རྒྱལ་ཁབ་བདེ་འཇགས་སློབ་གསོ་ཉིན་མོ།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2021-04-15 11:42ལ་འགྲུབ།

རྒྱལ་ཁབ་བདེ་འཇགས་སློབ་གསོ་ཉིན་མོ།

རྒྱལ་ཁབ་བདེ་འཇགས་སློབ་གསོ་ཉིན་མོ།
རྒྱལ་ཁབ་བདེ་འཇགས་དང་མི་དམངས་དམངས་གཙོས་སྲིད་འཛིན་བྱེད་པའི་སྲིད་དབང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས། མི་དམངས་ཀྱི་རྩ་བའི་ཁེ་ཕན་བཅས་ལ་སྲུང་སྐྱོང་བྱེད་པ་དང་། བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་ཁག་ཐེག་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་ཆེད། རྩ་ཁྲིམས་གཞིར་བཟུང་སྟེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》འདི་བཟོས་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
国家安全教育日
ཕྱི་ཡིག་གི་མིང་།
National Security Education Day
དུས་ཆེན་ཉིན་མོ།
ལོ་རེར་ཟླ4བའི་ཚེས15ཉིན།
བཙུགས་ལོ།
སྤྱི་ལོ2016ལོའི་ཟླ4བའི་ཚེས15ཉིན།
1 ཁྲིམས་འཛུགས་དམིགས་ཡུལ།

རྒྱལ་ཁབ་བདེ་འཇགས་དང་མི་དམངས་དམངས་གཙོས་སྲིད་འཛིན་བྱེད་པའི་སྲིད་དབང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས། མི་དམངས་ཀྱི་རྩ་བའི་ཁེ་ཕན་བཅས་ལ་སྲུང་སྐྱོང་བྱེད་པ་དང་། བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་ཁག་ཐེག་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་ཆེད། རྩ་ཁྲིམས་གཞིར་བཟུང་སྟེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》འདི་བཟོས་པ་ཡིན།

2 རྒྱལ་ཁབ་བདེ་འཇགས་ཀྱི་གོ་དོན།

རྒྱལ་ཁབ་བདེ་འཇགས་ནི་རྒྱལ་ཁབ་ཀྱི་སྲིད་དབང་དང་བདག་དབང་། གཅིག་གྱུར། ས་ཁོངས་འཐུས་ཚང་། མི་དམངས་བདེ་སྐྱིད། དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་དང་རྒྱལ་ཁབ་ཀྱི་གཞན་པའི་ཁེ་ཕན་གལ་ཆེན་ལྟོས་བཅས་ཀྱིས་ཉེན་ཁ་མེད་པ་དང་ཕྱི་ནང་གི་འཇིགས་སྐུལ་མི་ཐེབས་པར་མ་ཟད། རྒྱུན་མཐུད་ངང་བདེ་འཇགས་ངང་ཚུལ་དུ་གནས་པའི་ནུས་པར་ཁག་ཐེག་བྱེད་པ་ཞིག་ལ་གོ

3 སྲུང་སྐྱོང་བྱེད་སྟངས།

རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་བྱེད་ཚེ། སྔོན་འགོག་གཙོ་བོ་དང་རྩ་ལག་མཉམ་བཅོས་བྱ་དགོས། ཆེད་དོན་བྱ་བ་དང་མང་ཚོགས་ལམ་ཕྱོགས་ཕན་ཚུན་ཟུང་འབྲེལ་བྱས་ཏེ། ཆེད་དོན་སྡེ་ཁག་དང་གཞན་པའི་འབྲེལ་ཡོད་སྡེ་ཁག་གིས་རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་འགན་ནུས་འདོན་སྤེལ་གང་ལེགས་བྱ་དགོས། ཁྱབ་རྒྱ་ཆེན་པོའི་ངང་སྤྱི་དམངས་དང་རྩ་འཛུགས་ལ་སྐུལ་སློང་བྱས་ནས། རྒྱལ་ཁབ་བདེ་འཇགས་བྱ་བར་གནོད་སྐྱོན་ཐེབས་པའི་བྱ་སྤྱོད་ལ་སྔོན་འགོག་དང་བཀག་འགོག ཁྲིམས་ལྟར་ཆད་པ་གཅད་དགོས།

རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོང་བྱེད་ཚེ། ཕན་ཚུན་ཡིད་ཆེས་དང་ཁེ་ཕན་མཉམ་འཐོབ། འདྲ་མཉམ། མཐུན་སྦྱོར་བཅས་རྒྱུན་འཁྱོངས་བྱ་འོས། ཧུར་ཐག་གིས་ཕྱི་རྒྱལ་སྲིད་གཞུང་ངམ་རྒྱལ་སྤྱིའི་རྩ་འཛུགས་དང་མཉམ་དུ་བདེ་འཇགས་ཀྱི་བརྗེ་རེས་མཉམ་འབྲེལ་སྤེལ་བ་དང་། རྒྱལ་སྤྱིའི་བདེ་འཇགས་འོས་འགན་ལག་ཏུ་བསྟར་ནས། ཐུན་མོང་བདེ་འཇགས་ལ་སྐུལ་འདེད་བཏང་སྟེ། འཛམ་གླིང་ཞི་བདེ་ལ་སྲུང་སྐྱོང་བྱ་དགོས།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་དང་རྒྱལ་ཁབ་སྡེ་ཁག་ཐམས་ཅད། དྲག་ཆས་ཤེད་ཤུགས། སྲིད་ཏང་དང་མི་དམངས་ཚོགས་སྤྱི་སོ་སོ། ཁེ་ལས་ལས་དོན་རྩ་འཛུགས། གཞན་པའི་སྤྱི་ཚོགས་རྩ་འཛུགས་ཚང་མར་རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་འགན་འཁྲི་དང་འོས་འགན་ཡོད།
ཀྲུང་གོའི་གཙོ་དབང་དང་ས་ཁོངས་འཐུས་ཚང་ལ་བཙན་གནོད་དང་ཁ་གྱེས་གཏང་མི་ཆོག རྒྱལ་ཁབ་གཙོ་དབང་སྲུང་སྐྱོང་དང་། གཅིག་གྱུར་དང་ས་ཁོངས་འཐུས་ཚང་ནི་ཞང་ཀང་དང་ཨོ་མན་སྤུན་ཟླ་དང་། ཐའེ་ཝན་སྤུན་ཟླ་ནང་དུ་འདུས་པའི་ཀྲུང་གོ་མི་དམངས་ཡོངས་ཀྱི་ཐུན་མོང་གི་འོས་འགན་ཡིན།
རྒྱལ་ཁབ་ཀྱིས་རྒྱལ་ཁབ་བདེ་འཇགས་བྱ་བའི་ཁྲོད་བྱས་རྗེས་འབུར་ཐོན་བཞག་པའི་མི་སྒེར་དང་རྩ་འཛུགས་ལ་གཟེངས་བསྟོད་དང་བྱ་དགའ་སྟེར་རྒྱུ་ཡིན།

4 གསང་འཕྲིན་ཆ་འཕྲིན།

རྒྱལ་ཁབ་ཀྱིས་ཁོངས་སྒྲིལ་གཅིག་གྱུར་དང་རྣམ་རིག་སྐྱེན་པོ། ཡང་དག་ནུས་མཐོ། དགག་མེད་འཁོར་སྐྱོད་ཀྱི་གསང་འཕྲིན་ཆ་འཕྲིན་འཚོལ་སྡུད་དང་ཞིབ་འཇུག་བརྡར་གཅོད། བེད་སྤྱོད་བཅས་ཀྱི་སྒྲིག་ལམ་འཐུས་ཚང་དུ་གཏང་དགོས། གསང་འཕྲིན་ཆ་འཕྲིན་བྱ་བའི་མཐུན་སྦྱོར་སྒྲིག་གཞི་བཙུགས་ཏེ། གསང་འཕྲིན་ཆ་འཕྲིན་དུས་ཐོག་ཏུ་འཚོལ་སྡུད་དང་ཡང་དག་སྒོས་ཞིབ་འཇུག་བརྡར་གཅོད། ནུས་ཡོད་བེད་སྤྱོད་དང་མཉམ་སྤྱོད་ཐུབ་པ་མངོན་འགྱུར་བྱ་དགོས། རྒྱལ་ཁབ་བདེ་འཇགས་ལས་ཁུངས་དང་སྤྱི་བདེ་ལས་ཁུངས། འབྲེལ་ཡོད་དམག་དོན་ལས་ཁུངས་ཀྱིས་འགན་འཁྲིའི་ལས་བགོས་ལྟར་དུ། ཁྲིམས་ལྟར་རྒྱལ་ཁབ་བདེ་འཇགས་ལ་འབྲེལ་བའི་གསང་འཕྲིན་ཆ་འཕྲིན་འཚོལ་སྡུད་བྱ་དགོས།

རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཁག་སོ་སོས་འགན་འཁྲི་ལག་བསྟར་བྱེད་པའི་གོ་རིམ་ཁྲོད་དུ། ཐོབ་ལེན་བྱུང་བའི་རྒྱལ་ཁབ་བདེ་འཇགས་ཀྱི་འབྲེལ་ཡོད་ཆ་འཕྲིན་དུས་ཐོག་ཏུ་གོང་ཞུ་བྱ་དགོས།

གསང་འཕྲིན་ཆ་འཕྲིན་གྱི་བྱ་བ་སྤེལ་དགོས་ཤིང་། དེང་རབས་ཚན་རིག་ལག་རྩལ་བྱེད་ཐབས་བེད་སྤྱོད་གང་ལེགས་བྱ་དགོས། གསང་འཕྲིན་ཆ་འཕྲིན་གྱི་གསལ་འབྱེད་དང་གདམ་གསེས། ཕྱོགས་བསྡུས་དང་ཞིབ་འཇུག་བརྡར་གཅོད། དབྱེ་ཞིབ་བྱེད་པར་ཤུགས་བསྣན་དགོས། གསང་འཕྲིན་ཆ་འཕྲིན་གྱི་སྐྱེལ་སྤྲོད་དུས་ཐོག་དང་ཡང་དག གཞན་ངོས་ཡིན་པ་ལས། སྐྱེལ་སྤྲོད་ཕྱིར་འགྱངས་དང་ཆད་ལྷག་ཤོར་བ། སྐྱེལ་སྤྲོད་མི་ཞུ་བ་དང་རྫུན་ཞུ་བཅས་བྱ་མི་ཆོག

5 ཉེན་ཁ་སྔོན་འགོག་དང་དཔྱད་དཔོག སྔོན་བརྡ་གཏོང་བ།

རྒྱལ་ཁབ་ཀྱིས་ཁྱབ་ཁོངས་སྣ་ཚོགས་ཀྱི་རྒྱལ་ཁབ་བདེ་འཇགས་ཉེན་ཁར་ཁ་གཏོད་པའི་སྔོན་བཀོད་ཇུས་གཞི་སྒྲིག་འཛུགས་དང་འཐུས་ཚང་དུ་གཏང་དགོས། རྒྱལ་ཁབ་ཀྱིས་རྒྱལ་ཁབ་བདེ་འཇགས་ཉེན་ཁའི་དཔྱད་དཔོག་སྒྲིག་གཞི་བཙུགས་ཏེ། དུས་ངེས་གཏན་ནང་དུ་ཁྱབ་ཁོངས་སོ་སོའི་རྒྱལ་ཁབ་བདེ་འཇགས་ཉེན་ཁའི་བརྟག་དཔྱད་དཔྱད་དཔོག་སྤེལ་དགོས། འབྲེལ་ཡོད་ལས་ཁུངས་ཀྱིས་དུས་ངེས་གཏན་ནང་དུ་ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་མགོ་ཁྲིད་ལས་ཁུངས་ལ་རྒྱལ་ཁབ་བདེ་འཇགས་ཉེན་ཁའི་དཔྱད་དཔོག་སྙན་ཞུ་དབུལ་དགོས། རྒྱལ་ཁབ་ཀྱིས་རྒྱལ་ཁབ་བདེ་འཇགས་ཉེན་ཁའི་ལྟ་སྐུལ་ཚད་ལེན་སྔོན་བརྡའི་སྒྲིག་ལམ་འཐུས་ཚང་དུ་བཏང་སྟེ། རྒྱལ་ཁབ་བདེ་འཇགས་ཉེན་ཁའི་ཚད་ཐིག་ལྟར་དུ། དུས་ཐོག་ཏུ་འོས་འཚམ་གྱི་ཉེན་ཁའི་སྔོན་བརྡ་གཏང་དགོས། འབྱུང་ཉེ་བ་དང་བྱུང་ཟིན་པའི་རྒྱལ་ཁབ་བདེ་འཇགས་ལ་གནོད་སྐྱོན་ཐེབས་པའི་དོན་རྐྱེན་ལ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་གཙོ་གཉེར་སྡེ་ཁག་གིས་དེ་མ་ཐག་གཏན་འཁེལ་ལྟར་དུ། རིམ་པ་གོང་མའི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་གཙོ་གཉེར་སྡེ་ཁག་ལ་སྙན་ཞུ་བྱ་དགོས་ཤིང་། དགོས་ངེས་ཡོད་ཚེ་རིམ་པ་བརྒལ་ཏེ་སྙན་ཞུ་བྱས་ཀྱང་ཆོག

