་འགན་འཁྲི་ཇེ་དྲག་ཏུ་བཏང་བ། འདྲི་གཅོད་ཨུ་ཡོན་ལྷན་ཁང་གིས་གྱོད་དོན་གྲོས་བསྡུར་བྱེད་པའི་གཏམ་བཤད་གོ་རིམ་ཁ་གསལ་བཟོས་ཡོད། ད་ལོའི་ལོ་འགོར་གཏན་འབེབས་མང་པོ་བཟོས་པ་མ་ཟད། གྱོད་གཞི་དཔྱད་བཤེར་དང་འགན་འཁྲི་བདའ་འདེད་ཨུ་ཡོན་ལྷན་ཁང་བཙུགས་ནས་དཔྱད་བཤེར་དང་འགན་འཁྲི་བདའ་འདེད་བྱས་འབྲས་ཁང་ཡོངས་ལ་བརྡ་ཁྱབ་བཏང་བས་ཤེས་པ་དང་། ལྟ་སྐུལ། ཉེན་བརྡ་གཏོང་བ་བཅས་ཀྱི་ནུས་པ་ཐོན་ཡོད། གོང་གཏུག་འདྲི་གཅོད་དོ་དམ་ལས་ཀའི་རྨང་གཞིའི་ཐོག་ནན་ཀོན་ཁྲིམས་ཁང་གིས་ད་དུང་ཉེས་དོན་གྱི་ཉེས་གསོག་གྱོད་གཞི་ཆུང་གྲས་ལ་ཁྲིམས་ཆད་ཡང་བཟོས་ཀྱི་འདྲི་གཅོད་མྱུར་སྒྲུབ་ཀྱི་བསྒྱུར་བཅོས་བྱེད་ཐབས་སྤེལ་འགོ་བཙུགས་ཏེ་སྟབས་བདེའི་གོ་རིམ་ལག་བསྟར་བྱས་ནས་ཞིབ་གཅོད་མཇུག་སྒྲིལ་མགྱོགས་མྱུར་བྱས་ཏེ་ལས་ཆོད་ཆེ་རུ་བཏང་ཡོད། གཞན་ཡང་ཉེ་བའི་ལོ་ཤས་རིང་ནན་ཀོན་ཁྲིམས་ཁང་གིས་སྙོམས་སྒྲིག་ལས་དོན་བརྒྱུད་འགལ་བ་གཞི་རིམ་དུ་སེལ་བ་དང་། ཡིག་བསྐུར་ངོ་བཅར་ལས་དོན་ལ་མཐོང་ཆེན། ཡིག་བསྐུར་ངོ་བཅར་གྱོད་གཞིའི་གཞི་གྲངས་མཐིལ་རྟོགས་བཅས་བྱས་ཏེ་ལས་གནས་གཅིག་ལ་འགན་འཁྲི་གཉིས་ལག་བསྟར་བྱས་ཏེ་དང་ལེན་ནན་ཏན་དང་ཐག་གཅོད་ཧུར་ཐག་བྱས་ཏེ་བདེ་སྐྱིད་ཀྱི་ལྷོ་རྒྱུད་འགག་སྒོ་དང་བདེ་སྐྱིད་ལྡན་པའི་ཁྲང་ཁྲུན་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་བཏང་ཡོད། ད་ལོའི་ལོ་འགོར་ནན་ཀོན་ཁྲིམས་ཁང་དེ་ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས་ཚོད་ལྟའི་ཁང་ཞིག་ཡིན་པའི་ངོས་ནས་གྱོད་གཞི་ཞིབ་གཅོད་བྱེད་རིང་སྒྲུབ་འགན་འཁུར་མཁན་ཁྲིམས་དཔོན་གྱི་འགན་འཁྲི་ཁ་གསལ་བཟོས་པ་དང་། མཉམ་གྲོས་ཁྲིམས་སས་གྱོད་གཞིའི་དོན་དངོས་ལ་འགན་འཁུར་དགོས་པའི་ནན་བཤད་བྱས་པས་གྱོད་གཞི་སྒྲུབ་མཁན་ཁྲིམས་དཔོན་གྱི་འགན་འཁྲི་འཁུར་སེམས་ཆེ་རུ་ཕྱིན་ཡོད། གཙོ་གཉེར་འགོ་ཁྲིད་ཀྱི་ལྟ་སྐུལ་འགན་འཁྲི་ཇེ་དྲག་ཏུ་བཏང་སྟེ། ལས་བགོས་འགན་གཉེར་ཡོན་ཀྲང་གཞོན་པས་ལས་བགོས་སྡེ་ཁག་གིས་ཞིབ་གཅོད་དང་ལག་བསྟར་བྱས་པའི་གྱོད་གཞིར་ལྟ་སྐུལ་ནུས་ལྡན་བྱེད་དགོས་པ་དང་། འདྲི་གཅོད་པ་ཆེ་མོའི་མཉམ་འབྲེལ་གྲོས་ཚོགས་འཚོགས་ནས་ཐུན་མོང་ཐོག་གྱོད་དོན་གྲོས་བསྡུར་དང་གྱོད་དོན་ལ་མཉམ་དུ་དབྱེ་ཞིབ། བཅའ་ཁྲིམས་སྤྱད་འཐུས་ལ་ཞིབ་འཇུག་བཅས་བྱས་ཏེ། གྱོད་གཞིའི་སྤུས་ཚད་དངོས་གནས་མཐོར་འདེགས་བཏང་ཡོད། ནན་ཀོན་ཁྲིམས་ཁང་གིས་ལོ་མང་རིང་ཐོག་མཐའ་བར་གསུམ་དུ་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་བྱེད་པའི་དམིགས་ཡུལ་ལག་ལེན་བསྟར་བ་དང་། དོ་དམ་ལས་དོན་ཁག་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་པ། འདྲི་གཅོད་ལས་དོན་གྱི་དྲང་གཞག་དང་ལས་ཕྱོད་ཆེ་རུ་བཏང་ནས་ཁྲིམས་འཛིན་གྱོད་གཞི་རེ་རེའི་ནང་མི་དམངས་མང་ཚོགས་ལ་དྲང་སྙོམས་དྲང་བདེན་ཚོར་ཐུབ་པ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ཆེས་ཆེར་མཐོ་རུ་ཕྱིན་ཡོད།

