ཆ་འཕྲིན་དང་འཕྲིན་གཏོང་བཟོ་སྐྲུན།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2021-04-27 11:26ལ་འགྲུབ།

ཆ་འཕྲིན་དང་འཕྲིན་གཏོང་བཟོ་སྐྲུན།

ཆ་འཕྲིན་དང་འཕྲིན་གཏོང་བཟོ་སྐྲུན།
ཆ་འཕྲིན་དང་འཕྲིན་གཏོང་བཟོ་སྐྲུན་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རིག་ཚན་ཡིན་ཞིང་། དེའི་འོག་ཏུ་རླུང་བརྙན་འཕྲིན་བཟོ་སྐྲུན་དང་། ཨང་ཀིའི་སྨྱན་སྦྱོར་ལག་རྩལ། ཟོག་འབྲེལ་དྲ་རྒྱའི་བཟོ་སྐྲུན། འཕྲིན་གཏོང་བཟོ་སྐྲུན། གློག་རྡུལ་ཆ་འཕྲིན་བཟོ་སྐྲུན། དྲ་རྒྱའི་བཟོ་སྐྲུན་སོགས་དངོས་གཞིའི་ཚན་ཁག་གི་ཆེད་ལས་དང་། འཕྲིན་གཏོང་དང་ཆ་འཕྲིན་མ་ལག བརྡ་རྟགས་དང་ཆ་འཕྲིན་ཐག་གཅོད། གློག་རྡུལ་དང་འཕྲིན་གཏོང་བཟོ་སྐྲུན་སོགས་ཀྱི་ཆེད་ལས་བཙུགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
信息与通信工程
དབྱིན་ཡིག་གི་མིང་།
Information&CommunicationEngineering
རིག་ཚན་རིགས་དབྱེ།
བཟོ་སྐྲུན་རིག་པ།
རིགས་དབྱེ།
རིམ་པ་དང་པོའི་རིག་ཚན།
1 ​ཆེད་ལས་ཀྱི་ཁྱད་ཆོས། 

ཆ་འཕྲིན་དང་འཕྲིན་གཏོང་བཟོ་སྐྲུན་ཆེད་ལས་ཀྱིས་སློབ་ཁྲིད་དང་ཚན་ཞིབ་ཟུང་འབྲེལ་བྱ་རྒྱུར་མཐོང་ཆེན་བྱེད་པ་དང་སློབ་མའི་གསར་གཏོད་ནུས་པ་དང་དོན་དངོས་ཀྱི་ལས་ཀའི་ནུས་པ་གསོ་སྐྱོང་བྱ་རྒྱུར་དོ་སྣང་བྱེད་ཀྱིན་ཡོད་ལ། འཕྲིན་གཏོང་བཟོ་སྐྲུན་ཆེད་ལས་ཚབ་ཨང་ནི0810ཡིན་པ་དང་རིག་ཚན་གཉིས་སུ་དབྱེ་ཡོད། གཅིག་ནི་བརྒྱུད་གཏོང་ལ་ཕྱོགས་པའི“འཕྲིན་གཏོང་དང་ཆ་འཕྲིན་མ་ལག(081001)གཞན་ཞིག་ནི་ཨང་གྲངས་སྒྲིག་པའི“བརྡ་རྟགས་དང་ཆ་འཕྲིན་ཐག་གཅོད(08100)ཡིན། 

