ཡན་པེན་ཁྲའོ་ཞན་རིགས་རང་སྐྱོང་ཁུལ་ཁྲིམས་འཛིན་ཅུའུ།སྔ་མའི་པར་གཞི་དེ དཔལ་ལྷ་མོ།  ནས 2021-04-21 08:59ལ་འགྲུབ།

ཡན་པེན་ཁྲའོ་ཞན་རིགས་རང་སྐྱོང་ཁུལ་ཁྲིམས་འཛིན་ཅུའུ།

ཡན་པེན་ཁྲའོ་ཞན་རིགས་རང་སྐྱོང་ཁུལ་ཁྲིམས་འཛིན་ཅུའུ།
《〈ཡན་པེན་ཁྲའོ་ཞན་རིགས་རང་སྐྱོང་ཁུལ་གྱི་མི་དམངས་སྲིད་གཞུང་གི་སྒྲིག་གཞི་བསྒྱུར་བཅོས་བྱེད་པའི་ཇུས་གཞི〉དཔར་འགྲེམ་བྱེད་པའི་སྐོར་གྱི་ཀྲུང་གུང་ཅི་ལིན་ཞིང་ཆེན་མི་དམངས་སྲིད་གཞུང་གི་གཞུང་ལས་ཐིང་དང་ཅི་ལིན་ཞིང་ཆེན་མི་དམངས་སྲིད་གཞུང་གི་གཞུང་ལས་ཐིང་གི་བརྡ་སྦྱོར》(ཅི་ཐིང་གི་ཡིག་〔2009〕ཨང23པ)ལྟར། ཡན་པེན་ཁྲའོ་ཞན་རིགས་རང་སྐྱོང་ཁུལ་གྱི་ཁྲིམས་འཛིན་ཅུའུ(བསྡུས་མིང་ལ་ཁུལ་ཁྲིམས་འཛིན་ཅུའུ་ཟེར)བཙུགས་ཏེ། ཁུལ་སྲིད་གཞུང་གི་བྱ་བའི་སྡེ་ཁག་ཏུ་བསྒྱུར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
延边朝鲜族自治州司法局
གཏོགས་ཡུལ།
ཡན་པེན་ཁྲའོ་ཞན་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་།
ཁུལ་ཁོངས།
ཡན་པེན་ཁྲའོ་ཞན་རིགས་རང་སྐྱོང་ཁུལ།
1 ​འགན་འཁྲི་གཙོ་བོ།

གཅིག ཁྲིམས་འཛིན་སྲིད་འཛིན་ལས་དོན་སྐོར་གྱི་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་བྱེད་ཕྱོགས། སྲིད་ཇུས་བཅས་ལག་ལེན་མཐར་ཕྱིན་བསྟར་རྒྱུ་དང་། ཁྲིམས་འཛིན་སྲིད་འཛིན་གྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་ཁུལ་སྲིད་གཞུང་གི་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་འཆར་ཟིན་འགོད་རྒྱུ་སྒྲིག་འཛུགས་བྱེད་དགོས་པ་མ་ཟད། ཁུལ་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་ཀའི་འཕེལ་རྒྱས་འཆར་འགོད་བཟོ་བ་དང་འབྲེལ་ལག་བསྟར་སྒྲིག་འཛུགས་བྱེད་དགོས།

གཉིས། ཁུལ་ཡོངས་ཀྱི་ངལ་རྩོལ་སློབ་གཅུན་དོ་དམ་ལས་དོན་གྱི་འགན་འཁུར་བ་དང་འབྲེལ་དེ་མཚུངས་ཀྱི་འགན་འཁྲི་འཁུར་ནས་ངལ་རྩོལ་སློབ་གཅུན་གྱི་ལག་བསྟར་ལས་དོན་ལ་མཛུབ་ཁྲིད་དང་ལྟ་སྐུལ་བྱས་ཏེ་ཁུལ་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་དུག་གཅོད་གནས་ཀྱི་དོ་དམ་ལས་དོན་ལ་མཛུབ་ཁྲིད་དང་ལྟ་སྐུལ་བྱེད་དགོས།

གསུམ། ཁུལ་ཡོངས་ཀྱིས་བཅའ་ཁྲིམས་ཀྱི་རྒྱུན་ཤེས་ཁྱབ་གདལ་གཏོང་བའི་འཆར་འགོད་བཟོ་རྒྱུ་དང་འབྲེལ་ལག་བསྟར་སྒྲིག་འཛུགས་བྱེད་རྒྱུ། རྫོང(གྲོང་ཁྱེར)ཁག་དང་ལས་རིགས་ཁག་གི་ཁྲིམས་ལུགས་དྲིལ་བསྒྲགས་དང་ཁྲིམས་ལྟར་བཅོས་སྐྱོང་གི་ལས་དོན་ལ་མཛུབ་ཁྲིད་བྱེད་དགོས།

