རྩིས་སྤྲོད་དོ་དམ།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2021-04-27 11:26ལ་འགྲུབ།

རྩིས་སྤྲོད་དོ་དམ།

རྩིས་སྤྲོད་དོ་དམ།
རང་རྒྱལ་གྱི་ཉེས་ཁྲིམས་ནང་གཏན་འབེབས་བྱས་པའི་ཉེས་ཚད་རིགས་ཤིག་ཡིན་ལ། རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་ཕོག་པའི་ཉེས་ཅན་སྔར་བཞིན་དེ་སྔའི་ལས་ཀ་བྱེད་སའི་སྡེ་ཚན་ནམ་སྡོད་གནས་སུ་ལས་ཀ་བྱེད་པའམ་ངལ་རྩོལ་བྱེད་ཚེ། ངལ་རྩོལ་བྱེད་པའི་རིང་ཐོབ་ཆ་འདྲ་བ་སྤྲོད་ཅིང་རྩིས་སྤྲོད་དོ་དམ་གྱི་དུས་བཀག་ནི་ཟླ་གསུམ་ཡན་ནས་ལོ་གཉིས་མན་བར་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
管制
དུས་བཀག
ཟླ3གྱི་ཡན་དང་ལོ2མན།
དབྱིན་ཡིག་གི་མིང་།
control;put under surveillance;regulate
གཞི་འཛིན་བཅའ་ཁྲིམས།
ཉེས་ཁྲིམས།
རིགས་དབྱེ།
ཉེས་འཇལ་རྣམ་གྲངས།
འབྲེལ་ཡོད་ཁྱང་ཁོངས།
བཅའ་ཁྲིམས།
1 ​ཁྱད་ཆོས།

རྩིས་སྤྲོད་དོ་དམ་ཞེས་པ་ནི་ཉེས་ཅན་ལ་བཙོན་འཇུག་མི་བྱེད་པར་ཁྲིམས་ལྟར་སྡེ་ཁུལ་ནས་ཡོ་བསྲང་བྱས་ཏེ་རང་དབང་ངེས་ཅན་ཞིག་ཚོད་འཛིན་བྱེད་པའི་ཉེས་ཆད་གཅོད་ཐབས་ཤིག་ཡིན། རྩིས་སྤྲོད་དོ་དམ་ལ་གཤམ་གྱི་ཁྱད་ཆོས་དག་ལྡན། 

1.ཉེས་ཅན་བཙོན་འཇུག་མ་བྱས་ན་དེའི་མི་ལུས་རང་དབང་བཙན་འཕྲོག་མི་བྱེད། རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་ཕོག་པའི་ཉེས་ཅན་གྱིས་ཁྲིམས་ཆད་འཁུར་བའི་རིང་ལ་བཙོན་ཁང་དང་ལྟ་སྲུང་ཁང་སོགས་ལག་བསྟར་བྱེད་གནས་སུ་བཙན་ཉར་མི་བྱེད་པར་སྔར་བཞིན་དེ་སྔའི་ལས་ཀ་བྱེད་སའི་སྡེ་ཚན་ནམ་སྡོད་གནས་སུ་བསྡད་ཡོད་ལ། རང་གི་ཁྱིམ་ཚང་དང་ཡང་བྲལ་མེད་ཅིང་སྤྱི་ཚོགས་དང་རྒྱུན་ལྡན་གྱི་འགྲོ་འོང་བྱེད་མཚམས་ཀྱང་འཇོག་གི་མེད། ཉེས་ཅན་བཙོན་འཇུག་མ་བྱས་ན་དེ་ནི་རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་དང་དེ་མིན་གྱི་ཉེས་ཆད་གཅོད་ཐབས་གཉིས་ཀྱི་ཁྱད་པར་གལ་ཆེན་ཞིག་ཡིན། 

2.རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་ཕོག་པའི་ཉེས་ཅན་ལ་ངེས་པར་དུ་ཁྲིམས་ལྟར་སྡེ་ཁུལ་ཡོ་བསྲང་བྱེད་དགོས་ཤིང་། དེའི་རང་དབང་ལ་ཚོད་འཛིན་ངེས་ཅན་ཐེབས་ཡོད། ཉེས་ཅན་གྱི་རང་དབང་ལ་ཚོད་འཛིན་བྱེད་པའི་ཐོག་ནས་གཙོ་བོ་ཉེས་ཅན་གྱི་ཆབ་སྲིད་རང་དབང་ལ་ཚོད་འཛིན་དང་། འགོ་ཁྲིད་ཀྱི་ལས་གནས་འཁུར་བ། ཕྱི་ཕྱོགས་སུ་ཚོང་གཉེར་བྱེད་པ། གནས་སྤོ་བྱེད་པ་སོགས་ཀྱི་རང་དབང་མཚོན་གྱིན་ཡོད། 