2 རིག་ཚན་ཨང་རིམ།

སྤྱི་ལོ2017ལོའི་ཟླ1པོའི་ཚེས12ཉིན། ཀྲུང་གོའི་ཚན་རིག་གདེང་འཇོག་ཞིབ་འཇུག་ལྟེ་གནས་དང་ཝུའུ་ཧན་སློབ་ཆེན་གྱི་ཀྲུང་གོའི་སློབ་གསོའི་སྤུས་ཚད་གདེང་འཇོག་ལྟེ་གནས(ECFSCEQ)ཀྱིས་ཀྲུང་གོའི་ཚན་རིག་སློབ་ཆེན་གདེང་འཇོག་དྲ་བ་དང་མཉམ་འབྲེལ་ཐོག《ཀྲུང་གོའི་སློབ་ཆེན་དང་དེ་བཞིན་རིག་ཚན་ཆེད་ལས་གདེང་འཇོག་སྙན་ཞུ(2017-2018)》གཟབ་རྒྱས་ངང་བཏོན་པ་དང་། འདི་ནི་ཀྲུང་གོའི་སློབ་ཆེན་དང་རིག་ཚན་ཆེད་ལས་ཀྱི་གདེང་འཇོག་འབྲས་བུ་བསྟུད་མར་ཐེངས14པ་ཁྱབ་བསྒྲགས་བྱས་པ་རེད། གྲུབ་འབྲས་དེ་ནི་ཀྲུང་གོའི་སློབ་ཆེན་ཁག་གི་གདེང་འཇོག་ཁྲོད་ཀྱི་གདེང་འཇོག་དམིགས་ཚད་ནི་ཆེས་བརྒྱུད་རིམ་ལྡན་པ་དང་ཆ་ཚང་བ། གདེང་འཇོག་བསམ་བློ་ནི་ཚན་རིག་དང་མཐུན་ཞིང་སྔོན་ཐོན་ཡིན་པ། གདེང་འཇོག་བྱེད་ཐབས་ནི་ཆེས་ལུགས་མཐུན་དང་གཟབ་ནན་ཡིན་པ། གདེང་འཇོག་བྱས་འབྲས་ནི་ཆེས་གནད་ལ་འཁེལ་བ་བཅས་རེད། 

དངོས་གཞིའི་ཚན་ཁག་གི་ཆེད་ལས་མིང་གྲལ་ནང་དངོས་གཞིའི་ཚན་ཁག་གི་ཆེད་ལས་རིགས92དང་དངོས་གཞིའི་ཚན་ཁག་གི་ཆེད་ལས523ཙམ་ཚུད་ཡོད། 

ཆ་འཕྲིན་དང་འཕྲིན་གཏོང་ལས་གྲྭའི་ཆེད་ལས་ཚོད་སྐོར་མ་ལག་གི་རིམ་པ་དེ་རྒྱུ་རྐྱེན་སྣ་ཚོགས་ཕྱོགས་བསྡུས་དཔྱད་གཞིར་འཛིན་པ་དང་། ཆ་འཕྲིན་དང་འཕྲིན་གཏོང་བཟོ་སྐྲུན་ཆེད་ལས་ཚོད་སྐོར་གཞི་གྲངས་དེ“སྤྱི་པའི་གཞི་གྲངས་དང་ཚན་པའི་རེའུ་མིག་ཟུང་འབྲེལ”གྱི་བྱ་ཐབས་ཐོག་ནས་ཐོབ་པ་དང་། དཔྱད་དཔོག་བྱས་འབྲས་དེ“རིམ་བགོ”བྱེད་སྟངས་ལྟར་མངོན་ཞིང་། ཞིབ་ཕྲའི་བྱེད་ཐབས་ནི“རིག་ཚན་སྤྱིའི་ཆུ་ཚད་ཀྱི་ཐོབ་སྐར”ཡི་ཐེངས་གྲངས་ལྟར་བརྒྱ་ཆའི་གནས་སུ་འཇོག་པ། སྔོན་གྱི70%ཡི་ཆ་འཕྲིན་དང་འཕྲིན་གཏོང་བཟོ་སྐྲུན་རིག་ཚན9ལ་དབྱེ་ནས་ཁྱབ་བསྒྲགས་བྱས་པ་སྟེ། སྔོན་གྱི2%(ཡང་ན་སྔོན་གྱི2)ནི་ཆ་འཕྲིན་དང་འཕྲིན་གཏོང་བཟོ་སྐྲུནA+སློབ་ཆེན་ཡིན།2%-5%ནི་ཆ་འཕྲིན་དང་འཕྲིན་གཏོང་བཟོ་སྐྲུནAསློབ་ཆེན་ཡིན།