བཞི། ཁྲིམས་རོགས་པའི་ལས་ཀ་དང་གཞུང་དཔང་གི་ལས་ཀར་ལྟ་སྐུལ་དང་ཁྲིད་སྟོན་བྱེད་འགན་འཁུར་རྒྱུ་དང་འབྲེལ་བབ་མཚུངས་ཀྱི་འགན་འཁྲི་འཁུར་དགོས།

ལྔ། ཁུལ་ཡོངས་ཀྱི་བཅའ་ཁྲིམས་རོགས་སྐྱོར་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་བྱེད་དགོས།

དྲུག ཁུལ་ཡོངས་ཀྱི་གཞི་རིམ་ཁྲིམས་འཛིན་སུའོ་འཛུགས་སྐྱོང་དང་མི་དམངས་འདུམ་འགྲིག སྡེ་ཁུལ་ཡོ་བསྲང་། གཞི་རིམ་གྱི་བཅའ་ཁྲིམས་ཞབས་ཞུ་དང་རོགས་རམ་སློབ་གསོ་བཀོད་སྒྲིག་བཅས་ཀྱི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་བྱེད་དགོས།

བདུན། ཁྲིམས་རྩོད་པའི་མཐུན་ཚོགས་དང་གཞུང་དཔང་བའི་མཐུན་ཚོགས། གཞི་རིམ་གྱི་བཅའ་ཁྲིམས་ཞབས་ཞུའི་ལས་དོན་པའི་མཐུན་ཚོགས། ཁྲིམས་འཛིན་གསལ་འབྱེད་པའི་མཐུན་ཚོགས་བཅས་ཀྱི་ལས་ཀར་དོ་དམ་དང་མཛུབ་སྟོན་བྱེད་དགོས།

བརྒྱད། རྒྱལ་ཁབ་ཀྱི་ཁྲིམས་འཛིན་རྒྱུགས་ལེན་གྱི་རྒྱུགས་ལེན་ལས་དོན་སྒྲིག་འཛུགས་དང་ལག་བསྟར་བྱེད་དགོས།

དགུ ཁུལ་ཡོངས་ཀྱི་ཁྲིམས་འཛིན་གསལ་འབྱེད་པ་དང་ཁྲིམས་འཛིན་གསལ་འབྱེད་ལས་ཁུངས་ཐོ་འགོད་དོ་དམ་བྱ་བའི་འགན་འཁུར་དགོས།

བཅུ། ཁུལ་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་མེ་མདའ་དང་རྫས་མདེལ། གྱོན་ཆས། ཉེན་རྟོག་རླངས་འཁོར་བཅས་ཀྱི་དོ་དམ་ལས་དོན་གྱི་འགན་འཁུར་དགོས། ཁུལ་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་འཆར་གཞིའི་ནོར་དོན་ལས་དོན་ལ་མཛུབ་ཁྲིད་དང་ལྟ་སྐུལ་བྱེད་དགོས།

བཅུ་གཅིག དོ་དམ་ལས་ཁུངས་དང་ཐད་གཏོགས་ཚན་པའི་མི་དོན་ལས་དོན་གྱིས་ཀྲོའུ་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་ཉེན་རྟོག་པའི་གོ་རྟགས་དཔྱད་བསྡུར་དང་སྙན་ཞུའི་ལས་དོན་གྱི་འགན་འཁུར་དགོས།

བཅུ་གཉིས། ཁུལ་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་དཔུང་ཁག་འཛུགས་སྐྱོང་དང་བསམ་བློའི་སྤྱོད་ཚུལ། ལས་ཀའི་སྤྱོད་ཚུལ་བཅས་འཛུགས་སྐྱོང་ལ་མཛུབ་ཁྲིད་དང་ལྟ་སྐུལ་བྱེད་རྒྱུ། ཁུལ་་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་ཉེན་རྟོག་ལས་དོན་དོ་དམ་དང་ཉེན་རྟོག་ལས་དོན་ལྟ་ཞིབ་ལས་དོན་གྱི་འགན་འཁུར་དགོས།(རྫོང)གྲོང་ཁྱེར་དོ་དམ་ཁྲིམས་འཛིན་ཅུའུ་ཡི་མགོ་ཁྲིད་ལས་བྱེད་པར་གཞོགས་འདེགས་བྱེད་དགོས།

བཅུ་གསུམ། ཁུལ་སྲིད་གཞུང་གིས་སྤྲད་པའི་ལས་དོན་གཞན་དག་སྒྲུབ་འགན་འཁུར་དགོས་པ་བཅས་སོ།།