3.རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་ཕོག་པའི་ཉེས་ཅན་གྱིས་རང་ལས་རང་འཚོལ་བྱས་ཆོག་པ་དང་། ངལ་རྩོལ་བྱེད་རིང་སྤྱི་དམངས་དཀྱུས་མ་དང་ལས་ཀ་འདྲ་བ་ལ་ཐོབ་ཆ་འདྲ་བ་སྤྲོད་དགོས་ལ། 《ཉེས་ཁྲིམས་དག་བཅོས་འཆར་ཟིན(བརྒྱད)》གྱི་དོན་ཚན་གཉིས་པའི་ནང་གཏན་འབེབས་བྱས་དོན། ཉེས་ཁྲིམས་ཀྱི་དོན་ཚན་སོ་བརྒྱད་པར་ནང་གསེས་དོན་ཚན་གཅིག་བསྣན་ནས་ནང་གསེས་དོན་ཚན་གཉིས་པར་བྱས་པ་སྟེ། “རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་གཅོད་རྒྱུ་དེ་བྱས་ཉེས་བསགས་ཚུལ་ལ་གཞིགས་ཆོག་པ་དང་། དུས་མཚུངས་སུ་ཉེས་ཅན་གྱིས་ཉེས་ཆད་ལག་བསྟར་བྱེད་རིང་དམིགས་བསལ་གྱི་བྱེད་སྒོ་སྤེལ་བ་དང་། དམིགས་བསལ་གྱི་ས་ཁོངས་དང་ལས་ཡུལ་དུ་བསྐྱོད་པ། དམིགས་བསལ་གྱི་སྐྱེ་བོ་དང་འབྲེལ་གཏུག་བྱེད་པ་བཅས་གཏན་འགོག་བྱ་དགོས།” དེ་སྔའི་ནང་གསེས་དོན་ཚན་གཉིས་པ་དེ་ནང་གསེས་དོན་ཚན་གསུམ་པར་བྱས་ནས“རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་ཕོག་པའི་ཉེས་ཅན་ལ་ཁྲིམས་ལྟར་སྡེ་ཁུལ་ཡོ་བསྲང་བྱ་དགོས”ཞེས་པར་བཟོ་བཅོས་བརྒྱབ་ཡོད་ལ། དེ་ཡང་གསལ་པོར་བཤད་ན་རྩིས་སྤྲོད་དོ་དམ་ནི་དེ་སྔའི་སྤྱི་བདེ་ལས་ཁུངས་ཀྱིས་ལག་བསྟར་དང་། ས་གནས་སྡེ་ཁུལ་ཡོ་བསྲང་སྒྲིག་གཞིར་བསྒྱུར་ཏེ། རྫོང་རིམ་པའི་ཁྲིམས་འཛིན་སྲིད་འཛིན་སྡེ་ཁག་གིས་ལག་བསྟར་བྱེད་པ་ཡིན། 