3 རིམ་པ་གཉིས་པའི་རིག་ཚན་ཆེད་ལས།

080601 གློག་ཤུགས་བཟོ་སྐྲུན་དང་དེ་བཞིན་རང་འགུལ་ཅན། 

080603 གློག་རྡུལ་ཆ་འཕྲིན་བཟོ་སྐྲུན། 080604 འཕྲིན་གཏོང་བཟོ་སྐྲུན། 

080605 རྩིས་འཁོར་ཚན་རིག་དང་ལག་རྩལ། 080606 གློག་རྡུལ་ཚན་རིག་དང་ལག་རྩལ། 

080607 སྐྱེ་དངོས་གསོ་རིག་བཟོ་སྐྲུན། 08060608Y གློག་ཤུགས་བཟོ་སྐྲུན་དང་རང་འགུལ་ཅན། 

080609Y ཆ་འཕྲིན་བཟོ་སྐྲུན། 080610W འོད་ཁུངས། གློག་སྒྲོན་ཆེད་ལས། 

080611W མཉེན་ཆས་བཟོ་སྐྲུན། 080612W གློག་བརྙན་དང་བརྙན་འཕྲིན་སྒྱུ་རྩལ་ལག་རྩལ། 

080613W དྲ་རྒྱའི་བཟོ་སྐྲུན། 080614W ཆ་འཕྲིན་འོད་གློག་ལག་རྩལ། 

080615W འདུས་གྲུབ་གློག་ལམ་ཇུས་འགོད། 080616W འདུས་གྲུབ་མ་ལག་གི་ཆེད་ལས།

080617W རླུང་འཕྲིན་དང་བརྙན་འཕྲིན་བཟོ་སྐྲུན། 

080619W རྩིས་འཁོར་མཉེན་ཆས་ཆེད་ལས། 080620W གློག་ཤུགས་བཟོ་སྐྲུན་དང་དོ་དམ། 

080621W གློག་རྡུལ་ཕྲ་རབ་བཟོ་སྐྲུན། 080622Wཡན་ལག་རྫུན་མ་དབྱིབས་བཅོས། 

080623W ཨང་ཀི་སྨྱན་གཟུགས་སྒྱུ་རྩལ། 080624S གསོ་རིག་ཆ་འཕྲིན།

080625S ཆ་འཕྲིན་དངོས་ལུགས། 080626S སྨན་བཅོས་ཡོ་བྱད། 

080627S རིག་ལྡན་ཚན་རིག་དང་ལག་རྩལ། 080628Sཨང་ཀིའི་སྨྱན་གཟུགས་ལག་རྩལ། 

080629S གསོ་རིག་སྒྲ་བརྙན་བཟོ་སྐྲུན། 080630Sམཁའ་དབྱིངས་གློག་རྡུལ་ལག་རྩལ། 

08061S གློག་སྡུད་ར་བ་དང་སྐུད་མེད་ལག་རྩལ། 080632H གློག་འཕྲིན་དང་དོ་དམ། 

080633H གློག་རླངས་དང་རིག་ནུས་ཚོད་འཛིན་ཆེད་ལས། 080634Sཆ་འཕྲིན་འཕྲིན་གཏོང་།

080635S གློག་ཤུགས་ཁྱབ་སྤེལ་དང་གནམ་སྐུད་ཆེད་ལས། 080636S གྲུ་གཟིངས་གློག་རྡུལ། 

080637H གློག་རྡུལ་དང་རྩིས་འཁོར། 080638S འདྲ་བཟོ་ཚན་རིག་དང་ལག་རྩལ། 

080639S གློག་སྤྱོད་གློག་ཆས་རིག་ནུས་ཅན། 080640S ཟོག་འབྲེལ་དྲ་སྦྲེལ།

080641S ཚོར་འདྲེན་དྲ་བའི་ལག་རྩལ། 080642 Sགློག་རྡུལ་ཕྲ་མོའི་རྒྱུ་ཆ་དང་ལྷུ་ཆས་ཆེད་ལས། 

080645S རིག་ནུས་གློག་དྲའི་ཆ་འཕྲིན།

དཔྱད་གཞིའི་ཡིག་ཆ།