2 ནང་བཙུགས་ལས་ཁུངས།

གོང་གསལ་གྱི་འགན་འཁྲི་ལྟར་ཁུལ་ཁྲིམས་འཛིན་ཅུའུ་རུ་ཆབ་སྲིད་པུའུ་དང་ནང་ཁུལ་གྱི་སྒྲིག་གཞི9བཙུགས་ཡོད་པ་སྟེ།


(གཅིག)གཞུང་ལས་ཁང་།

ཁུལ་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་དོན་གྱི་འཕེལ་རྒྱས་འཆར་འགོད་བཟོ་བ་དང་འབྲེལ་ཡོད་དོན་འཁྱོལ་ལ་ལྟ་སྐུལ་བྱེད་པ། རིག་གནས་དང་གློག་འཕྲིན། ཚོགས་དོན། གསང་གནད་ཡིག་ཚགས་སོགས་ལས་ཁུངས་ཀྱི་རྒྱུན་ལྡན་གྱི་འཁོར་སྐྱོད་ལས་ཀའི་འགན་འཁུར་དགོས། ཆ་འཕྲིན་དང་གསང་སྲུང་ལས་ཀ་བྱེད་འགན་འཁུར་དགོས། ཁུལ་དེ་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་ནོར་དོན་དང་དངོས་ཟོག་སྒྲིག་ཆས། གཞི་རྩའི་འཛུགས་སྐྲུན་གྱི་དོ་དམ་ལས་དོན་ལ་མཛུབ་ཁྲིད་བྱེད་པ། ལས་ཁུངས་དང་ཐད་གཏོགས་སྡེ་ཚན་གྱི་སྔོན་རྩིས་དང་ངེས་རྩིས། ནོར་དོན་དོ་དམ། རྩིས་བཤེརདང་སྲིད་གཞུང་གི་ཉོ་སྒྲུབ་བཅས་ཀྱི་ལས་ཀར་འགན་འཁུར་དགོས། ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་མེ་མདའ་དང་རྫས་མདེལ། གྱོན་ཆསདང་ཉེན་རྟོག་རླངས་འཁོར་སོགས་ཀྱི་དོ་དམ་བྱེད་འགན་འཁུར་དགོས། ཁུལ་ཡོངས་ཀྱི་ཁྲིམས་འཛིན་དང་སྲིད་འཛིན་འཕྲིན་གཏོང་ཆ་འཕྲིན་ལག་རྩལ་དྲ་རྒྱ་འཛུགས་སྐྲུན་ལ་མཛུབ་ཁྲིད་བྱེད་པ། ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་བསྡོམས་རྩིས་ལས་ཀ་བྱེད་འགན་འཁུར་དགོས།

(གཉིས)ཁྲིམས་ལུགས་དྲིལ་བསྒྲགས་ཁྲུའུ(ཁྲིམས་ལྟར་ཁུལ་གྱི་གཞུང་ལས་ཁང)

ཁུལ་ཡོངས་ཀྱི་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་འཆར་འགོད་བཟོ་བ་དང་འབྲེལ་ལག་བསྟར་སྒྲིག་འཛུགས་བྱེད་པ། ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་དྲིལ་བསྒྲགས་ལས་ཀ་བྱེད་འགན་འཁུར་དགོས། ཁྲིམས་ལུགས་དྲིལ་བསྒྲགས་དང་ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་ལས་ཀར་མཛུབ་སྟོན་དང་ཞིབ་བཤེར། ཁྲིམས་ལུགས་དྲིལ་བསྒྲགས་གནས་འཕྲིན་དང་ཕྱི་ཕྱོགས་སུ་ཁྲིམས་ལུགས་དྲིལ་བསྒྲགས་བྱེད་པའི་ལས་ཀ་སྒྲིག་འཛུགས་དང་དེར་མཛུབ་སྟོན་བྱ་དགོས།

(གསུམ)ཁྲིམས་རོགས་པའི་ལས་དོན་ཁྲིད་སྟོན་ཁྲུའུ(བཅའ་ཁྲིམས་རོགས་སྐྱོར་ཁྲིད་སྟོན་ཁྲུའུ)བཅས་ཡིན།