2 ཐོག་མའི་རྣམ་པ།

《ཉེས་ཁྲིམས་ཀྱི་སྤྱིའི་དོན་ཚན》 

ལྟ་ཚུལ་རིགས་གཉིས་ཡོད་དེ། རིགས་གཅིག་ནི་འཇའ་འགོག་དམག་འཁྲུག་གི་དུས་སྐབས་སུ་ཁྱབ་བསྒྲགས་བྱས་པའི《ཧོའེ་ཧའེ་ས་ཁུལ་དུ་ཁྲིམས་འཛིན་གྱོད་གཞི་ཞིབ་གཅོད་བྱ་རྒྱུའི་གནས་སྐབས་ལག་བསྟར་བྱ་ཐབས》 ཞེས་པའི་ལེའུ་བཞི་པའི་དོན་ཚན18པའི་ནང་དུ་འཁོད་པའི་ཉེས་ཆད་གཙོ་བོའི་རིགས་ལྔའི་ནང་གི་གཅིག་སྟེ“དོ་དམ”ཞེས་པ་དེ་དོན་དངོས་ཐོག་རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་ཀྱི་ཐོག་མའི་རྣམ་པ་ཡིན། སྐབས་དེའི་དོ་དམ་ནི་བཙོན་ཁང་དུ་བཅུག་མི་ཆོག་མོད། འོན་ཀྱང་གཞུང་བཀོལ་བྱེད་དགོས་པའི་ཉེས་ཆད་གཅོད་ཐབས་ཤིག་ཡིན། ཁྲིམས་ཆད་འཁུར་ཡུན་ཉིན1ཡན་དང་ལོ་གཅིག་མན་ཡིན། རིགས་གཞན་ཞིག་ནི་དམངས་གཙོའི་རིང་ལུགས་གསར་པའི་གསར་བརྗེའི་དུས་སྐབས་སུ་རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་དེ་རགས་ཙམ་ཆགས་ཡོད་ཅིང་། སྐབས་དེར་“གྲོང་ཚོར་ཕྱིར་ལོག་ནས་ལག་བསྟར་བྱེད་པ”ཞེས་འབོད་པ་དེ་ཞིང་བདག་དང་། ཞིང་པ་ཕྱུག་པོ།གསར་བརྗེར་ངོ་རྒོལ་པ་བཅས་དང་འཐབ་རྩོད་བྱེད་སྐབས་རྒྱ་ཁྱབ་ཏུ་སྤྱོད་པར་འཕྲོད་ཅིང་། ནུས་པ་གལ་ཆེན་ཐོན་ཡོད། དཔྱད་གཞི་འཚོལ་བསྡུ་དཀའ་བའི་དབང་གིས་སྨྱུག་འཛིན་པས་རྩིས་སྤྲོད་དོ་དམ་ཉེས་ཆད་ཀྱི་ཐོག་མའི་རྣམ་པར་འབྱུང་རྩ་རྩད་གཅོད་བྱེད་ཐབས་མེད། འོན་ཀྱང་ཤེས་རྟོགས་བྱུང་བའི་དཔྱད་གཞི་ལས་འཇའ་འགོག་དམག་འཁྲུག་སྐབས་ཀྱི“དོ་དམ”དང་ཡང་ན་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་དུས་ཀྱི“གྲོང་ཚོར་ལོག་ནས་ལག་བསྟར”གང་ཞིག་ཡིན་རུང་ཐུན་མོང་གི་ཆ་གསུམ་ཡོད་པ་སྟེ། གཅིག་ནི་བེད་སྤྱོད་བྱ་ཡུལ་བཙོན་འཇུག་མི་བྱེད་པ་དང་། གཉིས་ནི་བཀོལ་སྤྱོད་བྱ་ཡུལ་དེ་དུས་ཚད་ངེས་ཅན་གྱི་ངལ་རྩོལ་ལ་ངེས་པར་དུ་ཞུགས་དགོས་ཤིང་། གཞུང་བཀོལ་གྱི་རྣམ་པའམ་ཡང་ན་གྲོང་ཚོ་ཐུན་མོང་གི་ངལ་རྩོལ་ཡིན། གསུམ་ནི་བེད་སྤྱོད་བྱེད་ཡུལ་གྱིས་ངེས་པར་དུ་ཆེད་དོན་ལས་ཁུངས་དང་མང་ཚོགས་ཀྱི་ལྟ་སྐུལ་དང་བསྒྱུར་བཀོད་དང་ལེན་བྱ་དགོས། རྩིས་སྤྲོད་དོ་དམ་བྱེད་པ་ནི་བཅིངས་འགྲོལ་ས་ཁུལ་གྱི་མི་དམངས་ཀྱི་ཆབ་སྲིད་འཐབ་རྩོད་ལག་ལེན་བྱས་པའི་འབྲས་བུ་ཡིན་པ་དང་། དེ་ནི་དྲག་གནོན་དང་གུ་ཡངས་དང་། ཆད་གཅོད་དང་སློབ་གསོ་ཟུང་འབྲེལ་བྱེད་པའི་སྲིད་ཇུས་ལག་ལེན་དངོས་ཡིན་ཞིང་། དེས་སྲིད་དབང་སྒེར་འཛིན་ལས་ཁུངས་དང་མང་ཚོགས་ཀྱིས་ལྟ་སྐུལ་བྱེད་པའི་ཕྱོགས་གཉིས་ཐད་ཀྱི་དགེ་མཚན་འདོན་སྤེལ་བྱས་ནས་ཞིང་བདག་དང་གསར་བརྗེར་ངོ་རྒོལ་པ་སོགས་གྲལ་རིམ་གྱི་དགྲ་བོར་ཁྲིམས་གཅོད་དང་བསྒྱུར་བཀོད་བྱེད་སྐབས་ནུས་པ་ཧ་ཅང་ཆེན་པོ་ཐོན་ཡོད། རྩིས་སྤྲོད་དོ་དམ་བྱེད་པ་ནི་བཅིངས་འགྲོལ་ས་ཁུལ་མི་དམངས་ཀྱི་ཉེས་དོན་འཐབ་རྩོད་ཀྱི་ལག་ལེན་ལས་བྱུང་བ་ཞིག་ཡིན། བཅིངས་འགྲོལ་ས་ཁུལ་གྱི་མི་དམངས་སྲིད་དབང་གིས་ལོག་སྤྱོད་སྟོབས་ཤུགས་དང་ཆབ་སྲིད་ཀྱི་འཐབ་རྩོད་དྲག་པོ་བྱེད་སྐབས། ནག་ཉེས་ཤིན་ཏུ་ཆེ་བའི་དགྲ་བོར་རྡུང་རྡེག་དྲག་པོ་བྱ་དགོས་ལ།ནག་ཉེས་ཆེན་པོ་མེད་པའི་ལོག་སྤྱོད་པ་འབོར་ཆེན་ཞིག་ལ་ཆད་གཅོད་དང་། སློབ་གསོ། བསྒྱུར་བཀོད་བཅས་ཀྱང་བྱ་དགོས་ཤིང་། ལོག་སྤྱོད་པར་ཆད་གཅོད་དང་བསྒྱུར་བཀོད་བྱེད་པ་དེ་མང་ཚོགས་ཀྱི་ལྟ་སྐུལ་ནང་དུ་འདུས་པར་བྱས་ཏེ། “དོ་དམ”དང་ཡང་ན“གྲོང་སྡེར་ལོག་ནས་ལག་བསྟར་བྱེད་པ”གང་ཡིན་རུང་ཚང་མ་ཉེས་དོན་ཁྲིམས་འཛིན་གྱི་ཕན་ཡོད་ལག་ལེན་བྱེད་སྒོ་ཡིན་པས། རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་གཏན་འཁེལ་བྱེད་པར་ཐོག་མའི་ལག་ལེན་འཚོལ་ཞིབ་བྱས་པ་རེད། 