4 གཟི་བརྗིད་མཚན་སྙན།

ལས་ཀའི་གྲུབ་འབྲས་མངོན་གསལ་དོད་པོ་ཡོད་པ་དང་། ཉེ་བའི་ལོ་གསུམ་གྱི་རིང་ནན་ཀོན་ཁྲིམས་ཁང་གིས་མཉམ་སྡེབ་ཀྱི་བྱས་རྗེས་རིམ་པ་གསུམ་པ་ཐེངས་གཉིས་དང་། མི་སྒེར་གྱི་བྱས་རྗེས་རིམ་པ་གཉིས་པ་མི2 མི་སྒེར་གྱི་བྱས་རྗེས་རིམ་པ་གསུམ་པ་མི5བཅས་བཞག་ཡོད། སྔ་རྗེས་སུ“ཀྲའེ་ཧྲུའུ་རྣམ་པའི་ཁྲིམས་དཔོན་ཡག་པོ”དང་།“ཅི་ལིན་ཞིང་ཆེན་ཁྲིམས་དཔོན་མཐུན་ཚོགས་ཀྱི་ཕུལ་བྱུང་འདུམ་འགྲིག་འཇོན་ཐང་ཅན”“ཁྲང་ཁྲུན་གྲོང་ཁྱེར་གྱི་སྲིད་ཁྲིམས་ཕུལ་བྱུང་ཤེས་ལྡན་མི་སྣ་ཁག་དང་པོ”ཝང་ཧྥུ་སོགས་སྔོན་ཐོན་དཔེ་མཚོན་ཐོན་པ་དང་།“ཅི་ལིན་ཞིང་ཆེན་ཡིག་ཚགས་ཅུའུ་ཡིས་ལས་ཁུངས་ཡིག་ཚགས་ལས་དོན་ཚད་ལྡན་ཅན་གྱི་དོ་དམ་ཕུལ་བྱུང་ཚན་པ”དང་། “ཅི་ལིན་ཞིང་ཆེན་ཁྲིམས་ཁང་ཁོངས་གཏོགས་ཀྱི་གསོ་སྦྱོང་ལས་དོན་གྱི་སྔོན་ཐོན་སྡེ་ཁག”སོགས་ལ་བདམས་ཡོད།


དཔྱད་གཞིའི་ཡིག་ཆ།