ཁྲིམས་རྩོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ། སྲིད་ཇུས་བཅས་ལག་བསྟར་བྱེད་པའི་ལས་ཀར་མཛུབ་སྟོན་དང་ལྟ་སྐུལ་བྱེད་དགོས། ཁྲིམས་རྩོད་པ་དང་ཁྲིམས་རྩོད་པའི་ལས་གཉེར་ཁང་གི་མཛུབ་ཁྲིད་དང་ལྟ་སྐུལ་གྱི་ལས་ཀ་སྒྲུབ་འགན་འཁུར་དགོས། ཁེ་ལས་བྱ་ལས་སྡེ་ཚན་གྱི་བཅའ་ཁྲིམས་བློ་འདྲིའི་མཛུབ་ཁྲིད་དང་ལྟ་སྐུལ་གྱི་ལས་ཀ་བྱེད་འགན་འཁུར་དགོས། བཅའ་ཁྲིམས་རོགས་སྐྱོར་གྱི་ལས་ཀར་མཛུབ་སྟོན་བྱ་དགོས།

(བཞི)གཞུང་དཔང་ལས་ཀའི་ཁྲིད་སྟོན་བྱེད་ས་བཅས་ཡིན།

གཞུང་དཔང་གི་བཅའ་ཁྲིམས་དང་ཁྲིམས་སྲོལ། སྲིད་ཇུས་བཅས་ལག་བསྟར་བྱེད་པའི་ལས་ཀར་མཛུབ་སྟོན་དང་ལྟ་སྐུལ་བྱེད་དགོས། གཞུང་དཔང་ལས་ཁུངས་དང་གཞུང་དཔང་བས་མཛུབ་ཁྲིད་དང་ལྟ་སྐུལ་གྱི་ལས་ཀ་བྱེད་འགན་འཁུར་དགོས།

(ལྔ)གཞི་རིམ་ལས་ཀའི་མཛུབ་སྟོན་ཁྲུའུ།

གཞི་རིམ་གྱི་ཁྲིམས་འཛིན་ཁང་དང་མི་དམངས་འདུམ་འགྲིག གཞི་རིམ་གྱི་བཅའ་ཁྲིམས་ཞབས་ཞུའི་ལས་དོན་བཅས་ལ་མཛུབ་ཁྲིད་དང་ལྟ་སྐུལ་བྱེད་དགོས། མི་དམངས་ཁྲིམས་ཁང་དང་མཉམ་དུ་མི་དམངས་འདྲི་གཅོད་ལས་རོགས་པའི་ལས་ཀར་ཁྲིད་སྟོན་བྱེད་དགོས། སྤྱི་ཚོགས་ཀྱི་བདེ་དོན་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་ལས་ཀར་ཞུགས་དགོས།


(དྲུག)ཁྲིམས་འཛིན་གསལ་འབྱེད་དོ་དམ་ཁང་།

ཁྲིམས་འཛིན་གསལ་འབྱེད་དོ་དམ་གཏན་འབེབས་དང་ལག་རྩལ་ཚད་གཞི་ལག་བསྟར་སྒྲིག་འཛུགས་བྱེད་དགོས། ཁུལ་ཡོངས་ཀྱི་ཁྲིམས་འཛིན་གསལ་འབྱེད་སྒྲིག་གཞི་འདེམས་སྒྲུག་དང་དོ་དམ་ལས་དོན་གྱི་འགན་འཁུར་དགོས། སྤྱི་ཚོགས་ལ་ཁ་ཕྱོགས་པའི་ཁྲིམས་འཛིན་གསལ་འབྱེད་ཀྱི་ཐོབ་ཐང་དོ་དམ་དང་སྤུས་ཚད་དོ་དམ། ཁྲིམས་འཛིན་གསལ་འབྱེད་བྱེད་མཁན་ཆེད་ལས་སློབ་གསོ་དང་གསོ་སྦྱོང་ལས་ཀར་ཁྲིད་སྟོན་བྱ་དགོས།

(བདུན)བཅའ་ཁྲིམས་ཞབས་ཞུའི་ལྟ་སྐུལ་ཁྲུའུ(ཁྲིམས་སྲོལ་ཁྲུའུ)

ཁུལ་ཡོངས་ཀྱི་གཞི་རིམ་བཅའ་ཁྲིམས་ཞབས་ཞུའི་ལས་དོན་ལ་མཛུབ་ཁྲིད་དང་ལྟ་སྐུལ་བྱེད་དགོས། ཁུལ་གཏོགས་བཅའ་ཁྲིམས་ཞབས་ཞུའི་ལས་ཁུངས་ཀྱི་ལས་རིགས་བྱ་སྤྱོད་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པ་མ་ཟད། ལས་གཉེར་མི་སྣའི་སྒྲིག་འགལ་བྱ་སྤྱོད་ལ་རྩད་ཞིབ་ཐག་གཅོད་བྱེད་པ། ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ཀྱི་ཆོག་མཆན་མ་ཐོབ་པར་རང་དགར་བཅའ་ཁྲིམས་ཞབས་ཞུའི་ལས་ཁུངས་འཛུགས་པ་དང་བཅའ་ཁྲིམས་ཞབས་ཞུའི་མི་སྣར་བརྫུས་ནས་ཁྲིམས་དང་མི་མཐུན་པའི་བཅའ་ཁྲིམས་ཀྱི་ཞབས་ཞུ་བྱེད་པའི་དོན་རྐྱེན་ཁྲིམས་ལྟར་ཞིབ་གཅོད་བྱེད་དགོས། ཁུལ་ཡོངས་ཀྱི་བཅའ་ཁྲིམས་ཞབས་ཞུའི་ཁྲོམ་རར་ཟང་ཟིང་བཟོ་བའི་གྱོད་གཞི་ཆེན་པོ་དང་གྱོད་གཞི་གལ་ཆེན་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱེད་པ། ཡིག་བསྐུར་ངོ་བཅར་གྱི་སྣེ་ལེན་དང་ལན་འདེབས་ལས་དོན་གྱི་འགན་འཁུར་དགོས།