3 བྱ་ཡུལ།

1.ནག་ཉེས་ཀྱི་ངོ་བོ་ཡང་ཞིང་གནོད་སྐྱོན་ཆུང་བ། རང་རྒྱལ་གྱི་ཉེས་ཁྲིམས་ཀྱི་ཞིབ་གསལ་དོན་ཚན་ནང་དུ་རྩིས་སྤྲོད་དོ་དམ་སྤྱད་འཐུས་པའི་བྱས་ཉེས་ནི་གཙོ་བོ་སྤྱི་ཚོགས་དོ་དམ་གྱི་སྒྲིག་ལམ་ལ་གནོད་སྐྱོན་གཏོང་བའི་བྱས་ཉེས་དང་གཉེན་སྒྲིག་དང་ཁྱིམ་ཚང་ལ་གནོད་སྐྱོན་གཏོང་བའི་བྱས་ཉེས་ཁྲོད་དུ་བསགས་ཡོད། བྱས་ཉེས་དེ་དག་གི་ཐུན་མོང་གི་ཁྱད་ཆོས་ནི་བྱས་ཉེས་ཀྱི་ངོ་བོ་ཧ་ཅང་ཚབས་ཆེན་པོ་མེད་པ་དང་། སྤྱི་ཚོགས་ལ་གནོད་སྐྱོན་རང་བཞིན་ཅུང་ཆུང་བ་དེ་ཡིན། 

2.མིའི་ལུས་ཁམས་ལ་ཉེན་ཁ་ཅུང་ཆུང་བ། རྩིས་སྤྲོད་དོ་དམ་གྱིས་ཉེས་ཅན་གྱི་མི་ལུས་རང་དབང་བཙན་འཕྲོག་མི་བྱེད་པར་ཚད་ངེས་ཅན་ཞིག་གི་ཐོག་ནས་དེའི་མི་ལུས་རང་དབང་ལ་ཚོད་འཛིན་བྱེད་ཀྱིན་ཡོད། དེར་བརྟེན་རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་སྤྱད་པའི་ཉེས་ཅན་ནི་ངེས་པར་དུ་མི་ལུས་ལ་ཉེན་ཁ་ཅུང་ཆུང་བའི་ཉེས་ཅན་ཡིན་དགོས། གལ་ཏེ་ཉེས་གསོག་གི་མི་ལུས་ལ་ཉེན་ཁ་ཧ་ཅང་ཆེ་ན་རྩིས་སྤྲོད་དོ་དམ་དེ་ཉེས་གསོག་སྔོན་འགོག་བྱེད་པའི་དམིགས་ཡུལ་འགྲུབ་དཀའ། 

4 དུས་བཀག

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིདེ་ནི་མང་ཚོགས་སྐུལ་སློང་བྱས་ནས་དགྲ་བོས་་ཉེས་དོན་བཅའ་ཁྲིམས》ནང་རྩིས་སྤྲོད་དོ་དམ་གྱི་གཏན་འབེབས་དེ་གཙོ་བོ་ཉེས་ཆད་གཅོད་རྒྱུའི་རིགས་ཤིག་ཡིན་ཞིང་། མི་དམངས་ཁྲིམས་ཁང་གིས་དཔྱད་མཚམས་བཏང་སྟེ་སྡེ་ཁུལ་ཡོ་བསྲང་བཟོ་བཅོས་བརྒྱབ་ཡོད། རྩིས་སྤྲོད་དོ་དམ་གྱི་ཡུན་ཚད་ནི་ཟླ་གསུམ་ཡན་ནས་ལོ་གཉིས་མན་བར་ཡིན། འོན་ཀྱང་བྱས་ཉེས་དུ་མ་བསགས་པར་ཉེས་ཆད་སྡེབ་གཅོད་བྱ་སྐབས་ལོ་གསུམ་བར་ནར་འགྱངས་བྱས་ཆོག རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་འཁུར་བའི་ཡུན་ཚད་ནི་དཔྱད་མཚམས་བཅད་དོན་ལག་བསྟར་བྱེད་ཉིན་ནས་བརྩི་རྒྱུ་དང་། དཔྱད་མཚམས་བཅད་དོན་ལག་བསྟར་མ་བྱས་གོང་ལ་བཙན་ཉར་བྱས་ཡོད་ན་བཙན་ཉར་བྱས་པའི་ཉིན་གཅིག་ཉེས་ཆད་འཁུར་བའི་ཡུན་ཚད་ཉིན་གཉིས་བར་བརྩི་རྒྱུ། རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་འཁུར་བའི་ཡུན་ཚད་ནི་བཙན་ཉར་ལས་སྐུལ་ལས་རིང་བ་ཡོད་མོད། འོན་ཀྱང་རྩིས་སྤྲོད་དོ་དམ་ནི་མི་ལུས་རང་དབང་ལ་ཚོད་འཛིན་བྱེད་པ་ཙམ་ཡིན་ཞིང་། བཙན་ཉར་ལས་བསྐུལ་ནི་མི་ལུས་རང་དབང་བཙན་འཕྲོག་བྱེད་པ་ཞིག་ཡིན། ངོ་བོའི་ཐོག་ནས་བཤད་ན། རྩིས་སྤྲོད་དོ་དམ་ནི་སྔར་བཞིན་བཙན་ཉར་ལས་ཡང་བ་ཡོད། 

རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་འཁུར་བའི་ཡུན་ཚད་ནི་དཔྱད་མཚམས་བཅད་དོན་ལག་བསྟར་བྱེད་ཉིན་ནས་བརྩི་རྒྱུ་དང་། དཔྱད་མཚམས་བཅད་དོན་ལག་བསྟར་མ་བྱས་གོང་ལ་བཙན་ཉར་བྱས་ཡོད་ན་བཙན་ཉར་བྱས་པའི་ཉིན་གཅིག་ཉེས་ཆད་འཁུར་བའི་ཡུན་ཚད་ཉིན་གཉིས་སུ་བརྩི་རྒྱུ་དང་། བཙན་ཉར་བྱས་པའི་ཉིན་གཅིག་ཉེས་ཆད་འཁུར་བའི་ཡུན་ཚད་ཉིན་གཉིས་སུ་བརྩི་རྒྱུའི་གཏན་འབེབས་བྱ་དགོས་དོན་ནི་དཔྱད་མཚམས་བཅད་དོན་ལག་བསྟར་མ་བྱས་གོང་བཙན་ཉར་བྱས་པ་དེ་ནི་རང་དབང་བཙན་འཕྲོག་གི་ཁོངས་སུ་གཏོགས་པ་དང་། རྩིས་སྤྲོད་དོ་དམ་བྱེད་པ་ནི་རང་དབང་ལ་ཚོད་འཛིན་བྱས་པ་ཞིག་ཡིན་པའི་རྐྱེན་གྱིས་རེད། དེ་མིན། ཆོག་མཆན་ཐོབ་པ་བརྒྱུད་རང་ཉིད་སྡོད་སའི་གྲོང་ཁྱེར་དང་རྫོང་ནས་ཁ་བྲལ་བའི་ཉེས་ཅན་ལ་ཕྱི་ལ་སོང་བའི་དུས་ཡུན་ནང་ལག་བསྟར་བྱེད་ཡུན་དུ་བརྩི་དགོས། འོན་ཀྱང་ཆོག་འཐུས་ཀྱི་དུས་ཡུན་ལས་བརྒལ་ན་ལག་བསྟར་བྱེད་ཡུན་དུ་བརྩི་རྒྱུ་མེད། ཆོག་མཆན་མ་ཐོབ་པར་རང་ཉིད་གནས་སའི་ས་ཁོངས་ནས་རང་དགར་ཁ་བྲལ་བའི་ཉེས་ཅན་ལ་ཕྱི་ལ་སོང་བའི་རིང་ལག་བསྟར་བྱེད་པའི་དུས་ཚོད་དུ་བརྩིས་མི་ཆོག འཕྲི་འཐེན་བྱས་པའི་ལག་བསྟར་དུས་ཡུན་ནི་རྫོང་རིམ་པའི་སྤྱི་བདེ་ལས་ཁུངས་ཀྱིས་དེའི་ཁྲིམས་དོན་ཡིག་རིགས་ཐོག་ཏུ་གསལ་པོར་འབྲི་དགོས་པ་མ་ཟད། གཞུང་ཐམ་བརྒྱབ་ནས་དོ་བདག་ལ་བརྡ་ཐོ་གཏོང་དགོས་པ་དང་། ཕྱོགས་མཚུངས་ཡིག་ཐོག་ནས་རིམ་པ་གཅིག་མཚུངས་ཀྱི་མི་དམངས་ཞིབ་དཔྱོད་ཁང་དང་། ཐོག་མའི་འདྲི་གཅོད་དམ་ཡང་ན་ཆོག་མཆན་འགོད་མཁན་ལས་ཁུངས་ལ་བརྡ་ཐོ་གཏོང་དགོས། 