6 ​ཞིབ་བཤེར་དང་ལྟ་སྐུལ་དོ་དམ།

རྒྱལ་ཁབ་ཀྱིས་རྒྱལ་ཁབ་བདེ་འཇགས་ཀྱི་ཞིབ་བཤེར་དང་ལྟ་སྐུལ་དོ་དམ་གྱི་སྒྲིག་ལམ་དང་སྒྲིག་གཞི་བཙུགས་ཏེ། ཤུགས་རྐྱེན་ཐེབས་པའམ་ཤུགས་རྐྱེན་ཐེབས་སྲིད་པའི་ཕྱི་རྒྱལ་ཚོང་བའི་མ་གཏོང་དང་དམིགས་བཙུགས་དངོས་རྫས། གནད་འགག་ལག་རྩལ། དྲ་རྒྱའི་ཆ་འཕྲིན་ཐོན་རྫས་དང་ཞབས་ཕྱི། རྒྱལ་ཁབ་བདེ་འཇགས་དོན་ཚན་དང་འབྲེལ་བའི་འཛུགས་སྐྲུན་ལས་གཞི། གཞན་པའི་དོན་ཚན་གལ་ཆེན་དང་བྱ་འགུལ་ལ་རྒྱལ་ཁབ་བདེ་འཇགས་ཀྱི་ཞིབ་བཤེར་བྱས་ནས། ནུས་ཡོད་ཀྱིས་རྒྱལ་ཁབ་བདེ་འཇགས་ཀྱི་ཉེན་ཁ་སྔོན་འགོག་དང་གཙང་སེལ་བྱ་དགོས།

ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཁག་སོ་སོས་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ལྟར་དུ་རྒྱལ་ཁབ་བདེ་འཇགས་ཞིབ་བཤེར་གྱི་འགན་འཁྲི་ལག་ཏུ་བསྟར་དགོས། ཁྲིམས་ལྟར་རྒྱལ་ཁབ་བདེ་འཇགས་ཞིབ་བཤེར་གྱི་ཐག་གཅོད་བྱེད་པའམ་ཡང་ན་བདེ་འཇགས་ཞིབ་བཤེར་བསམ་འཆར་འདོན་པར་མ་ཟད། ལག་བསྟར་བྱེད་པར་ལྟ་སྐུལ་དོ་དམ་བྱ་དགོས།

ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱིས་ཁྲིམས་ལྟར་རང་སྲིད་འཛིན་མངའ་ཁོངས་ཀྱི་འབྲེལ་ཡོད་རྒྱལ་ཁབ་བདེ་འཇགས་ཞིབ་བཤེར་དང་ལྟ་སྐུལ་དོ་དམ་བྱ་བར་འགན་འཁུར་དགོས།


དཔྱད་གཞིའི་ཡིག་ཆ།