ཁྲིམས་འཛིན་སྲིད་འཛིན་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་འཆར་ཟིན་འགོད་རྒྱུའི་སྒྲིག་འཛུགས་བྱེད་དགོས། ཁུལ་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁྲིམས་ལུགས་ལས་དོན་ལ་མཛུབ་ཁྲིད་བྱེད་པ། ཁུལ་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་ཁྲིམས་འཛིན་ལྟ་སྐུལ་ལས་དོན་ལ་མཛུབ་ཁྲིད་བྱེད་པ། ལས་ཁུངས་ཀྱི་སྲིད་འཛིན་བསྐྱར་གྲོས་དང་སྲིད་འཛིན་ཞུ་ལན་ལས་ཀ་བྱེད་འགན་འཁུར་དགོས། འདུམ་གཅོད་ལས་ཁུངས་ཐོ་འགོད་དོ་དམ་བྱ་བར་མཛུབ་སྟོན་བྱ་དགོས།

རྒྱལ་ཁབ་ཀྱི་ཁྲིམས་འཛིན་སྲིད་འཛིན་དོ་དམ་བྱ་བའི་བྱེད་ཕྱོགས་དང་སྲིད་ཇུས། བཅའ་ཁྲིམས། ཁྲིམས་སྲོལ་བཅས་གཞིར་བཟུང་ནས་ཁྲིམས་འཛིན་སྲིད་འཛིན་དོ་དམ་ཐད་ཀྱི་སྲིད་འཛིན་ཞིབ་མཆན་འགོད་པའི་བྱ་བ་བདག་སྤྲོད་དང་ཐོག་མའི་འདྲི་གཅོད་བྱ་བའི་འགན་འཁུར་རྒྱུ། སྲིད་འཛིན་གྱི་ཞིབ་མཆན་འགོད་བྱའི་རྩད་ཞིབ་དང་རིགས་པས་ཁུངས་སྐྱེལ། ཞིབ་བཤེར་གཏན་འབེབས་སོགས་ཀྱི་འབྲེལ་ཡོད་ལས་ཀ་མཐུན་སྦྱོར་སྒྲིག་འཛུགས་བྱེད་འགན་འཁུར་དགོས། སྲིད་འཛིན་ཐོག་གི་ཞིབ་མཆན་འགོད་འགན་འཁུར་བའི་དོན་དག་སྲིད་འཛིན་ཐོག་གི་ཞུ་ལན་འདེབས་དགོས་པ། ཁྲིམས་ལུགས་དང་ཁྲིམས་སྲོལ། སྒྲིག་སྲོལ་བཅས་ཀྱི་ནང་ཁྲིམས་འཛིན་སྲིད་འཛིན་སྡེ་ཁག་གིས་འཁུར་རྒྱུའི་སྲིད་འཛིན་ཞིབ་མཆན་འགོད་པའི་དོན་ཚན་གཞན་དག་གི་འགན་འཁུར་དགོས།

(བརྒྱད) སྡེ་ཁུལ་ཡོ་བསྲང་ལས་དོན་དོ་དམ་ཁང་།

ཁུལ་ཡོངས་ཀྱི་སྡེ་ཁུལ་གྱི་ཡོ་བསྲང་ལས་དོན་ལ་མཛུབ་ཁྲིད་དང་ལྟ་སྐུལ་བྱེད་དགོས་པ་དང་། སྡེ་ཁུལ་གྱི་ཡོ་བསྲང་དང་ལས་ཀ་གོང་སྤེལ་འཆར་གཞི་བཟོ་བ་མ་ཟད་ལག་བསྟར་བྱེད་པར་མཛུབ་སྟོན་ཡང་བྱེད་དགོས། སྡེ་ཁུལ་ཡོ་བསྲང་གི་འབྲེལ་ཡོད་གཏན་འབེབས་སྲིད་ཇུས་དང་ལམ་ལུགས་བཟོ་དགོས། སྡེ་ཁུལ་གྱི་ཁྲིམས་ཆད་འཁུར་བའི་མི་སྣའི་སྲིད་འཛིན་བྱ་དགའ་སྤྲོད་འགན་འཁུར་དགོས། སྡེ་ཁུལ་གྱི་དཔུང་ཁག་འཛུགས་སྐྱོང་ལ་མཛུབ་ཁྲིད་བྱེད་དགོས།