5 ལག་བསྟར།

ཉེས་ཁྲིམས་དག་བཅོས་མའི་ནང་དུ་གཏན་འབེབས་བྱས་དོན། “རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་ཕོག་པ་ཡིན་ན། བྱས་ཉེས་བསགས་ཚུལ་ལ་གཞིགས་ནས་དུས་མཚུངས་སུ་ཉེས་ཅན་གྱིས་ལག་བསྟར་བྱེད་རིང་དམིགས་བསལ་གྱི་བྱེད་སྒོ་སྤེལ་བ་དང་། དམིགས་བསལ་གྱི་ས་ཁོངས་དང་ལས་ཡུལ་དུ་བསྐྱོད་པ། དམིགས་བསལ་གྱི་སྐྱེ་བོ་དང་འབྲེལ་གཏུག་བྱེད་པ་བཅས་གཏན་འགོག་བྱ་དགོས” “རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་ཕོག་པའི་ཉེས་ཅན་ལ་ཁྲིམས་ལྟར་སྡེ་ཁུལ་ཡོ་བསྲང་བྱ་དགོས” “ནང་གསེས་དོན་ཚན་གཉིས་པའི་གཏན་འབེབས་དང་འགལ་བའི་བཀག་སྡོམ་བཀའ་རྒྱ་ཡིན་རིགས་ལ་སྤྱི་བདེ་ལས་ཁུངས་ཀྱིས《བདེ་འཇགས་དོ་དམ་གྱི་ཆད་པ་གཅོད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》ཀྱི་གཏན་འབེབས་ལྟར་ཆད་པ་གཅོད་རྒྱུ”ཞེས་པར་བཟོ་བཅོས་རྒྱག་རྒྱུ། 《སྡེ་ཁུལ་ཡོ་བསྲང་ལག་བསྟར་བྱ་ཐབས》བཏོན་ནས་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ཀྱིས་སྡེ་ཁུལ་ཡོ་བསྲང་ལས་དོན་ལ་མཛུབ་ཁྲིད་དང་དོ་དམ་དང་སྒྲིག་འཛུགས་ལག་བསྟར་བྱ་རྒྱུའི་གཏན་འབེབས་ཁ་གསལ་བྱས་ཡོད། 

མི་དམངས་ཁྲིམས་ཁང་གིས་སྡེ་ཁུལ་དུ་ཡོ་བསྲང་བྱེད་པར་འཚམས་པའི་ཆ་རྐྱེན་འཛོམས་པའི་ཞུ་སྦྱོར་ཕྱི་མ་བ་དང་ཉེས་ཅན་པར་ཁྲིམས་ལྟར་དཔྱད་མཚམས་དང་བཀའ་བཅད་གཏོང་རྒྱུའམ་ཡང་ན་ཐག་གཅོད་བྱ་དགོས། 

མི་དམངས་ཞིབ་དཔྱོད་ཁང་གིས་སྡེ་ཁུལ་ཡོ་བསྲང་གི་ཁྲིམས་སྒྱུར་ལྷུ་ཚིགས་ཁག་ལ་ཁྲིམས་ལུགས་གཞིར་བཟུང་ལྟ་སྐུལ་བྱེད་དགོས། 

སྤྱི་བདེ་ལས་ཁུངས་ཀྱིས་བདེ་འཇགས་དོ་དམ་གྱི་གཏན་འབེབས་དང་འགལ་མཁན་དང་བསྐྱར་དུ་ཉེས་པ་བསགས་པའི་སྡེ་ཁུལ་དུ་ཁྲིམས་ཆད་འཁུར་བཞིན་པའི་མི་སྣར་དུས་ཐོག་ཏུ་ཁྲིམས་ལྟར་ཐག་གཅོད་བྱེད་དགོས། 

ཉེས་ཁྲིམས་ཀྱི་དོན་ཚན་སོ་དགུ་པའི་གཏན་འབེབས་ལྟར་ན། རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་ཕོག་པའི་ཉེས་ཅན་གྱིས་ཉེས་ཆད་འཁུར་བའི་རིང་གཤམ་གསལ་གཏན་འབེབས་ཁག་ལ་བརྩི་སྲུང་ཞུ་དགོས་པ་སྟེ། 

(1)བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ལ་བརྩི་སྲུང་དང་ལྟ་སྐུལ་ལ་བརྩི་བཀུར་ཞུ་དགོས་པ། 

(2)ལག་བསྟར་ལས་ཁུངས་ཀྱི་ཆོག་མཆན་མ་ཐོབ་པར་གཏམ་བརྗོད་དང་དཔེ་སྐྲུན། འདུ་ཚོགས། ཚོགས་འཛུགས། ཁྲོམ་སྐོར་བཅས་བྱེད་པའི་རང་དབང་སྤྱད་མི་ཆོག 

(3)ལག་བསྟར་ལས་ཁུངས་ཀྱི་གཏན་འབེབས་ལྟར་རང་ཉིད་ཀྱི་བྱ་སྤྱོད་སྙན་སེང་ཞུ་དགོས། 

(4)མགྲོན་པོར་ཐུག་འཕྲད་སྐོར་གྱི་ལག་བསྟར་ལས་ཁུངས་ཀྱི་གཏན་འབེབས་ལ་བརྩི་སྲུང་ཞུ་དགོས། 

(5)གནས་སྡོད་སའི་གྲོང་ཁྱེར་དང་རྫོང་ལས་བྲལ་བའམ་ཡང་ན་གནས་སྤོ་བྱས་ན་ལག་བསྟར་ལས་ཁུངས་ལ་ཆོག་མཆན་ཞུ་དགོས། 