(དགུ)རོགས་རམ་སློབ་གསོ་བཀོད་སྒྲིག་བྱ་བའི་དོ་དམ་ཁྲུའུ།

ཁུལ་དེ་ཡོངས་ཀྱི་སློབ་གསོ་བཀོད་སྒྲིག་ལས་དོན་ལ་མཛུབ་ཁྲིད་དང་ལྟ་སྐུལ། རོགས་རམ་སློབ་གསོ་བཀོད་སྒྲིག་ལས་ཀའི་ལོ་འཁོར་འཆར་གཞི་བཟོ་བ་དང་ལག་བསྟར་བྱེད་པར་མཛུབ་སྟོན་བྱེད་པ། རོགས་རམ་སློབ་གསོའི་བཀོད་སྒྲིག་ལས་ཀའི་འབྲེལ་ཡོད་གཏན་འབེབས་སྲིད་ཇུས་དང་ལམ་ལུགས་བཟོ་བ། རྫོང(གྲོང་ཁྱེར)གིས་བར་བརྒལ་རང་བཞིན་གྱི་བཀོད་སྒྲིག་དངོས་གཞི་འཛུགས་པར་མཛུབ་སྟོན་བྱེད་དགོས། འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་བྱས་ནས་ཐུན་མོང་ཐོག་སློབ་གསོ་བཀོད་སྒྲིག་ལས་དོན་སྤེལ་དགོས།

(བཅུ)ཆབ་སྲིད་པུའུ།

འོག་ཏུ་ལས་བྱེད་པའི་ཉེན་རྟོག་དོན་ཁྲུའུ(ཉེན་རྟོག་ལས་དོན་ལྟ་ཞིབ་ཁྲུའུ)དང་རྩ་འཛུགས་དྲིལ་བསྒྲགས་སློབ་གསོ་ཁྲུའུ་བཙུགས་ཡོད།

1.ལས་བྱེད་ཉེན་རྟོག་ཁང་།(ངལ་རྩོལ་སློབ་གཅུན་དོ་དམ་ཁང)

ལས་ཁུངས་དང་ཐད་གཏོགས་སྡེ་ཚན་གྱི་སྒྲིག་གཞིའི་སྒྲིག་ཁོངས་དང་ངལ་རྩོལ་གླ་ཕོགས། འབྲེལ་ཡོད་མི་དོན་ལས་དོན་བཅས་ཀྱི་འགན་འཁུར་དགོས། ཁུལ་ངལ་རྩོལ་སློབ་གསོ་ཁང་གི་འབྲིང་རིམ་ཡན་གྱི་ལས་བྱེད་པར་དོ་དམ་བྱེད་འགན་འཁུར་དགོས། འབྲེལ་ཡོད་སྡེ་ཁག་ལ་བཅའ་ཁྲིམས་སྲིད་འཛིན་མ་ལག་དོ་དམ་བྱེད་པའི་སྒྲིག་གཞིའི་སྒྲིག་ཁོངས་ལ་གཞོགས་འདེགས་བྱེད་དགོས། རྫོང(གྲོང་ཁྱེར)ཁྲིམས་འཛིན་ཅུའུ་ཡི་མགོ་ཁྲིད་ལས་བྱེད་པར་དཔྱད་ཞིབ་དོ་དམ་བྱེད་པར་གཞོགས་འདེགས་བྱེད་དགོས། ཆེད་ལས་ལག་རྩལ་མི་སྣའི་གོ་མིང་དང་ཁུལ་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་ཉེན་རྟོག་ལས་དོན་དང་ཉེན་རྟོག་པའི་གོ་རྟགས་དཔྱད་བསྡུར་སྤྲོད་པའི་སྙན་ཞུའི་ལས་དོན་དོ་དམ་བྱེད་པ། ཁུལ་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་ཉེན་རྟོག་ལས་དོན་ལྟ་ཞིབ་ལས་དོན་གྱི་འགན་འཁུར་དགོས། ཅུའུ་ལས་ཁུངས་ཀྱི་ལས་བྲལ་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པར་དོ་དམ་དང་ཞབས་ཞུའི་ལས་དོན་གྱི་འགན་འཁུར་ནས་ཐད་གཏོགས་སྡེ་ཚན་གྱི་ལས་བྲལ་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པའི་ལས་ཀར་མཛུབ་ཁྲིད་བྱེད་དགོས། ལས་ཁུངས་དང་ཐད་གཏོགས་ལས་ཁུངས་ཀྱི་བྱས་རྗེས་དང་ལས་ཆོད་ལ་དཔྱད་དཔོག་བྱེད་པའི་ལས་ཀ་སྒྲིག་འཛུགས་དང་ལག་བསྟར་བྱེད་དགོས།


ངལ་རྩོལ་སློབ་གཅུན་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ། སྲིད་ཇུས་བཅས་ལག་བསྟར་བྱེད་པའི་ལས་ཀར་ལྟ་སྐུལ་ཞིབ་བཤེར་བྱེད་དགོས། ངལ་རྩོལ་སློབ་གཅུན་དུ་ཚུད་མཁན་གྱི་སྣོན་འཕྲིའི་ཡུན་ཚད་དང་། སྔ་སྣུར་དུ་སློབ་གསོ་གྲོལ་བ། ཕྱིར་སྨན་བཅོས་བྱེད་པ། ཕྱིར་ལག་བསྟར་བྱེད་པ་བཅས་ཀྱི་ཞིབ་བཤེར་གཏན་འབེབས་ཀྱི་ལས་ཀ་བྱེད་འགན་འཁུར་དགོས། ཀྲོའུ་ཡོངས་ཀྱི་ངལ་རྩོལ་སློབ་གཅུན་བྱེད་གནས་དང་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱིས་བཙན་ཐབས་ཀྱིས་ལོགས་བཀར་དུག་གཅོད་གནས་དང་དུག་གཅོད་ལུས་གསོ་བྱེད་གནས་འཛུགས་པ་དང་། བཀོད་སྒྲིགའཆར་འགོད་བཅས་ཀྱི་ལས་དོན་གྱི་འགན་འཁུར་དགོས། ངལ་རྩོལ་སློབ་གཅུན་གྱི་མི་སྣར་དོ་དམ་དང་སློབ་གསོ། ཉེན་ཟོན། རྩལ་སྦྱོང་རང་བཞིན་གྱི་ངལ་རྩོལ་དང་འཚོ་བའི་འཕྲོད་བསྟེན་རིམས་འགོག་སོགས་ཀྱི་ལས་དོན་ལ་མཛུབ་ཁྲིད་བྱེད་དགོས། ཁྲིམས་འཛིན་སྲིད་འཛིན་མ་ལག་གིས་བཙན་ཐབས་ཀྱིས་ལོགས་བཀར་དུག་གཅོད་བྱེད་ཐབས་ལག་བསྟར་དང་དུག་གཅོད་ལུས་གསོའི་ལས་ཀར་ལྟ་སྐུལ་དོ་དམ་བྱེད་དགོས། ངལ་རྩོལ་སློབ་གཅུན་བྱེད་གནས་དང་། ཁྲིམས་འཛིན་སྲིད་འཛིན་མ་ལག་གིས་བཙན་ཐབས་ཀྱིས་ལོགས་བཀར་དུག་གཅོད་གནས། དུག་གཅོད་ལུས་ཁམས་གསོ་གནས་བཅས་ཀྱི་ནོར་དོན་དང་སྒྲིག་ཆས། རྒྱུ་ནོར་དོ་དམ་སོགས་ཀྱི་ལས་ཀར་ཁྲིད་སྟོན་དང་ལྟ་སྐུལ་བྱེད་དགོས།


2.དྲིལ་བསྒྲགས་སློབ་གསོ་ཁྲུའུ་འཛུགས་དགོས།

ཁུལ་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་དཔུང་ཁག་འཛུགས་སྐྱོང་དང་བསམ་བློའི་སྤྱོད་ཚུལ། ལས་ཀའི་སྤྱོད་ཚུལ་བཅས་འཛུགས་སྐྱོང་ལ་མཛུབ་ཁྲིད་བྱེད་པ། ཁོངས་གཏོགས་ཀྱི་སྔོན་ཐོན་སྡེ་ཁག་དང་མི་སྒེར་གྱིས་བྱས་རྗེས་བཞག་པར་བྱ་དགའ་ཐོབ་པའི་གཟེངས་བསྟོད་ལས་དོན་གྱི་འགན་འཁུར་དགོས། ཁྲིམས་འཛིན་སྲིད་འཛིན་དཔུང་ཁག་འཛུགས་སྐྱོང་བྱེད་པའི་དྲིལ་བསྒྲགས་ལས་ཀ་དང་ལས་བྱེད་པ་གསོ་སྦྱོང་བྱེད་འགན་འཁུར་དགོས། རྒྱལ་ཁབ་ཁྲིམས་འཛིན་ཡིག་རྒྱུགས་ཀྱི་ལས་དོན་དང་ཁུལ་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་ལས་རྗེས་དཔྱད་ཞིབ་སྒྲིག་འཛུགས་དང་མཐུན་སྦྱོར་ལས་དོན་གྱི་འགན་འཁུར་ཡོད།