གོང་གསལ་གཏན་འབེབས་ལྟར་ན། རྩིས་སྤྲོད་དོ་དམ་དེ་ཉིད་ཀྱི་ནང་དུ་ཆབ་སྲིད་ཀྱི་ཁེ་དབང་བཙན་འཕྲོག་བྱ་རྒྱུའི་ནང་དོན་ཚུད་མེད། གལ་ཏེ་རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་ཕོག་པའི་ཉེས་ཅན་ལ་ཆབ་སྲིད་ཀྱི་ཁེ་དབང་བཙན་འཕྲོག་བྱ་དགོས་བྱུང་ན་ཆབ་སྲིད་ཀྱི་ཁེ་དབང་བཙན་འཕྲོག་བྱ་རྒྱུ་དེ་ཟུར་འགེལ་ཉེས་ཆད་ཅིག་ཏུ་བརྩི་དགོས། དེའི་ཡུན་ཚད་ནི་རྩིས་སྤྲོད་དོ་དམ་གྱི་ཡུན་ཚད་དང་གཅིག་མཚུངས་ཡིན་པས་དུས་གཅིག་ཏུ་ལག་བསྟར་བྱ་དགོས། 

རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་ཕོག་པའི་ཉེས་ཅན་གྱི་དོ་དམ་ཡུན་ཚད་ཐིམ་མཚམས་སུ་ལག་བསྟར་ལས་ཁུངས་ཀྱིས་དེ་འཕྲལ་སྐྱེ་བོ་དེ་ཉིད་དང་། དེའི་གནས་སའི་སྡེ་ཚན་ནམ་གནས་སྡོད་སའི་མང་ཚོགས་བཅས་ལ་རྩིས་སྤྲོད་དོ་དམ་ལས་གྲོལ་བའི་ཁྱབ་བསྒྲགས་བྱ་དགོས་པ་མ་ཟད། དོ་བདག་ལ་དེའི་སྐོར་གྱི་བརྡ་ཐོ་ཡང་གཏོང་དགོས། ཆབ་སྲིད་ཀྱི་ཁེ་དབང་བཙན་འཕྲོག་གི་ཟུར་འགེལ་ཉེས་ཆད་བཅད་རིགས་ནི་དུས་མཚུངས་སུ་ཆབ་སྲིད་ཀྱི་ཁེ་དབང་སླར་གསོ་བྱ་རྒྱུའི་ཁྱབ་བསྒྲགས་ཀྱང་བྱེད་དགོས། 

6 རྩིས་སྤྲོད་དོ་དམ་གྱི་ལོ་རྒྱུས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་པའི་དུས་འགོར། མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་སྲིད་དབང་སྲ་བརྟན་དུ་གཏོང་ཆེད་གསར་བརྗེར་ངོ་རྒོལ་པར་དྲག་གནོན་བྱེད་པའི་ལས་འགུལ་སྤེལ་བ་རེད། གསར་བརྗེར་ངོ་རྒོལ་པ་ཁ་ཤས་ལ་ལོ་རྒྱུས་ཐོག་ནག་ཉེས་ཡོད་པ་དང་། རྒྱལ་ཁབ་བཙུགས་རྗེས་སྔ་འགྱོད་ཕྱི་འདོམས་མི་བྱེད་ལ་ད་ལྟ་ལག་བསྟར་བྱེད་བཞིན་པའི་བྱེད་སྒོ་ཡང་མེད། དེའི་ལོ་རྒྱུས་ཐོག་གི་ནག་ཉེས་ནི་འཛིན་བཟུང་བྱས་ནས་ཉེས་ཆད་གཅོད་མི་དགོས་པས།མི་དམངས་སྲིད་གཞུང་གིས་བཙོན་འཇུག་མི་བྱེད་པར་སྲིད་གཞུང་གིས་རྩིས་སྤྲོད་དོ་དམ་དང་མང་ཚོགས་ཀྱིས་ལྟ་སྐུལ་བྱེད་པའི་བྱེད་ཐབས་སྤྱད་དེ་ཆད་པ་གཅོད་རྒྱུ་དང་འབྲེལ་བསམ་བློའི་སློབ་གསོ་ངེས་ཅན་ཞིག་བཏང་ནས་དེར་བསྒྱུར་བཀོད་བྱེད་དུ་འཇུག་དགོས། རྩིས་སྤྲོད་དོ་དམ་གྱི་བྱ་ཐབས་དེ་རིགས་ས་གནས་ཁག་གི་སྤྱི་བདེ་ལས་ཁུངས་ཀྱིས་ལག་བསྟར་བྱ་རྒྱུ་དང་དེའི་ངོ་བོར་གཞིགས་ན་སྲིད་འཛིན་དོ་དམ་བྱེད་ཁོངས་སུ་གཏོགས། དེ་རྗེས་རྩིས་སྤྲོད་དོ་དམ་དེ་ཡང་ཉེས་ཅན་གཞན་དག་ལ་སྤྱད་འཐུས། སྤྱི་ལོ1952ལོའི་ཟླ3པའི་ཚེས8ཉིན་སྲིད་དོན་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་པའི《ལྐོག་ཟ་དང་ཆུད་ཟོས་དང་དཔོན་ཉམས་རིང་ལུགས་ཀྱི་ནོར་འཁྲུལ་ཐག་གཅོད་བྱེད་ཕྱོགས་སྐོར་གྱི་ཀྲུང་དབྱང་གྲོན་ཆུང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་གཏན་འབེབས་འགའ》ཞེས་པའི་ནང་། ལྐོག་ཟ་བྱེད་མཁན་ལ་ཉེས་དོན་གྱི་ཆད་པ་གཅོད་རྒྱུའི་ནང“ལས་ཁུངས་ཀྱི་རྩིས་སྤྲོད་དོ་དམ”ཚུད་ཡོད་པ་མ་ཟད། ཉེས་ཆད་དེ་འདྲ་འཁེལ་མཁན་ལས་ཁུངས་ནང་ཉར་ནས་བྱས་ཉེས་བསགས་པའི་ལས་ཀ་བྱ་རྒྱུའི་གཏན་འབེབས་ཀྱང་བྱས་ཡོད་ཅིང་། རྩིས་སྤྲོད་དོ་དམ་བྱེད་རིང་ལས་གནས་མི་འཁུར་བ་མ་ཟད། དེའི་ཆབ་སྲིད་ཀྱི་ཁེ་དབང་ཡང་བཙན་འཕྲོག་བྱས་ཡོད། འོན་ཀྱང་སློབ་སྦྱོང་གི་གོ་སྐབས་སྤྲད་ནས་དགོས་ངེས་ཀྱི་འཚོ་བའི་མཁོ་སྤྲོད་འགན་ལེན་བྱས་ཡོད། སྤྱི་ལོ1952ལོའི་ཟླ4པའི་ཚེས21ཉིན་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་ཁྱབ་བསྒྲགས་བྱས་པའི་《ལྐོག་ཟར་ཉེས་ཆད་གཅོད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲོལ་ཡིག》ནང་རྩིས་སྤྲོད་དོ་དམ་དེ་ཉེས་ཆད་རིགས་ཤིག་ཏུ་གཏན་འབེབས་བྱས་ཡོད། ཁྲིམས་ལུགས་གཅིག་གྱུར་ཡོང་ཆེད། སྤྱི་ལོ1956ལོའི་ཟླ11པའི་ཚེས16ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཏན་འབེབས་བྱས་དོན། གསར་བརྗེར་ངོ་རྒོལ་པ་དང་ཉེས་ཅན་གཞན་དག་ཚང་མ་མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་དཔྱད་མཚམས་བཏང་སྟེ་སྤྱི་བདེ་ལས་ཁུངས་ལ་ལག་བསྟར་བྱ་རྒྱུར་སྤྲོད་དགོས། རྩིས་སྤྲོད་དོ་དམ་དེ་རིགས་ཉེས་ཆད་ཀྱི་རིགས་ཤིག་ཡིན་ལ། བཅིངས་འགྲོལ་ས་ཁུལ་གྱི་མི་དམངས་དམངས་གཙོའི་སྲིད་དབང་གི་དུས་སྐབས་སུ་གསར་དུ་བཏོད་པའི་ཉེས་ཆད་གསར་པའི་རིགས་བཅས་འདུས། 

(1)འདི་ནི་ལོག་སྤྱོད་པས་སྲིད་གཞུང་ལ་ཐོ་འགོད་བྱས་རྗེས། ས་གནས་དེ་གའི་སྲིད་གཞུང་དང་མང་ཚོགས་ལ་ལྟ་སྐུལ་དང་བསྒྱུར་བཀོད་བྱེད་དུ་བཅུག་སྟེ། ཉིན་རེའམ་གཟའ་འཁོར་རེར་དམིགས་འཛུགས་ལས་ཁུངས་ལ་དེའི་བྱ་སྤྱོད་སྙན་སེང་ཞུ་དགོས་པ་དང་། དེའི་རང་དབང་ལ་ཚོད་འཛིན་བྱ་དགོས། 

(2)དེ་ནི་བཅིངས་འགྲོལ་ས་ཁུལ་གྱི་དམངས་གཙོའི་སྲིད་དབང་གིས་ཉམས་མྱོང་ཕྱོགས་བསྡོམས་བྱས་ཏེ། གསར་བརྗེ་ངོ་རྒོལ་པ་འབོར་ཆེན་ཐག་གཅོད་དང་བསྒྱུར་བཀོད་བྱེད་པའི་དགོས་མཁོ་དང་འཚམ་པར་བྱས་ཏེ། ལོག་སྤྱོད་དམ་གཏོར་བཤིག་པ་འགའ་ཤས་མང་ཚོགས་ལ་ལྟ་སྐུལ་དང་བསྒྱུར་བཀོད་བྱེད་པར་སྤྲད་པའི་བྱེད་སྟངས་དེ་ལམ་ལུགས་ཅན་དུ་བསྒྱུར་ནས་མིང་བཏགས་པ་ཞིག་རེད། 

(3)སྲིད་དབང་སྒེར་འཛིན་ལ་ངོ་རྒོལ་དང་ཉེས་ཅན་བསྒྱུར་བཀོད་བྱེད་པའི་རྣམ་པ་བཟང་པོ་ཞིག་རེད། 

དཔྱད་གཞིའི་ཡིག་ཆ།