ལས་ཁུངས་ཀྱི་ཏང་ཨུ། འགན་འཁུར་ལས་ཁུངས་དང་ཐད་གཏོགས་སྡེ་ཚན་གྱི་ཏང་དང་མང་ཚོགས་ཀྱི་ལས་ཀ་བྱེད་དགོས།  

3 འགན་འཁྲི་ལེགས་སྒྲིག

(གཅིག)གཞུང་དཔང་བའི་རྒྱུགས་སྤྲོད་ལས་ཀར་སྒྲིག་འཛུགས་དང་མཛུབ་ཁྲིད་བྱེད་པའི་འགན་འཁྲི་མེད་པ་བཟོ་དགོས།

(གཉིས)བཅའ་ཁྲིམས་ཞབས་ཞུའི་ལྟ་སྐུལ་ལས་དོན་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བའི་འགན་འཁྲི།

(གསུམ)སྡེ་ཁུལ་གྱི་ཡོ་བསྲང་ལས་ཀར་མཛུབ་ཁྲིད་དང་དོ་དམ་བྱེད་རྒྱུའི་འགན་འཁྲིར་ཤུགས་སྣོན་རྒྱག་དགོས།

(བཞི)མཛུབ་ཁྲིད་དང་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་རོགས་རམ་དང་སློབ་གསོ་བཀོད་སྒྲིག་ལས་དོན་གྱི་འགན་འཁྲི།

(ལྔ)ཁུལ་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་དུག་གཅོད་གནས་དོ་དམ་ལས་ཀའི་འགན་འཁྲིར་ཤུགས་སྣོན་རྒྱག་དགོས།

4 མི་སྣའི་སྒྲིག་ཁོངས།

ཁུལ་ཁྲིམས་འཛིན་ཅུའུ་ཡི་ལས་ཁུངས་ཀྱི་ཆེད་དོན་སྲིད་འཛིན་སྒྲིག་ཁོངས་མི47དང་ཁྲིམས་ལུགས་ཚགས་པར(ཁྲིམས་འཛིན་པ)གྱི་སྒྲིག་ཁོངས་མི5ཡོད། དེའི་ནང་ཅུའུ་ཀྲང1དང་། ཅུའུ་ཀྲང་གཞོན་པ4 ཆབ་སྲིད་པུའི་ཀྲུའུ་རེན1བཅས་ཡོད། ཁྲུའུ་ཀྲང་།(ཀྲུའུ་རེན)མི13(ཆབ་སྲིད་པུའི་ཀྲུའུ་རེན་གཞོན་པ1དང་། ལས་ཁུངས་ཏང་ཨུའི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ1བཅས་ཚུད)དང་ཁྲུའུ་ཀྲང་གཞོན་པ2ཡོད།

ཁུལ་ཁྲིམས་འཛིན་ཅུའུ་ལས་ཁུངས་ཀྱི་ལས་དོན་མི་སྣའི་བྱ་གཞག་སྒྲིག་ཁོངས་མི་གྲངས3ཡོད།

5 བྱ་བ་གཞན་དག

(གཅིག) གཏན་འབེབས་ལྟར་ཡན་པེན་ཁུལ་ངལ་རྩོལ་སློབ་གསོ་ཁང་དང་། ཡན་པེན་ཁུལ་བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས། ཅི་ལིན་ཞིང་ཆེན་ཡན་ཅི་གྲོང་ཁྱེར་ཡིད་རྟོན་གཞུང་དཔང་ཁང་བཅས་ལ་དོ་དམ་བྱེད་དགོས།

(གཉིས) ཁུལ་ཁྲིམས་འཛིན་ཅུའུ་ཡིས་མངག་གཏོང་བྱས་པའི་ལས་ཁུངས་དང་ཁོངས་གཏོགས་བྱ་ལས་སྡེ་ཚན་གྱི་སྒྲིག་བཀོད་དང་འགན་འཁྲི། ལས་ཁུངས་ཀྱི་སྒྲིག་ཁོངས་དོན་ཚན་བཅས་ཟུར་དུ་གཏན་འབེབས་བྱེད་དགོས།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཁྲིམས་འཛིན་ཅུའུ། ལྟ་སྐུལ། དོ་དམ།